དརྤཎ་ཨ་ཙརྻས་མཛད་པའི་གཤིན་རྗེ་གཤེད་དམར་པོའི་འཚོ་བའི་དེ་ཁོ་ན་ཉིད་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པས་མཆན་འགོད་གནང་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-21 21:07:22     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

157737254349650368.jpg 

           རྒྱ་གར་སྐད་དུ། ཤྲཱིར་ག་ཏཱ་ཡཱ་མཱ་རི་ཛི་བྷཾ་ཏད་ཏྭ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། དཔལ་གཤིན་རྗེ་གཤེད་དམར་པོའི་འཚོ་བའི་དེ་ཁོ་ན་ཉིད་ཅེས་བྱ་བའི་མན་ངག །དཔལ་གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །དག་ཅིང་དྲི་མེད་བདུད་བཞི་འཇོམས། །དཔའ་བོ་གཤིན་རྗེ་གཤེད་བཏུད་དེ། །དཔལ་ལྡན་གཤིན་རྗེ་གཤེད་རྒྱུད་ལས། །སྦས་པ་བླ་མའི་ལུང་གིས་བཤད། །ཕྱི་ནང་གཞན་གྱི་གཤིན་རྗེ་གསུམ་དང་དེ་གསུམ་གྱི་གཤེད་གསུམ་བཤད།.....ཕྱི་དང་ནང་དང་གཞན་རྣམས་ཀྱིས། །དུས་དགྲའི་ཚུལ་འདི་ཤེས་པར་བྱ། །དང་པོ་ཕྱིའི་གཤིན་རྗེ་ནི.....ལྷོ་ཕྱོགས་ས་འོག་རིམ་པ་བདུན། །སྒོ་མེད་མུན་ཁང་བཅུ་དྲུག་གནས། །ཆོས་ཀྱི་རྒྱལ་པོའི་ལས་ཀྱི་འཁོར། །བྱེ་བ་འབུམ་བཅས་གཤིན་རྗེ་སྟེ། །ཕྱིའི་གཤིན་རྗེའི་གཤེད་ནི།.....གྲུབ་པའི་དངོས་གྲུབ་ཕུན་སུམ་ཚོགས། །ཞལ་གཅིག་ཕྱག་གཉིས་ཉི་མའི་མདོག་ལྟར་གསལ། །མ་ཧེ་ལ་བཞུགས་དེ་ཡི་གཤེད་ཡིན་ཏེ། །ལྷར་བཅས་འཇིག་རྟེན་ཀུན་གྱི་གཙུག་གིས་མཆོད། །ཡང་དེའི་ཆ་མཐུན་གཤིན་རྗེ་ནི།.....གདུག་ཅིང་གཏུམ་པའི་སྐྱེ་བོ་གང༌། །ལོག་པར་ལྷུང་བ་གཤིན་རྗེ་ཡིན། །དེའི་གཤེད་ནི།.....སྙིང་རྗེ་ཆེན་པོ་ཁྲོ་ཚུལ་གྱིས། །ཚར་གཅོད་པ་ནི་གཤེད་ཡིན་ནོ། །ནང་གི་གཤིན་རྗེ་ནི་རྩ་ལ་སྦྱར་ན།.....ཀཱ་ལི་ཡ་སྟེ་ཨཱ་ལི་མ། །གཡས་དང་གཡོན་པ་གཤིན་རྗེ་སྟེ། །གསང་བའི་གཤིན་རྗེ་གཤེད་ནི་རྩ་ལ་སྦྱར་ན།.....ཀུན་དྷར་མ་ནི་དབུས་ན་གནས། །གང་ཞིག་གཉིས་སུ་མེད་དེ་གཤེད། །༸རྩ་ནང་གི་གཤིན་རྗེ་རླུང་ལ་སྦྱར་ན།.....ཉི་མ་ཟླ་བའི་ལམ་གཉིས་པོར། །འགྲོ་བ་གང་ཡིན་གཤིན་རྗེ་སྟེ། གསང་བའི་གཤིན་རྗེ་གཤེད་དེ།.....