སེམས་བསྐྱེད་མཆོད་པའི་འདོན་བསྒྲིགས་དང་ཟིན་ཐོ་བཞུགས་སོ།
སེམས་བསྐྱེད་མཆོད་པའི་འདོན་ཆའི་གོ་རིམ་ནི། ཐོག་མར་སྐྱབས་འགྲོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ཞེས་སོགས། བླ་མ་ལ་སྐྱབས་སུ་མཆིའོ། ། སོགས་སྐྱབས་འགྲོ་བཞི་སྐོར་བརྒྱའམ་མ་མཐའ་ཉེར་ལྔའམ་འགྲོ་ཚད། ཡི་དམ་དཀྱིལ་འཁོར་གྱི྾།དཔལ་མགོན་དམ་པ྾།ལན་གསུམ། སངས་རྒྱས་ཆོས་ཚོགས་མ་ལན་གསུམ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཚད་མེད་བཞི་བསྒོམ་པ་ལན་གསུམ། ཁྱད་པར་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་ཚེ་འདི་ཉིད་ལ་མྱུར་བ་མྱུར་བར་གདོད་མའི་སངས་རྒྱས་བླ་མ་ལྷའི་གོ་འཕང་མངོན་དུ་བྱས་སོགས་ཁྱད་པར་གྱི་སེམས་བསྐྱེད་ལན་གསུམ།
དེ་ནས། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞེས་པ་ནས། དག་པ་རབ་འབྱམས་འབའ་ཞིག་ཏུ་གྱུར། ཨོཾ་ཧྲཱིཿ་ཥྚྲཱིཿ་ཞེས་སོགས་ནང་མཆོད་བྱིན་རླབས་དང་། མཆོད་པ་ཆུ་བཞི་ཉེར་སྤྱོད་འདོད་ཡོན་ལྔ་དང་བཅས་བྱིན་གྱིས་རླབས། སླར་ཡང་། ཨོཾ་ཨཱཿ་ཧཱུཾ། ལན་གསུམ། ངོ་བོ་ཡེ་ཤེས་ལ་རྣམ་པ་ནང་མཆོད་དང་ཞེས་སོགས། ཕུན་ཚོགས་དགེ་ལེགས་འབྱུང་གནས་དུས་གསུམ་གྱི། ། སོགས་ལན་གསུམ། ཆོས་རྣམས་རང་བཞིན་ཞེས་སོགས། ཀ་མ་ལ་ཡ་སྟྭཾ། ཁྲུས་གསོལ་བྱེད་ན་སྐབས་འདིར་བྱ། མ་བྱས་ཀྱང་རུང་། གང་གི་ཐུགས་རྗེ་བདེ་བ་ཆེན་པོའི་དབྱིངས། ། ཞེས་པ་ནས། ཕྱི་ནང་འདོད་ཡོན་ལྷ་མོས་ཕྱོགས་ཀུན་ཁྱབ། ། དང་པའི་སེམས་ཀྱིས་྾྾།དབུལ་བར་བགྱི། །
དེ་ནས་མཎྜལ་ཉེར་གསུམ་མ་འབུལ། བྱེ་བ་ཕྲག་བརྒྱའི་གླིང་བཞི་ལྷུན་པོར་བཅས། ། ནས། སྦྱངས་རྟོགས་སྦར་བའི་བདུད་རྩི་རྒྱ་མཚོས་མཆོད། ། དེ་ནས་ཚོགས་ནང་མཆོད་ལྟར་བྱིན་གྱིས་རླབས། མཆོད་པ་ཆུ་བཞི་ཉེར་སྤྱོད་འདོད་ཡོན་ལྔ་དང་བཅས་པ་བྱིན་གྱིས་རླབས། སླར་ཡང་། ཨོཾ་གུ་རུ་བུ་དྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨགྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷུ་པེ་སོགས། ཨོཾ་གུ་རུ྾།རཱུ་པ། ནས། སྤརྴཨཱི་བར། ཨོཾ་གུ་རུ྾།མཧཱ་ས་པྟ་རཏྣ་པྲ་ཏི་ཙྪ་སྭཱ་ཧཱ། ཨོཾ་མཆོད་དོ། ། ཕྱོགས་བཅུ་དུས་གསུམ་གྱི་ཞེས་སོགས་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ། སྙན་གསན་ཕུལ། ཧོ་ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་པའི། ། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག ། ཡིད་འོང་ལང་ཚོའི་དཔལ་འཛིན་དྲུག་ཅུ་བཞི། ། ནས་ནམ་མཁའ་ཇི་སྲིད་འབངས་སུ་བཟུང་དུ་གསོལ། ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ། ྾྾྾།ལན་གསུམ།
བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། ། ཞེས་སོགས་ལན་གསུམ། ལྟུང་བཤགས་སྤྱི་བཤགས་ལན་གསུམ་རེ། ཐོག་མེད་དུས་ནས་མི་དགེ་སྡིག་པའི་ལས། ནས་ཟབ་རྒྱས་ཆོས་ཀྱི་ཆར་བ་དབབ་དུ་གསོལ། ། བློ་བཟང་དང་པོའི་སངས་རྒྱས་རྡོ་རྗེ་འཆང་། ། ཞེས་པ་ནས། འགྲོ་ཀུན་འདྲེན་པའི་དཔལ་དུ་བདག་གྱུར་ཅིག།
རྒྱལ་བ་ཁྱབ་བདག྾།ཞབས་ཀྱི་པདྨོའི་དྲུང་དུ། བསྟན་པ་དང་བདག་སོགས་འགྲོ་བའི་མགོན་སྐྱབས་དཔུང་གཉེན་དམ་པར་ཞབས་པད་བསྐལ་བ་རྒྱ་མཚོའི་བར་དུ་བརྟན་པར་བཞུགས་པར་ཞུས་པའི་ཡོན་དུ་ཞིང་ཁམས་འབུལ་བར་ཞུ། ཞེས་སོགས་མཎྜལ་རྒྱས་པ་ཕུལ། རྡོ་རྗེའི་སྐུ་ལ་྾྾྾།ལན་གསུམ། ཨི་དཾ་གུ་རུ྾།
བླ་མ་རྣམས་ལ་གསོལ་བ་འདེབས། ནས། འཕྲིན་ལས་ཆུ་བོའི་རྒྱུན་བཞིན་བཞུགས་སུ་གསོལ། ། དེ་ལྟར་བསྐྲུན་པའི་ནས་ཐོབ་ཕྱིར་བསྔོ། ། མཎྜལ་སོ་བདུན་མ་འབུལ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། ། ཞེས་སོགས་དམིགས་བརྩེ་མ་ཅི་མང་། ཚེ་རབས་ཀུན་ཏུ྾།མ་གྱུར་ཅིག །
ཡོན་ཏན་བྱུང་གནས྾།ཞེས་པ་ནས། འབད་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྩོལ། ། མགོན་ཆོས་གཉིས་ཀྱི་གཏོར་མ་བསྔོ། མཁའ་འགྲོ་སྤྱི་གཏོར། གཞི་བདག་གཏོར་མ་བསྔོས་ལ། དེ་ལྟར་གསོལ་བ་བཏབ་པས་བླ་མ་མཆོག ། ཞེས་པ་ནས་ཤིས་བརྗོད་ཀྱི་བར་བྱའོ། །
