ཕར་ཕྱིན་སྐབས་བརྒྱད་ཀྱི་མཚམས་སྦྱར་སྐོར།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-11 21:49:12     རྩོམ་པ་པོ།   ལྷ་རམས་པ་འཇིགས་མེད་རྒྱ་མཚོ།     ཀློག་ཐེངས།  

微信图片_20200707190744.jpg


        རྒྱན་གྱིས་མདོ་འཆད་པའི་བཤད་ཐབས་ལྔའི་མཚམས་སྦྱར་རྒྱན་གྱིས་ཤུགས་ལ་བསྟན་པ་རྣམས་སློབ་དཔོན་གྱིས་གསལ་པར་བཀོད་པ་དང་།མ་བཀོད་ཀྱང་དོན་གྱི་ཐོབ་པ་ཅི་ཡོད་ཅེ་ན།འགྲེལ་བས་རྒྱན་འཆད་ཚུལ་གྱི་དབང་དུ་བྱས་ཏེ་ངོས་བཟུང་ན།མཆོད་བརྗོད་དང་བཅས་པའི་སྐབས་དང་བོ་ལ་ཚིག་ཟིན་མཚམས་སྦྱོར་ཉེར་བརྒྱད་དང་། དོན་ཐོབ་བཅུ་གཅིག སྐབས་གཉིས་པ་ལ་ཚིག་ཟིན་ཉེར་བཞི། དོན་ཐོབ་དྲུག གསུམ་པ་ལ་ཚིག་ཟིན་བཅུ་བཞི། བཞི་བ་ལ་ཚིག་ཟིན་སོ་དགུ་དང་། དོན་ཐོབ་གསུམ། ལྔ་བ་ལ་ཚིག་ཟིན་སུམ་ཅུ་དང་། དྲུག་པ་ལ་ཚིག་ཟིན་གཅིག   བདུན་པ་ལ་ཚིག་ཟིན་དྲུག བརྒྱད་པ་ལ་ཚིག་ཟིན་བཅོ་ལྔ། བར་བ་ལ་ཚིག་ཟིན་གཅིག བསྡུས་པ་ལ་ཚིག་ཟིན་གཅིག ཁྱོན་བསྡོམས་ཚིག་ཟིན་མཚམས་སྦྱོར་བརྒྱ་དང་ང་དགུ། དོན་ཐོབ་ཉི་ཤུ་བཅས་བསྡོམས་ན་བརྒྱ་དང་དོན་དགུ་ཡོད་ལ། འདི་ཞིབ་རྩིས་ལྟ་བུ་ཡིན། དཀྱུས་གཅིག་ཏུ་བསྟན་པ་རྣམས་སོ་སོར་མ་བྱས་ཤིང་ཕྱི་འགྲེལ་དུ་བསྟན་པ་མ་བགྲང་ན་ཚིག་ཟིན་བརྒྱ་དང་ཞེ་བཞི། དོན་ཐོབ་ཉེར་གཅིག་བཅས་ཁྱོན་བསྡོམས་བརྒྱ་དང་རེ་དྲུག་ཡོད། འདི་རགས་རྩིས་ལྟ་བུ་ཡིན་ནོ། །འོན་ཀྱང་སྐབས་གཉིས་པ་དང་བཞི་བའི་དོན་ཐོབ་ལ་དཔྱད་གཞི་ཆེ། འོ་ན་སློབ་དཔོན་ཆོས་ཤེས་འགོག་སྐབས་གསེར་ཕྲེང་ལས། དང་བོ་ལྟར་ན་སྐབས་དང་བོ་ལ་ཉེར་ལྔ་ལས་མེད་པའི་ཕྱིར་གྲངས་མང་ལ། ཞེས་སོགས་ཇི་ལྟར་ཡིན་ཞེ་ན། ཆོས་བཤེས་ཀྱིས་ཕྱི་མ་ལྟར་བཞེད་པ་གཞིར་བྱས་ནས་བཀག་པས་སྔ་མ་དང་མི་འགལ་ལོ། །དཀྱུས་གཅིག་ཏུ་བསྟན་པ་རྣམས་སོ་སོར་ཇི་ལྟར་ཕྱེ་ན།