དེ་ཡང་དབུས་སུ་གང་གནས་པ། །ཡེ་ཤེས་དེ་ནི་གཤེད་ཡིན་ནོ། །གསང་བའི་.....དམན་པའི་སྙིང་གི་དབུས་སོང་རྩ། །ཉོན་མོངས་ངོ་བོ་ཉིད་ཡིན་ཏེ། །སྲིད་པའི་རྩ་བ་གཤིན་རྗེར་བཤད། །རྣལ་འབྱོར་བ་ལ་ཚུལ་དེ་ཉིད། །ཡང་དག་ཡེ་ཤེས་ཉིད་དུ་འགྱུར། །དེ་ནི་དེ་ཡི་གཤེད་ཡིན་ནོ། །རྣམ་རྟོག་དབང་དུ་བྱས་པའི་དེ་ནང་གི།.....བཟུང་བ་ཡ་སྟེ་འཛིན་རྟོག་མ། །བཟུང་དང་འཛིན་པའི་ཀུན་རྟོག་ནི། །འཁོར་བའི་རྩ་བ་གཤིན་རྗེ་སྟེ། དེའི་གཤེད་.....ཨ་ནི་རྣམ་པ་སྐྱེ་བ་མེད། །རི་ནི་གང་ཡིན་སྙིང་རྗེའོ། །སྟོང་ཉིད་སྙིང་རྗེ་རོ་གཅིག་མ །མི་གནས་མྱ་ངན་འདས་དེ་གཤེད། །ནང་གི་དེ་ལ་སྦྱར་དགོས་ལ།.....གང་ཞིག་ལུས་ངག་སེམས་ཀྱི་ནི། །སྙིགས་མ་གང་ཡིན་གཤིན་རྗེ་སྟེ། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི། །དག་པར་འགྱུར་བ་གཤེད་ཡིན་ནོ། །མདོར་ན་སྲིད་པའི་ཀུན་རྟོག་ཚོགས། །གང་ཡིན་གཤིན་རྗེ་བརྗོད་པ་སྟེ། །རྣམ་པར་དག་པའི་ཡེ་ཤེས་སྐུ། །ཀུན་མཁྱེན་པ་ནི་གཤེད་དུ་གསུངས། །ལྟེ་སྙིང་.....༸སྤྱི་བོ་ན་རླུང་གི་རླུང་ལྷའི་བུ་ངོ་བོ་རླུང་རྩ་དབྱིབས་བུང་བ་མེ་ཏོག་འཛིན་པ་ལྟ་བུ། དེའི་མིག་གིས་གཟུགས། དེའི་རླུང་གིས་སྒྲ་ཐོས། རླུང་གིས་ཆུས་སྣའི་དྲི། རླུང་གིས་མེས་ལྕེས་རོ། །རླུང་གིས་སས་སྐྲ་སྐྱེད་ཅིང༌། མགྲིན་པར་ཉོན་མོངས་བདུད་ངོ་བོ་མེ་རླུང་དབྱིབས་སྡིག་པ་ལྟ་བུ་བྱེད་ལས་དེའི་མེ་རླུང་ཆུ་སའི་རླུང་བཞིས་ལྕེ་སྐྱེད། སྐད་དང་ཀླད་པ་དང་སོ་དང་རོ་མྱངས་པ་དང་སྐད་གྲུབ་པོ། །སྙིང་གར་འཆི་བདུད་ངོ་བོ་ཆུ་རླུང་རྩ་དབྱིབས་བྱེད་ལྟ་བུ་བྱེད་ལས་དེའི་ཆུ་ས་མེ་རླུང་བཞིས་ཁྲག་དང་སྙིང་དང་དྲོད་དང་དབུགས་སྐྱེད་ཅིང་གཟུང་འཛིན་གཙོ་བོར་སྐྱེད། ལྟེ་བར་ཕུང་བོའི་བདུད་ངོ་བོས་རླུང་དབྱིབས་སྡོམ་ཁ་བགྲད་པ་ལྟ་བུ། བྱེད་ཚུལ་དེའི་ས་མེ་ཆུ་རླུང་བཞིས་རིམ་པས་ལུས་བརྟན་དང་ཟས་འཇུ་དང་ལྟེ་བ་སྲིང་ཟས་འཕེན་འདུད་དང་གཙོ་པོ་དབང་པོ་གཉིས་སྤྲོད། མགྲིན་པ་སྤྱི་བོ་རུ། །མདུད་བཞི་གནས་པ་གཤིན་རྗེ་སྟེ། ། མཐར་བྱེད་བཞི་.....