དེ་ནས་ཚོགས་ཐེབས་གཉིས་པར། ཐོག་མར་སློབ་དཔོན་གྱིས་བསྐུལ་ཏེ། མདོ་ཚར་གསུམ་བཟློག་པ་དང་བཅས་པ། བགེགས་རིགས་སྟོང་ཕྲག་྾྾རྒྱལ་བ་ཁྱབ་བདག྾།ཐེག་པ་ཆེན་པོའི་གསུང་ཆོས་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་རྒྱས་པ་ཕུལ། སློབ་དཔོན་གྱིས་བསྐུལ་ཏེ། ལམ་རིམ་གསོལ་འདེབས། ཡོན་ཏན་གཞིར་གྱུར་མ། སངས་རྒྱས་ཆོས་ཚོགས་མ་ལན་གསུམ།
དེ་ནས་ཚོགས་ཞིང་གསལ་འདེབས་སོགས་ཀྱི་གསུང་བཤད་གནང་། དབུ་མཛད་ཀྱིས། ཐམས་ཅད་དུ་ནི་ས་གཞི་དག྾།བདེ་ལྡན་འཇིག་རྟེན་བཀོད་པ་ལྟར་྾།ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། ། ཞེས་པ་ནས། དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། ། སྐུ་ཁྲུས་གསོལ་བར་ཞུ། གང་འདིར་བཅོམ་ལྡན་འདས་སོགས། ཁྲུས་ཀྱི་ཁང་པ྾།ཇི་ལྟར་བལྟམས་པ྾།ལྷར་བཅས་སྟོན་པ྾།གངས་ཅན་ཤིང་རྟའི྾།གང་གི་བདག་ལ྾།དེ་བཞིན་གཤེགས་དང྾།མཚན་ལེགས་རིན་ཆེན྾།མཐུན་པའི་དགེ་ཚོགས་྾།འཇམ་དབྱངས་ཕྱག་ན྾།དམ་ཅན་སྒྲུབ་པ྾།དེ་དག་སྐུ་ལ྾།འདི་ནི་སྦྱིན་པའི་རང་བཞིན་ཆུ། ། སོགས། དེ་དག་སྐུ་ལ྾།ཁྱེད་སྐུ་རང་བཞིན྾།རྒྱལ་བའི་སྐུ་གསུང་ཐུགས྾།འདི་ནི་ཁྲུས་མཆོག་྾།སྟོང་གསུམ་ཀུན་ཏུ྾།ཞེས་པ་ནས། སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་པར་ཤོག ། བདག་དང་འགྲོ་ལ་ཐུགས྾།དེ་སྲིད་བཅོམ་ལྡན་བཞུགས་སུ་སོལ། ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། ། ྾྾།འཚལ་ལོ། །
འདྲེན་པ་མཉམ་མེད་ཞེས་སོགས་ལམ་རིམ་གསོལ་འདེབས་ཡོངས་རྫོགས་ཕྱག་འཚལ་དུ་བསྒྱུར། སྒྲུབ་པ་པོ་ལ྾།དངོས་གྲུབ་འབྱུང་གནས྾།ཐུགས་རྗེ་ཀུན་ལ྾།ལྷ་དང་ལྷ་མིན྾།སྐྱོན་གྱིས་མ་གོས྾།གཞོན་ནུའི་སྐུ་ལུས྾།སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ྾།ཇི་སྙེད་སུ་དག་ཅེས་པ་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །
རྒྱལ་བ་རྒྱ་མཚོའི་ཞེས་སོགས། རིན་ཆེན་དབང་གི་ཞེས་སོགས། འཛམ་བུ་གླིང་དང་སོགས། རིན་ཆེན་གདུགས་དང་སོགས། དེ་ལས་གཞན་ཡང་ནས་ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག ། མེ་ཏོག་དམ་པ་ནས་ཕྱག་འཚལ་མཆོད་པར་བགྱི། ། ཞིང་ཁམས་འབུལ་བར་ཞུ། མཎྜལ་རྒྱས་པ། ས་གཞི་མ་ཉེར་གཅིག ། ལྟུང་བཤགས་དང་སྤྱི་བཤགས་ཚར་གསུམ་རེ། གཙོ་རྒྱལ་མ། འདོད་ཆགས་ཞེ་སྡང་ནས་བྱང་ཆུབ་ཐོབ་ཕྱིར་བསྔོའོ། །
རྒྱལ་བ་ཁྱབ་བདག྾།ཐེག་པ་ཆེན་པོའི་གསུང་ཆོས་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་རྒྱས་པ་ཕུལ། སྐབས་འདིར་བླ་མའི་གསོལ་འདེབས་དང་། སྐྱབས་འགྲོ་རྗེས་བཟློས་བརྗོད་དུ་བཅུག་ནས་སྐྱབས་འགྲོའི་བསླབ་བྱ་ལ་སློབ་ཚུལ་བཤད་སླར། སངས་རྒྱས་ཐམས་ཅད྾།ཕུན་ཚོགས་དགེ་ལེགས྾།བྱམས་པ་ཐོགས་མེད྾།འཇམ་དབྱངས་ཡོད་མེད྾།ཐུགས་རྗེ་ཆེན་པོ྾།བཤད་སྒྲུབ་བསྟན་པའི་མཆོག་མངའ྾།གངས་ཅན་ཤིང་རྟའི་྾།འཇམ་མགོན་བློ་བཟང྾།གང་གིས་བདག་ལ྾།སྐྱབས་གསུམ་ཀུན་འདུས་྾།སྒྲུབ་པ་པོ་ལ྾།དངོས་གྲུབ་འབྱུང་གནས྾།མཐུན་པའི་དགེ་ཚོགས྾།འཇམ་དབྱངས་ཕྱག་ན྾།དུས་གསུམ་རྒྱལ་བ་རྒྱལ་སྲས྾།ལྷ་དང་ལྷ་མིན྾།དམ་ཅན་སྒྲུབ་པ྾།ཡུལ་འཁོར་སྲུང་དང྾།ཕྱག་བྱར་འོས་པ྾།ཇི་སྙེད་སུ་དག་ནས་བདག་གིས་སྟོད། ། བསོད་ནམས་ཞིང་དུ་གྱུར་པའི་སངས་རྒྱས་ལ། ། ཞེས་སོགས། ཨེ་མ་མཆོད་པ་བླ་ན་མེད། ། སོགས། ཞིང་འདི་འཁོར་ལོ་རིན་ཆེན་གྱིས། ། ཞེས་སོགས། རིན་ཆེན་གདུགས་དང་། སོགས། དེ་ལས་གཞན་ཡང་ནས་ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག ། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། ། ནས། ཕྱག་འཚལ་མཆོད་པར་བགྱི། ། ཞིང་ཁམས་འབུལ་བར་ཞུ། སོགས་མཎྜལ་རྒྱས་པ་དང་། ས་གཞི་མ་བདུན་ནམ་ཉེར་གཅིག་སོགས་འབུལ།
ལྟུང་བཤགས་ཚར་གསུམ། སྤྱི་བཤགས་ཚར་གསུམ། གཙོ་རྒྱལ་མ། འདོད་ཆགས་ཞེ་སྡང་ནས་བསྔོ། ། ༈་རྒྱལ་བ་ཁྱབ་བདག྾།ཞབས་ཀྱི་པདྨོའི་དྲུང་དུ། ཐེག་པ་ཆེན་པོའི་སེམས་བསྐྱེད་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་རྒྱས་པ། སེམས་བསྐྱེད་བཟུང་། སློབ་དཔོན་གྱིས་བསྔོ་བ་བྱེད། སློབ་དཔོན་གྱིས་བསྐུལ་ཏེ་ལམ་རིམ་སྨོན་ལམ་དང་། ནམ་ཞིག་རྡོ་རྗེ་གདན་གྱི་རི་བོའི་སྤོར། ། ཞེས་པ་ནས། འགྲོ་ཀུན་དོན་དུ་སངས་རྒྱས་མྱུར་ཐོབ་ཤོག ། ཞེས་ཤོ་ལོ་ཀ་གཉིས་པོ་ཚར་གསུམ།