      སྐབས་དང་བོའི་སྐབས་ཀྱི་གོ་རིམ་ངེས་པའི་མཚམས་སྦྱོར་དང་སེམས་བསྐྱེད་ཀྱི་ངོ་བོ་མཚམས་སྦྱོར་གཉིས་འགྲེལ་བས་དཀྱུས་གཅིག་ཏུ་བསྟན་ཀྱང་སོ་སོར་ཕྱེ། དེ་བཞིན་དུ་སྒྲུབ་པ་སྤྱི་དང་གོ་སྒྲུབ་གཉིས་དང་། སྐབས་གཉིས་པའི་སྒོམ་ལམ་སྤྱི་དང་སྒོམ་ལམ་གྱི་བྱེད་པ་གཉིས་དང། བྱེད་པ་ཅན་གྱི་སྒོམ་ལམ་དང་ཟག་བཅས་སྒོམ་ལམ་དང་མོས་པ་སྒོམ་ལམ་གསུམ་དང་། ཟག་མེད་སྒོམ་ལམ་དང་སྒྲུབ་པ་སྒོམ་ལམ་གཉིས་དང་། སྐབས་བཞི་བར་མཐོང་ལམ་དང་ཕྱིར་མི་ལྡོག་གི་རྟགས་གཉིས་དང་། སྒོམ་ལམ་དང་སྒོམ་ལམ་གྱི་ཟབ་པའི་ཆོས་གཉིས་དང་། སྐབས་ལྔ་བར་མཐོང་ལམ་སྤྱི་དང་རྟོག་པ་སྤྱི་དང་གཟུང་རྟོག་གསུམ་དང་། སྒོམ་ལམ་དང་གཟུང་རྟོག་གཉིས་དང་། བདུན་པའི་གོ་རིམ་ངེས་པ་དང་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་སྦྱོར་གཉིས་དང་། བརྒྱད་པའི་གོ་རིམ་ངེས་པ་དང་ངོ་བོ་ཉིད་སྐུ་གཉིས་ཀྱི་མཚམས་སྦྱོར་རྣམས་དཀྱུས་གཅིག་ཏུ་བསྟན་ཀྱང་སོ་སོར་ཕྱེ་ཞིང་།

      སྐབས་དང་བོ་འཛིན་རྟོག་དང་སྐབས་བཞི་བའི་གཞི་ཤེས་ཀྱི་རྣམ་པའི་མཚམས་སྦྱོར་གཉིས་ཕྱི་འགྲེལ་དུ་བསྟན་ཀྱང་མཚམས་སྦྱོར་ཡིན་པས་གྲངས་དེ་ལྟར་འདྲེན་པ་ཕལ་ཆེར་ལ་མཐུན་གྲུབ་གྲགས་ཆེའོ། །དེ་ཡང་གསེར་ཕྲེང་ལྟར་ཡིན་པས་འཁྲུལ་བ་མེད་སྙམ། ཁ་ཅིག་དོན་འཐོབ་ཉེར་གཅིག་ཡོད་ཏེ། གཟུང་རྟོག་གཉིས་ལ་ཡང་མཚམས་སྦྱོར་གཉིས་ཅིའི་ཕྱིར་མི་ཐོབ་ཅེས་གསུངས་པའི་ཕྱིར་ཟེར་ན། འཛིན་རྟོག་གི་ཕྱི་འགྲེལ་གྱི་མཚམས་སྦྱོར་མི་འདྲེན་ན་མི་རུང་བ་མེད་ཀྱང་། འཛིན་རྟོག་གི་ཕྱི་འགྲེལ་མཚམས་སྦྱོར་ཚིག་ཟིན་མཚམས་སྦྱོར་དུ་འདྲེན་བཞིན་དུ་དོན་འཐོབ་ཉེར་གཅིག་འདྲེན་པ་ནི་མི་འཐད་པ་ཉིད་དོ། །