རྩ་འཁོར་དེ་བཞིར་དབུས་དང་རྩ་འདབ་ལ་ཡི་གེ་དང་ཐིག་ལེ་ལྷ་སྒོམ་པས་བདུད་བཞི་མཐར་བྱེད་དགའ་བཞི་དང་ཐོབ་གཤིན་རྗེ་གཤེད་སོགས། ནི་གཤེད་ཡིན་ནོ། །གསང་བའི། ཡ་བ༷་.....ལྟེ་བར་མ་སྙིང་གར་ཡ་མགྲིན་བར་མེ་སྦྱི་བོར་ཀྵེ། སོགས་པའི་ཡི་གེ་ནི། །མ་དག་ལས་ཀྱི་གཤིན་རྗེ་ནི །མི་བཟད་སྲིད་པའི་ལས་ཀྱིས་གཟིར། །དག་པས་དཔལ་ལྡན་དུས་ཀྱི་དགྲ། །སྲིད་པའི་འཆིང་བ་ལས་གྲོལ་ཞིང༌། །དངོས་གྲུབ་བདེ་ཆེན་མཆོག་གཏེར་ཡིན། །ཡ་མ་གཉིས་སུ་འཛིན་པ་སྟེ། །སྤྲོས་མེད་འོད་གསལ་ཨན་ཏར་བརྗོད། །ཀ་ཡིག་བླ་མས་བསྟན་པ་ཉིད། །གཤིན་རྗེ་མཐར་བྱེད་ཅེས་བྱར་གྲགས། །འཚོ་བ་ཞེས་བྱར་སྲོག་ཏུ་བརྗོད། །འཚོ་བའི་དབྱེ་བ་ཞེས་བྱ་བ། །འཇིག་རྟེན་འཇིག་རྟེན་འདས་པའི་སྲོག །འོད་གསལ་རྣམ་པར་མི་རྟོག་པ། །སྲོག་གི་གསང་འདི་གང་གིས་ཤེས། །ཐམས་ཅད་འགྲུབ་ཅིང་རང་དབང་འགྱུར། །གཞན་ཡང་སྲིད་དང་ཞི་བ་ལས། །སྲོག་གི་དེ་བཞིན་གཉིས་སུ་བརྗོད། །དྭངས་མ་དང་ནི་སྙིགས་མར་གནས། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །བླ་མའི་ཐུགས་སུ་ཤེས་བྱ་སྟེ །མི་ཕྱེད་བསྟན་པའི་གུས་པ་ཡིས། །ལྟོས་པ་མེད་པའི་བསྙེན་བཀུར་བྱ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །མི་འགྱུར་བ་ནི་སྲོག་གི་མཆོག །དེ་ལས་གཞན་པའི་བསྐྱེད་པ་ཡི། །ཡིག་འབྲུ་རྣམས་དང་ཕྱག་མཚན་དང༌། །ཕྱག་རྒྱ་སྙིང་པོ་ལ་སོགས་པ། །རྒྱལ་བ་སྲས་བཅས་སྲོག་ཡིན་ཏེ། །དད་པས་ཐུགས་དམ་བསྐུལ་བར་བྱ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །རྣལ་འབྱོར་ལམ་པ་རྣམས་ཀྱི་སྲོག །དངོས་གྲུབ་ཆེན་པོ་འདོད་རྣམས་ཀྱི། །སྲོག་ནི་དམ་ཚིག་སྡོམ་པ་ཡིན། །རྣམ་འབྱོར་བ་རྣམས་བསྒྲུབ་བྱ་བ། །འཇིག་རྟེན་པ་དང་འཇིག་རྟེན་འདས། །ཡོན་ཏན་འབྱུང་ན་སྲོག་གཅིག་པུ། །བྱང་ཆུབ་སེམས་ནི་ཀུན་དར་བརྗོད། །བླ་མའི་ལྷག་པའི་ལྷ་རྣམས་ཀྱི། །བྱིན་རླབས་སྲོག་ནི་མི་ཕྱེད་པའི། །གུས་པས་བརྟན་པོ་མེད་ན་མིན། །དེ་ལས་གཞན་པ་འཇིག་རྟེན་པའི། །འབྱུང་བོ་ཕལ་ཆེར་སྲོག་གི་གནད། །སྲོག་དང་འཚོ་བ་དང་ནི་ཚེ། །འདི་རྣམས་དབྱེ་བས་ཤེས་པར་བྱ། །རྩ་བའི་སྲོག་ནི་སྔོན་བཞིན་ནོ། །ས་སྟེང་འབྱུང་བོ་ཁ་ཅིག་གི །དབུགས་རླུང་སྲོག་ཏུ་ངེས་པ་ཡིན། །འབྱུང་བོ་རྣམས་ཀྱི་རང་རང་གི །བོད་པའི་སྔགས་དང་ས་བོན་དང༌། །མ་ཎི་རྣམས་ནི་སྲོག་ཡིན་ནོ། །སྡེ་ཚན་བཞི་བའི་དང་པོ་ལ །མེས་བརྒྱན་དབྱངས་ཀྱི་གསུམ་པས་བརྒྱན། །འབྱུང་བོ་རྣམས་ཀྱི་སྲོག་ལ་གནས། །དེ་ལས་གཞན་པ་འབྱུང་བོའི་སྲོག །ཁ་ཅིག་གནས་ལ་གནས་པ་ཡོད། །ཞུགས་ཤ་ལ་སོགས་གནས་པ་ནི། །ཁ་ཅིག་རྫས་ལ་བརྟེན་ཏེ་གནས། །ཁ་ཅིག་རང་གི་གྲིབ་མར་གནས། །ཁ་ཅིག་ཕྱི་ཡི་འབྱུང་བར་གནས། །ནོར་བུ་རི་རབ་གོས་ལ་སོགས། །ཁ་ཅིག་སྨན་དང་ཁ་ཅིག་དུག །ཁ་ཅིག་འགྲོ་བ་གཞན་གྱི་གཟུགས། །ས་སྟེང་འབྱུང་པོ་རྣམས་ཀྱི་སྲོག །བདག་གི་རྩ་ལ་གནས་པ་ཡིན། །དེ་ལ་སོགས་པ་དུ་མ་ཡིས། །སྲོག་གི་དབྱེ་བ་སྣ་ཚོགས་པ། །འདི་རུ་བརྗོད་པར་མི་ནུས་སོ། །མི་རྣམས་ཀྱི་ནི་སྲོག་གྱུར་པ །མིང་དང་མིང་ཡིག་དང་པོ་དང༌། །རྣམ་པར་ཤེས་པ་ཚེ་གཟུགས་ཡིན། །གཟའ་དང་རྒྱུ་སྐར་ལ་སོགས་པ། །མདོར་ན་བརྟན་གཡོ་ལ་སོགས་པའི། །སྲོག་ནི་ཕྱི་དང་ནང་དང་གནས། །རྣམ་རྟོག་མ་རིག་ཆེན་པོས་ཏེ། །འཁོར་བར་གནས་པ་རྣམས་ཀྱི་སྲོག །སྟོང་ཉིད་སྙིང་རྗེ་མི་འགྱུར་བདེ །མི་གནས་མྱ་ངན་འདས་པའི་སྲོག །སྲིད་པ་དང་ནི་མྱ་ངན་འདས། །རྩ་ཡི་བདག་ཉིད་ལུས་ལ་གནས། །སའི་རླུང་.....ལྟེ་བ་མེ་རླུང་.....མགྲིན་ཆུ་རླུང་.....སྙིང་རླུང་.....སྤྱི་བོ་ལ། །ལྟེ་བ་.....སའི་རླུང་མགྲིན་.....མེ་རླུང་སྙིང་.....ཆུ་རླུང་སྤྱི་བོ་.....རླུང་ རླུང་མེ་ཆུ་ས་ཞེས་བྱ་བའི་.....རླུང་བཞིསལྟེ་བར་ས་རླུང་གིས.....ཕྲག་དོག་སྙིང་གར་ཆུ་རླུང་གི་.....ཞེ་སྡང་མགྲིན་པར་མེས་.....ཆགས་དང་སྤྱི་བོར་རླུང་གིས་.....རྨོངས། །སྤྱི་བོར་.....ལུས་མགྲིན་པར་.....ངག་ལྟེ་བར་.....ཡིད་གསུམ་སྙིང་གར་དེ་གསུམ་.....མི་ཕྱེད་གནས། །བདུད་བཞི་པོ་ནི་རྣམ་པར་གནས།.....ཚུལ་སྤྱི་བོར་ལྷའི་དང༌། མགྲིན་པར་ཉོན་མོངས། སྙིང་གར་འཆི་བདག ལྟེ་བར་ཕུང་བོའི་གནས་སོ། ། སྡུག་བསྔལ་ཀུན་འབྱུང་ལམ་དང༌འགོག །བདེན་པ་བཞི་ཡི་ངོ་བོ་ཉིད། །དེ་དག་གི་གཉེན་པོ་དགའ་བཞི་དང་དགའ་བཞིའི་རླུང་བཞི་དང༌། ནང་གི་རྩ་འཁོར་བཞི་ནི།.....