བྲག་སོག་པོའི་རི་ཁྲོད།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-05 13:48:44     རྩོམ་པ་པོ།   རྡོར་ཕྲུག་སོགས།    ཀློག་ཐེངས།  

              

484118934825303156.jpg

        བྲག་སོག་པོ་ཞེས་པའི་གནས་རྙིང་འདི་རི་ཁྲོད་འདི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དམེ་ཤིས་ཡུལ་ཚོའི་ཁོངས་གཏོགས་དམེ་རྒྱ་སྡེ་བའི་ཡས་ཀྱི་སྤྱི་ལེ་གཉིས་གསུམ་མཚམས་སུ་མཐོང་བ་དོན་དང་ལྡན་པར་གདུལ་བྱའི་བསོད་ནམས་ཀྱི་ཞིང་དུ་ལྷུན་གྱིས་གྲུབ་པ་ལགས།   

གནས་རྙིང་རི་ཁྲིད་འདི་ཧ་ལམ་རབ་བྱུང་བཅུ་གསུམ་པའི་ནང་ཙམ་དུ་ཕུག་སྡེ་དཀོན་མཆོག་རྒྱལ་མཚན་གྱིས་བཏབ།   འཁོར་ལོ་བདེ་མཆོག་གི་རྣལ་འབྱོར་ལ་བརྩོན་མཁན་མཐའ་དག་གིས་སྒྲུབ་གནས་ཤིག་ཡིན་པ་མ་ཟད།    གྲུབ་དབང་ཀིརྟི་རིན་པོ་ཆེ་གནས་འདིར་ཕེབས་ཏེ།     མདོ་སྨད་བོད་ཆེན་རོང་ཁམས་ཡུལ་ལྗོངས་ཀྱི།   །     གནས་འདིར་ལུས་ངག་ཡིད་ཀྱིས་དགེ་བའི་ལས།   །      ཁྱེད་པར་གསང་སྔགས་ཟབ་མོའི་ཉམས་ལེན་ལ། ། འབད་ན་གནས་དུས་གཞན་ལས་འགྱུར་ཆེ་ཞིང་།   །    ཞེས་གསུངས་པའི་ཤིས་བརྗོད་ཀྱི་མེ་ཏོག་ཆར་དུ་ཕབ་ཅིང་།   བྱིན་རླབས་ཀྱི་གཏེར་དུ་བསྒྲུབས།    ཀུན་མཁྱེན་སྐུ་ཕྲེང་བཞི་བ་ཆེན་པོ་སྐལ་བཟང་ཐུབ་བརྟན་དབང་ཕྱུག་དཔལ་བཟང་བོ་མཆོག་ཡུ་ཡོས༡༩༠༣ལོར་གནས་འདིར་ཕེབས་གནང་མཛད་དེ་བདེ་མཆོག་རྐང་བརྒྱད་དང་།   སྒྲོལ་མ།   གནས་བདུན་ནས་ཞིང་ཤམྦྷ་ལའི་སྨོན་ལམ་གསུང་བཞིན་སྟེང་གི་ཨ་ཡིག་སོགས་ལ་གཟིགས་ཏེ།    སྐུ་འབུམ་སོགས་ལ་བསྐོར་བ་ཕེབས་སྐབས་སུ་སྐྱེ་བོ་ཕོ་མོ་མང་བོས་མ་ཎི་དབྱངས་སུ་འཐེན་ཚུལ་སོགས་ཀུན་མཁྱེན་བཞི་བའི་རྣམ་ཐར་དུ་གསལ།   གང་ལྟར་སྒྲུབ་གནས་ཁྱད་པས་ཅན་ཞིག་ཡིན་ཞིང་།    སྒྲུབ་ཁང་རྟེནནདང་བརྟེན་པར༡༩༥༨ལོར་ཆག་འཇིག་བྱུང་།   དེང་སྐབས་སྒྲུབ་ལ་གཞོལ་མཁན་འགའ་ཞིག་གནས་ཤུལ་དུ་བཞུགས་ལགས་སོ།།    

ཀྲུང་གོའི་བོད་བརྒྱུད་ནང་དགོན་དཀར་ཆག་ལས་ཀན་སུའུ་གླེགས་བམ་ལས་བཤུས། ཡིག་གཏག་པ་ཀུན་ཕན།

  གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།