             དཔྱད་གཞིའི་དོགས་པ་ནི། སྐབས་གཉིས་པའི་ངེས་འབྱེད་བཞི་ཚན་གཉིས་དང་། སྐབས་བཞི་བའི་ངེས་འབྱེད་བཞི་སྟོན་པའི་རྩ་བ་འགྲེལ་བས་འཆད་སྐབས་གཞུང་ཚན་པ་གསུམ་དུ་བྱས་ནས་འགྲེལ་བ་ལས། གཞུང་ཚན་བཅུ་གཉིས་སུ་ཕྱེ་ནས་མ་བཤད་པས། ཚིག་ཟིན་མཚམས་སྦྱོར་གསུམ་ལས་དོན་ཐོབ་མཚམས་སྦྱོར་དགུ་མི་ཐོབ་ཏེ། གཞན་དུ་ན་སྐབས་དང་བོའི་དྲོད་ཀྱི་དམིགས་རྣམ་ཆེ་འབྲིང་ཆུང་གསུམ་ལ་ཡང་མཚམས་སྦྱོར་གསུམ་ཅིའི་ཕྱིར་མི་ཐོབ། དེ་བཞིན་དུ་དེ་འདྲ་བ་ཆེས་མང་བའི་ཕྱིར་ཟེར་ན་ཅི་ཟེར། ཡང་སྐབས་དང་བོའི་ངེས་འབྱེད་སྤྱིའི་མཚམས་སྦྱར་བྱུང་ཡང་དྲོད་ཀྱི་མཚམས་སྦྱར་དངོས་སུ་མ་བྱུང་ལ། སའི་ཡོངས་སྦྱོང་སྤྱིའི་མཚམས་སྦྱོར་བྱུང་ཡང་ས་དང་བོའི་ཡོངས་སྦྱོང་ལ་མཚམས་སྦྱར་དངོས་སུ་མ་བྱུང་བས་དོན་གྱིས་ཐོབ་དགོས་པས་སྐབས་དང་བོ་ལ་དོན་ཐོབ་བཅུ་གསུམ་དུ་འགྱུར་བ་མ་ཡིན་ནམ། ཡང་སྐབས་བརྒྱད་པའི་སྐབས་ཀྱི་གོ་རིམ་ངེས་པ་དང་སྐུ་བཞི་སྤྱིའི་མཚམས་སྦྱོར་དང་ངོ་བོ་ཉིད་སྐུའི་མཚམས་སྦྱོར་གསུམ་བྱས་ནས་སྐབས་བརྒྱད་པ་ལ་ཚིག་ཟིན་མཚམས་སྦྱོར་བཅུ་དྲུག་ཅིའི་ཕྱིར་མ་བྱས།

  སྐབས་དང་པོའི་མཚམས་སྦྱར།

       ༡ འཕགས་པ་ནས་འཚལ་བ། ༢ སྐྱེ་བོ་ནས་གསུངས་ཏེ། ༣ དེ་ལྟར་ནས་གསུངས་ཏེ། ༤ དེ་ལྟར་ནས་བཞེད་དེ། ༥ སེམས་བསྐྱེད་ནས་བཅས་པ། ༦ ཡང་གང་ནས་ཞེ་ན། ༧ དེ་ལྟར་ནས་བཅད་པ། ༨ དབྱེ་བ་ནས་ངག་སྟེ། ༩ དགེ་འདུན་ནས་གཉིས་སོ། །༡༠ ལས་དང་ནས་ཡན་ལག ༡༡ དམིགས་པ་ནས་བཤད་དེ། ༡༢ རྣམ་པར་ནས་བཅད་པ། ༡༣ དེ་ལ་ནས་ཡིན་ཏེ། འདི་ཕྱི་འགྲེལ། ༡༤ ཚིགས་སུ་ནས་བཅད་པ། ༡༥ སྒྲུབ་པ་ནས་གྱུར་པ།༡༦ གལ་ཏེ་ནས་བཅད་པ། ༡༧ ཞེས་བྱ་ནས་གཞན་དུ། ༡༨ ཇི་སྐད་ནས་ཞེ་ན། ༡༩ དམིགས་པ་ནས་བྱ་བ། ༢༠ དེ་ལྟར་ནས་པ་སྟེ། ༢༡ དེ་ལྟར་ནས་གསུངས་པ། ༢༢ དེ་ལྟར་ནས་སྒྲུབ་པ། ༢༣ དེ་ལྟར་ནས་སྒྲུབ་པ། ༢༤ ས་ཡི་ནས་གསུངས་པ། ༢༥ དོན་གྱིས་ནས་པའི་ཕྱིར། ༢༦ རྒྱུའི་ས་ནས་མཚན་ཉིད། ༢༧ གཉེན་པོ་ནས་བཅད་པ། ༢༨ དེ་ལྟར་ནས་སྒྲུབ་པ།