རྒྱུ་མཐུན་རྣམ་སྨིན་སྐྱེས་བུ་ཅན། །དྲི་མ་མེད་པའི་འབྲས་བུ་བཞི། །སྲིད་པའི་སྐྱེ་གནས་བཞི་པོ་དང༌། །ཨེ་ཝཾ་མ་ཡ་ཡི་གེ་བཞི། །དེ་བཞི་.....དགའ་བཞི་ནི། གཤེད་བཞིའི་ས་བོན།.....ཡ་མ་ར་ཙ་བཞི། །ཤེས་རབ་བཞི་ནི།.....སྤྱན་དང་མ་མ་གོས་དཀར་སྒྲོལ། །ཡུམ་བཞི་པོ་ཡི་རྣམ་པ་སྟེ། །རླུང་བཞི་ནི།.....གཤིན་རྗེ་ཤེས་རབ་པདྨ་དང༌། །བགེགས་ཞེས་གྲགས་པ་མཐར་བྱེད་བཞི། །ཚད་མེད་བཞི་དང༌མཐར་.....དབུས་ཀྱི་ཕྱོགས་བཞིའི་གཏི་མུག་གཞིན་རྗེ་གཤེད་སོགས་བྱེད་བཞི། །དགའ་བ་བཞི་དང་སྐད་ཅིག་བཞི། །དམ་ཚིག་.....ཕྱག་རྒྱ་ལས་.....ཀྱི་ཕྱག་རྒྱ་ཆོས་.....ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེ། །.....ན་པོ་དང། ཕྱག་རྒྱ་བཞི་ཡི་རང་བཞིན་ནོ། །རིགས་བཞི་ཡེ་ཤེས་བཞི་ཡི་དངོས། །སྐུ་.....སྤྱི་བོར་ངོ་བོ་ཉིད་སྐུ།.....མགྲིན་པར་ལོངས་སྐུ།.....སྙིང་གར་ཆོས་སྐུ།.....ལྟེ་བར་སྤྲུལ་སྐུ་སྟེ། བཞི་.....སྤྱི་བོར་མེ་ལོང༌།.....མགྲིན་པར་སོར་རྟོགས།.....སྙིང་གར་ཆོས་དབྱིངས།.....ལྟེ་བར་བྱ་གྲུབ་ཡེ་ཤེས་ཏེ། ཡེ་ཤེས་བཞི་དང་ལྡན། །ཁམས་གསུམ་ལ་སོགས་ཐམས་ཅད་ཀྱི། །བདག་ཉིད་ཆེན་པོ་རྡོ་རྗེ་འཛིན། །བདུད་ཀྱི་བར་ཆད་བསྲུང་པའི་ཕྱིར། །དེ་ཉིད་གསང་བ་བཤད་པར་བྱ། །ཨཱ་ལི་ཀཱ་ལི་སྦྱོར་བ་ཡིས། །ལུས་ངག་ཡིད་གསུམ་བསྲུང་བར་བྱ། །ཕྱི་སྲུང་བ།....བདག་ཉིད་ལྷག་པའི་ལྷར་གསལ་པའི། །ཨཱ་ལི་ཀཱ་ལི་རབ་བརྗོད་པས། །སྤྱི་གཙུག་ནས་ནི་རྐང་མཐིལ་བར། །ཤེས་རབ་ཐབས་ཀྱིས་སྐོར་ཕྱོགས་སུ །མི་ཕྱེད་པར་ནི་བཅིང་བར་བྱ། །ནང་སྲུང་བ།.....ཨཱ་ལི་ཀཱ་ལི་རྩ་གཉིས་པོ། །ཐབས་དང་ཤེས་རབ་ཡི་གེས་བསྲུང༌། །གཉིས་མེད་རྩ་ནི་རྡོ་རྗེས་བསྲུང༌། །ཕྱི་དང་ལུས་ཀྱི་བསྲུང་བའོ.....ནང་གི་བདག་ཉིད་དོ། །ངག་གི་སྲུང་བ་.....