ལེགས་བཤད་གསེར་གྱི་ཕྲེང་བའི་མཆོད་བརྗོད་སྐབས་ཀྱི་ས་བཅད་བཞུགས་སོ།།
བླ་མ་དང་རྗེ་བཙུན་ཙོང་ཁ་བ་ཡབ་སྲས་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། དེ་ལ་འདིར་རྗོད་བྱེད་དོན་ལྡན་གྱི་མཚན་བརྗོད་པ། བརྗོད་བྱ་དོན་ལྡན་གྱི་གཞུང་མཛད་པ། མཇུག་གི་དོན་ནོ། ། དང་བོ་ནི། ཤེས་རབ་ནས ྾ ཞེས་བྱ་བའི་བར་རོ།། གཉིས་པ་ལ་གསུམ། རྩོམ་པ་ལ་འཇུག་པའི་བྱ་བ། བརྩམ་བྱ་གཞུང་གི་རང་བཞིན། རྩོམ་པ་མཐར་ཕྱིན་པའི་ཚུལ་ལོ།། དང་བོ་ལ་གཉིས། ཡུལ་ཁྱད་པར་ཅན་ལ་མཆོད་པར་བརྗོད་པ། བརྩམ་བྱ་གཞུང་གི་ཆེ་བ་བརྗོད་པའོ།།
དང་པོ་ལ་གསུམ། རྗེ་བཙུན་ལ་འགྱུར་ཕྱག་དང་མཐུན་པར་ཕྱག་མཚལ་བ། མཆོག་གསུམ་སོགས་ལ་མཆོད་པར་བརྗོད་པ། དམ་པ་གོང་མ་རྣམས་ལ་མཆོད་པར་བརྗོད་པའོ།། དང་བོ་ནི། རྒྱལ་བ་ནས་ ྾ འཚལ་ལོ་བར་རོ།། གཉིས་པ་ལ་གསུམ། རྒྱལ་བའི་ལུགས་བཟང་ལ་ཤིས་བརྗོད་མཛད་པ། ཐེག་ཆེན་གྱི་སྐྱབས་གསུམ་ལ་མཆོད་པར་བརྗོད་པ། ཤེར་ཕྱིན་ལ་བྱིན་བརླབ་ཞུ་བའོ།། དང་བོ་ནི། པད་དཀར་ནས་ ྾ གྱུར་ཅིག་བར་རོ།། གཉིས་པ་ནི། རབ་དཀར་ནས ྾ གཙུག་གིས་མཆོད་བར་རོ།། གསུམ་པ་ནི། དཔག་ཡས་ནས་ ྾ རང་དུ་སྐྱོངས་བར་རོ།།
གསུམ་པ་ལ་གསུམ། བརྒྱུད་པའི་བླ་མ་འགའ་ཞིག་དང་། ཆོས་རྒྱལ་ལོ་པཎ་རྣམས་དང་། ཡོངས་འཛིན་རྣམས་ལ་མཆོད་བརྗོད་མཛད་པའོ།། དང་བོ་ལ་གསུམ། སྦས་དོན་མངོན་རྟོགས་ཀྱི་སྲོལ་འབྱེད་དང་། དེ་མི་ཡུལ་དུ་སྤྱན་འདྲེན་པ་བོ་དང་། དེ་ཉིད་ཡུམ་གསུམ་དང་སྦྱར་ཏེ་འགྲེལ་བ་མཛད་པ་བོ་ལ་མཆོད་བརྗོད་མཛད་པའོ།། དང་བོ་ནི། རྣམ་དག་ནས་ ྾ མགོན་དེ་རྒྱལ་བར་རོ།། གཉིས་པ་ནི། གང་ལ་ནས་ ྾ དེ་ལ་འདུད་བར། གསུམ་པ་ནི། རབ་གསལ་ནས་ ྾ རྒྱན་དུ་གྱུར་བར། གཉིས་པ་ལ་གསུམ། གངས་ཅན་ཡུལ་གྱི་ཐོག་མའི་གནས་ཚུལ་བརྗོད་པ། ལོ་པཎ་དག་གི་ཆེ་བ་བརྗོད་པ། དེ་དག་ལ་སྐྱབས་སུ་སོང་བའོ།། དང་བོ་ནི། ཀཻ་ལ་ནས་ ྾ འཐིབས་པ་འདིར་བར། གཉིས་པ་ནི། རྒྱལ་བའི་ནས་ ྾ བསྒྲུབས་པ་གང་བར། གསུམ་པ་ནི། སྤྲུལ་བའི་ནས་ ྾ སྐྱབས་སུ་མཆི་བར་རོ།།
གསུམ་པ་ལ་གཉིས། བཀའ་དྲིན་མཚུངས་མེད་ཆོས་རྗེ་དོན་གྲུབ་རིན་ཆེན་དང་། ཕར་ཕྱིན་གསན་ཡུལ་གྱི་ཡོངས་འཛིན་རྣམ་བཞི་ལ་མཆོད་པར་བརྗོད་པའོ།། དང་པོ་ནི། དོན་ཟབ་ནས་ ྾ ཞབས་ལ་འདུད་བར། གཉིས་པ་ནི། བློ་གསལ་ནས་ ྾ རྣམ་བཞི་རྒྱལ་བར་རོ།། གོང་གི་ས་བཅད་གཉིས་པ་བརྩོམ་བྱ་གཞུང་གི་ཆེ་བ་བརྗོད་པ་ལ་གསུམ། རྩོམ་པ་བོའི་ཆེ་བ་བརྗོད་པ། བརྩམ་པར་དམ་བཅའ་བ། སྣོད་མིན་སེལ་ཞིང་སྣོད་ལྡན་ལ་ཉན་པར་བསྐུལ་བའོ།། དང་བོ་ནི། ངེས་དོན་ནས་ ྾ ཟླ་ཡིས་དབེན་བར། གཉིས་པ་ནི། དེ་སླད་ནས་ ྾ བདག་གིས་སྤེལ་བར། གསུམ་པ་ནི། ང་མཚར་ནས་ ྾ འགྱུར་བར་ངེས་ཞེས་པའི་བར་རོ།།
ས་བཅད་འདི་དག་ནི་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་དམ་པ་གོང་མའི་གསུང་རྒྱུན་ལྟར་ཟུང་ཆོས་སྐུས ༢༠༡༦.༨.༡༦ལ་བཀོད་པས་གཞན་ལ་ཕན་པར་གྱུར་ཅིག
ཆོས་སྡེ་ཆེན་མོ་རྔ་བ་སྒོ་མང་ནས་བསྐྲུན་པའི་ཤེས་རབ་ཅེས་པའི་སྤྱིའི་དེབ་གྲངས་དང་བོ་ལས་བཤུས་ཏེ་བཀོད།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