སྐབས་གཉིས་པའི་མཚམས་སྦྱར།

     ༡ རྣམ་པ་ནས་པ་ཉིད། ༢ དེ་ལྟར་ནས་ཀྱི་ལམ། ༣ བདེན་པ་ནས་མཐུན་པ། ༤ ཉན་ཐོས་ནས་སྒྲུབ་པ། ༥ ཡང་ཇི་ནས་བསུ་བར། ༦ དེ་ལྟར་ནས་ཀྱི་ལམ། ༧ ངེས་པར་ནས་མཐུན་པ། ༨ རང་སངས་ནས་དཔའི་ལམ། ༩ རྣམ་པ་ནས་ཞེ་ན། ༡༠ མཐོང་བའི་ནས་པ་ལས། ༡༡ བརྗོད་པར་ནས་བྱེད་པ། ༡༢ བྱེད་པའི་ནས་གཉིས་སོ། །༡༣ དེའི་ཕྱིར་ནས་བྱ་བ། ༡༤ རྣམས་ཀྱི་ནས་བྱ་བ། ༡༥ དེ་སྒོམ་ནས་བསྔགས་པ། ༡༦ དེ་ལྟར་ནས་བྱ་བ། ༡༧ དེ་ལྟར་ནས་བྱ་བ། ༡༨ ཟག་པ་ནས་གཉིས་སོ། །༡༩ དེའི་ཕྱིར་ནས་པའི་ལམ། ༢༠ དེའི་འོག་ནས་མཚན་ཉིད། ༢༡ དེ་ལྟར་ནས་པ་སྤྱིར། ༢༢ རྣམ་པར་ནས་པར་དུ། ༢༣ ལམ་ཤེས་ནས་ཞེ་ན། ༢༤ ཇི་ལྟར་ནས་ཞེ་ན། 

  སྐབས་གསུམ་པའི་མཚམས་སྦྱར།

༡ གཞི་ཐམས་ནས་པ་ཉིད། ༢ ལུགས་ལས་ནས་ཞེ་ན། ༣ དེ་ལྟར་ནས་ཡིན་པར། ༤ བྱང་ཆུབ་ནས་ཡིན་པར། ༥ ཡང་ཇི་ནས་ཞེ་ན། ༦ འོ་ན་ནས་ཞེ་ན། ༧ ཡང་ཇི་ནས་ཞེ་ན། ༨ ཡང་དེ་ནས་ཞེ་ན། ༩ དེ་ལྟར་ནས་བསྡུ་བར། ༡༠ དེ་ལྟར་ནས་སྦྱོར་བ། ༡༡ མཉམ་པ་ནས་པ་ཉིད། ༡༢ སྦྱོར་བའི་ནས་བའི་ལམ། ༡༣ བདེན་པའི་ནས་ཞེ་ན། ༡༤ དེ་ལྟར་ནས་བསྡུ་བར།   