རང་གི་གསང་སྔགས་རྒྱལ་པོ་ལ། །ཤེས་རབ་ཐབས་ཀྱི་ཡེ་ཤེས་མཆོག །ཐོག་མ་ནས་ནི་མཐའ་རུ་སྦྱར། །ཨཾ་ཨ་ཧཱུཾ་ཕཊ་སྦྱོར་བ་ཡིས། །ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཡིས། །རང་གི་གསང་སྔགས་བརྟན་པར་འགྱུར། །རང་མིང་རིགས་ཀྱི་ཡི་གེ་དག །ཡང་དང་ཕ་མའི་ནང་བཅུག་སྟེ། །ཨཱ་ལི་ཀཱ་ལི་གཉིས་མེད་པའི། །ཟ་མ་ཏོག་གི་ནང་སོན་པའི། །ལྟེ་བའི་ཆུ་སྐྱེས་འོག་ཏུ་སྦ། །བརྒྱ་བྱིན་གྱིས་ཀྱང་མི་ཚུགས་ན། །ཤ་ཟ་ཕྲ་མོ་སྨོས་ཅི་དགོས། །ཡིད་ཀྱི་སྲུང་བ།.....ཐབས་དང་ཤེས་རབ་རོ་གཅིག་པ། །རྣམ་པར་མི་རྟོག་བདེ་བ་ཆེ། །འོད་གསལ་ཏིང་འཛིན་མཆོག་གི་ནི། །ལྷག་པའི་བསྲུང་བ་གཞན་མེད་དེ། །ས་བཅུ་པས་ཀྱང་མི་ཕྱེད་དོ། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཱཻ། ཨོ་ཨཽ། ཨཾ་ཨཿཨོཾ་ཨཿཨ་ར་པ་ཙ་ན་མུཾ་ཧཱུཾ་ཕཊ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿཤེས་རབ་ཡི་གེས་འཇིག་རྟེན་དང༌། །འདས་པའི་སྒྲུབ་བྱ་དབང་དུ་འགྱུར། །རྟག་ཏུ་སྒྲུབ་པ་པོ་རྣམས་ལ། །ཐབས་ཀྱི་ཡི་གེ་བརྟན་པར་འགྱུར། །ཡི་གེ་བརྒྱ་པའི་སྔགས་ཀྱིས་ནི། །ལྷག་པའི་ལྷ་ནི་མཉེས་པར་བྱ། །བླ་མའི་མན་ངག་རྗེས་འབྲང་འདི། །བློ་ལྡན་སློབ་མས་བསྐུལ་བའི་ཕྱིར །མེ་ལོང་ལྟར་གསལ་བྱས་པ་ལ། །བླ་མ་ལྷར་བཅས་བཟོད་པར་རིགས། །དགེ་བ་གང་དེས་འགྲོ་བ་ཀུན། །བདུད་བཞིའི་དགྲ་ལས་རྒྱལ་གྱུར་ཅིག།།དཔལ་གཤིན་རྗེ་གཤེད་ཀྱི་འཚོ་བའི་དེ་ཁོ་ན་ཉིད་ཅེས་བྱ་བ། རྒྱ་གར་གྱི་པཎྜི་ཏ་དརྤཎ་ཨཱ་ཙརྱའི་ཞབས་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་པཎྜིཏ་དངོས་གྲུབ་བརྙེས་པ། དརྦཎ་ཨཱ་ཙརྱ་དེ་ཉིད་དང༌། གློ་བོ་ལོ་ཙྪ་བ་དགེ་སློང་ཤེས་རབ་རིན་ཆེན་གྱིས། ཆོས་ཀྱི་རྒྱལ་པོའི་སྐུ་མཁར་ཉི་གཟུགས་སུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིར་མ་དཔེ་གཞན་མ་རྙེད་ཅིང༌། རྗེ་ཉིད་ཀྱི་ཕྱག་བྲིས་ཧ་ཅང་འཚུབ་དྲག་པའི་སྟབས་ཀྱིས་ཞིབ་མོར་བཅོས་མ་སྤོབས།

                                                                                                                            རྩོམ་སྒྲིག་པ། མང་ར་བ།

    གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                   དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།