  སྐབས་བཞི་བའི་མཚམས་སྦྱར།

༡ ཐམས་ཅད་ནས་རྟོགས་པ། ༢ རྣམ་པ་ནས་པར་དུ། ༣ དེ་ལ་ནས་བྱས་ནས། འདི་ཕྱི་འགྲེལ། ༤ དེའི་འོག་ནས་རྣམ་པ། ༥ དེའི་འོག་ནས་རྣམ་པ། ༦ སྦྱོར་བ་ནས་བ་པོ། ༧ དེ་ལྟར་ནས་སྦྱོར་བ། ༨ ཡོན་ཏན་ནས་ཡོན་ཏན། ༩ དེའི་འོག་ནས་བའི་སྐྱོན།    ༡༠ གོ་རིམ་ནས་མཚན་ཉིད། ༡༡ དེ་ལ་ནས་སྒོ་ནས། ༡༢ དེའི་འོག་ནས་སྒོ་ནས། ༡༣ དེའི་འོག་ནས་སྒོ་ནས། ༡༤ དེ་ལྟར་ནས་མཚན་ཉིད། ༡༥ ཡང་བསམ་ནས་གསུམ་པོ། ༡༦ ཁྱད་པར་ནས་མཚན་ཉིད། ༡༧ བྱེད་པའི་ནས་མཚན་ཉིད། ༡༨ ཐར་བའི་ནས་མཐུན་པ། ༡༩ མཁས་པ་ནས་བཅད་པ། ༢༠ ཐར་བའི་ནས་འབྱུང་བས། ༢༡ ཕྱིར་མི་ནས་མཚན་ཉིད། ༢༢ དེ་རྣམས་ནས་མཚན་ཉིད། ༢༣ ཡང་ལྡོག་ནས་དྲུག་པོ། ༢༤ ངེས་པར་ནས་མཚན་ཉིད། ༢༥ བར་སྐབས་ནས་གསུངས་པ། ༢༦ སྐད་ཅིག་ནས་པ་ནི། ༢༧ དེའི་འོག་ནས་པ་ལས། ༢༨ ལུགས་ལས་ནས་ཁྱད་པར། ༢༩ དེ་ལྟར་ནས་གྱི་གཞི། ༣༠ དེ་རྣམ་ནས་ཅེ་ན། ༣༡ རྒྱལ་བའི་ནས་ཞེ་ན། ༣༢ སྟོང་བ་ནས་བསུ་བར། ༣༣ དེ་ལྟ་ནས་འདི་ལྟར། ༣༤ དེ་ལྟ་ནས་བསུ་བར། ༣༥ དེ་པས་ནས་ཡིན་པས། ༣༦ ཇི་སྐད་ནས་ཞེ་ན། ༣༧ སློབ་པའི་ནས་པ་ཉིད། ༣༨ གཉིས་ཀ་ནས་དག་པ། ༣༩ རང་གི་ནས་མཁས་པ།   

  སྐབས་ལྔ་བའི་མཚམས་སྦྱར།

༡ རྣམ་པ་ནས་རྟོགས་པ། ༢ དེ་ལྟར་ནས་འཕེལ་བ། ༣ དེ་ལྟར་ནས་བརྟན་པ། ༤ དེ་ལྟར་ནས་གནས་པ། ༥ ངེས་པར་ནས་ཡིན་ཏེ། ༦ དེ་ལ་ནས་ཡོད་པས། ༧ རེ་ཞིག་ནས་གཉིས་པོ། ༨ དེ་ལྟར་ནས་གཉིས་པོ། ༩ གཟུང་བའི་ནས་ཞེ་ན། ༡༠ གཟུང་བའི་ནས་ཞེ་ན། ༡༡ སོ་སོ་ནས་ཞེ་ན། ༡༢ འཛིན་པར་ནས་ཞེ་ན། ༡༣ དེ་ལྟར་ནས་བཅད་པ། ༡༤ གང་གི་ནས་ཆེན་པོ། ༡༥ གང་གི་ནས་གསུངས་པ། ༡༦ དེ་ལྟ་ནས་གསུངས་པ། ༡༧ དེ་ལྟར་ནས་པའི་ཕྱོགས། ༡༨ དེ་ལྟར་ནས་ལམ་ཉིད། ༡༩ དེ་ལ་ནས་གསུངས་པ། ༢༠ དེ་ལྟར་ནས་པའི་ལམ། ༢༡ དེ་ལྟར་ནས་དགོས་པས། ༢༢ རེ་ཞིག་ནས་དང་བོ། ༢༣ དེ་ལྟར་ནས་གཉིས་པ། ༢༤ དེ་ལྟར་ནས་དང་བོ། ༢༥ དེ་ལྟར་ནས་གཉིས་པ། ༢༦ ཇི་ལྟར་ནས་གསུངས་པ། ༢༧ སྔ་མ་ནས་གསུངས་པ། ༢༨ སྒོམ་པ་ནས་ངེ་འཛིན། ༢༩ དེའི་དམིགས་ནས་གསུངས་པ། ༣༠ བློའི་ནོར་ནས་རྟོག་པ

  སྐབས་དྲུག་པའི་མཚམས་སྦྱར།

༡ རྩེ་མོ་ནས་རྟོགས་པ།

                   སྐབས་འདུན་པའི་མཚམས་སྦྱར།

༡ མཐར་གྱིས་ནས་ཡིན་ཏེ། ༢ དེ་ཡང་ནས་ཆུབ་པ། ༣ ཡང་ཇི་ནས་པའི་དཔེ། ༤ དེ་ལྟར་ནས་ཆུབ་པ། ༥ དེ་ལྟར་ནས་ཆུབ་པ།  ༦ དེ་ལྟར་ནས་ཆུབ་པ།   

                   སྐབས་བརྒྱད་པའི་མཚམས་སྦྱར།

༡ སྐད་ཅིག་ནས་ཡིན་ཏེ། ༢ དེ་ཡང་ནས་ཀྱི་སྐུ། ༣ དེ་ལྟར་ནས་ངོ་བོ། ༤ ཉན་ཐོས་ནས་བཅད་པ། ༥ ཉན་ཐོས་ནས་བཅད་པ། ༦ རྟག་ཏུ་ནས་བཅད་པ། ༧ དེ་ཇི་ནས་པས་དཔེ། ༨ ཡེ་ཤེས་ནས་གསུངས་པ། ༩ དེ་ལྟར་ནས་འབར་བ། ༡༠ མཚན་སུམ་ནས་ལྔ་ནི། ༡༡ རྒྱུ་གྲུབ་ནས་བཅད་པ། ༡༢ རྒྱུ་དེ་ནས་དག་གིས། ༡༣ དེ་ལྟར་ནས་གསུངས་པ། ༡༤ དེ་ལྟར་ནས་མོང་བ། ༡༥ དེ་ལྟར་ནས་ནོ་ཞེས།  

                    བར་བསྡུ་གཉིས་ནི། 

༡ རྒྱས་པ་ནས་བཤད་པ། ༡ བར་མ་ནས་བཤད་པ། སྐབས་དང་བོ་དོན་ཐོབ་བཅུ་གཅིག་ནི། ༡ གཟུགས་སོགས་མི་གནས་དེ་དག་ནི། །ཞེས་སོགས་ཚིག་རྐང་བཅུ་ལ་དང་། ༢ གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །ཅེས་སོགས་ཚིག་རྐང་དྲུག་ལ་དང་། ༣ ཏིང་འཛིན་དེ་ཡི་བྱེད་པ་ཉིད། །ཅེས་སོགས་དྲུག་ལ་དང། ༤ ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །ཅེས་སོགས་བཞི་དང་། ༥ ཐོས་པའི་མི་ངོམ་ཉིད་དང་ནི། །ཞེས་སོགས་དྲུག་དང་། ༦ ནགས་གནས་འདོད་ཆུང་ཆོག་ཤེས་དང་། །ཞེས་སོགས་དྲུག་དང་། ༧ འདྲིས་དང་ཁྱིམ་ལ་འཁྲེན་པ་དང་། །ཞེས་སོགས་བརྒྱད་དང་། ༨ སྤྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །ཞེས་སོགས་བཅུ་དང་། ༩ བདག་དང་སེམས་ཅན་འཛིན་པ་དང་། །ཞེས་སོགས་བཅུ་གཉིས་དང་། ༡༠ སེམས་ཅན་ཀུན་ཡིད་ཤེས་པ་དང་། །སོགས་བརྒྱད་དང་། ༡༡ སྨོན་ལམ་དག་ནི་མཐའ་ཡས་དང་། །སོགས་ཚིགས་རྐང་བརྒྱད་རྣམས་ལ་དོན་ཐོབ་བཅུ་གཅིག་དང་། སྐབས་གཉིས་པའི་འཕགས་པ་ཉན་ཐོས་ལམ་ལ་ནི། །ཞེས་སོགས་བཅུ་གཉིས་དང་།    བཏགས་པའི་ཆོས་ཉིད་མི་འགལ་བར། །སོགས་རྐང་བ་བརྒྱད་དང་། སྐབས་བཞི་བའི་དྲོ་བ་རྣམས་ཀྱི་དམིགས་པ་འདིར། །ཞེས་སོགས་རྐང་བ་བརྒྱད་རྣམས་ལ་དོན་ཐོབ་གསུམ་གསུམ་ཡོད་པས་ཁྱོན་བསྡོམས་དོན་ཐོབ་ཉི་ཤུ་བཅས་ན་རུང་མི་རུང་དཔྱད་པར་ཞུ།

 རྒྱན་ལས།  རྫས་དང་བཏགས་པའི་རྟེན་ཅན་གྱིས། །

           འཛིན་པའང་རྣམ་པ་གཉིས་སུ་འདོད། །

            རང་དབང་བདག་སོགས་ངོ་བོ་དང་། །

              ཕུང་སོགས་རྟེན་ལས་དེ་བཞིན་ནོ། །

ཞེས་པའི་གཞུང་ཚན་འདི་ལ། སློབ་དཔོན་གྱིས་ཅི་རིགས་པར་གསལ་བར་བཀོད་པ་ཞེས་པའི་གསལ་བར་བཀོད་མ་བཀོད་གཉིས་སམ་ཚིག་ཟིན་དང་དོན་ཐོབ་མཚམས་སྦྱོར་གཉིས་འཇོག་གམ། དེ་ལ་མདོར་བསྡུས་པའི་དོན་ནི་འདི་ཡིན་ཏེ། ཞེས་པའི་འགྲེལ་ཚིག་འདི་རྟོག་པ་རྒྱས་བཤད་ཀྱི་མཚམས་སྦྱོར་ཡིན། འཛིན་རྟོག་གི་མཚམས་སྦྱོར་མ་ཡིན་ཟེར་རམ། དེ་འགྲེལ་བའི་མཚམས་སྦྱོར་ཡིན་གྱི་རྩ་བའི་མཚམས་སྦྱོར་སྟོན་པ་མ་ཡིན་ཟེར་རམ། འགྲེལ་བའི་ཚིག་ཟིན་མཚམས་སྦྱོར་དང་། རྩ་བའི་མཚམས་སྦྱོར་སྟོན་པའི་འགྲེལ་ཚིག་གཉིས་ལ་བརྗོད་བྱ་རྗོད་བྱེད་ལྟ་བུའི་ཁྱད་པར་ཡོད་པ་མ་ཡིན་ནམ། རྩ་བའི་མཚམས་སྦྱོར་དང་འགྲེལ་བའི་མཚམས་སྦྱོར་གཉིས་ཀྱི་ཁྱད་པར་ཡོད་དམ་མེད།

རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

        གསལ་འདེབས།

    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

        དྲ་བའི་སྦྲེལ་ཐགhttp://www.tb1025



བརྒྱུད་འགོད།