རྒྱལ་བ་ཁྱབ་བདག྾།ཐེག་པ་ཆེན་པོའི་སེམས་བསྐྱེད་ཟབ་མོ་གནང་བའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་རྒྱས་པ་ཕུལ། དེ་རྗེས་ཤེར་སྙིང་ཚར་གསུམ། ྾།མངོན་པར་བསྟོད་དོ། ། སྟོང་ཉིད་ལྟ་བ་རིན་པོ་ཆེ྾།མཐར་འཛིན་ནད་ཀུན་སེལ་བའི་སྨན་གཅིག་པུ། ། ྾།དེ་ནས་བཟང་སྤྱོད། སྤྱོད་འཇུག ། ཐོག་མཐའ་བར། གསང་བདེ་འཇིགས་གསུམ་གྱི་སྨོན་ལམ། བསྟན་འབར་མ། བསླབ་པ་གསུམ་ལྡན་མ། སོགས་ཀྱིས་ཤིས་བརྗོད་བྱའོ། །
སེམས་བསྐྱེད་མཆོད་པའི་སྦྱོར་བའི་ཉིན། སློབ་དཔོན་གྱིས་བསྐུལ་ཏེ། མདོ་ཚར་གསུམ་བཟློག་པ་བགེགས་རིགས་མ། དེ་ནས་གསུང་ཆོས་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། སློབ་དཔོན་གྱིས་བསྐུལ་ཏེ་སངས་རྒྱས་ཆོས་ཚོགས་མ་ལན་གསུམ།
དེ་ནས་བཀའ་ཆོས་དང་འབྲེལ་བའི་བླ་མ་མཆོད་པའི་ཁྲིད་མདོར་བསྡུས་གནང་། ཡན་ལག་བདུན་པ་མཎྜལ་དང་བཅས་པ་མདོར་བསྡུས་སྔོན་དུ་བཏང་ལ། སློབ་དཔོན་གྱིས་བསྐུལ་ཏེ། དཔོན་སློབ་ཐམས་ཅད་ཀྱིས་སངས་རྒྱས་ཆོས་ཚོགས་མ་ལན་གསུམ་འདོན། དེ་ནས་གསུང་ཆོས་ཟབ་མོ་གནང་བའི་ཡོན་དུ་གཏང་རག་གི་མཎྜལ་ཕུལ།
ཚོགས་ལྷག་གི་འགོར། ཧཱུཾ་མ་དག་འཁྲུལ་སྣང་སོགས་ཀྱིས་བྱིན་གྱིས་རླབས་ནས། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དུར་ཁྲོད་བརྒྱད་ལ་སོགས་པ་ནས། དམ་ཅན་ཞིང་སྐྱོང་གི་ཚོགས་རྣམས་སྤྱན་དྲངས། གཞན་ཡང་ལྷག་མ་ལ་རེ་བའི་འབྱུང་བོའི་ཚོགས་ཐམས་ཅད་འདུས་པར་གྱུར། ཧོ་ཏིང་འཛིན་སྔགས་དང་ཕྱག་རྒྱས་྾྾།
ན་མོ་གུ་རུ། སེམས་བསྐྱེད་མཆོད་པའི་ཟིན་ཐོ་རང་བློས་གང་སྤོབས་ཀྱི་འདོན་འགྲིགས་ནི། ཐོག་མར། རྡོ་རྗེ་འཆང་ཉིད་ནས་ཚོགས་དཔུང་ཕེབས་གོང་། ཉིད་ནས་ལྷ་ཁང་ཆེན་མོར་སེམས་བསྐྱེད་བླང་སྟེ་ཕེབས་སྐབས། ཚོགས་པས་སྒྲོལ་བསྟོད་གསུང་བཞིན་བཞུགས། ཉིད་ནས་ཕྱག་ཏུ་སྤོས་བསྣམས་ཏེ་དལ་བུས་ཚོགས་འགོར་ཕེབས་པ་དང་། གྲོལ་འགོ་ནས་མེ་ཏོག་གཡས་གཡོན་དབུས་གསུམ་དུ་འཐོར། དེ་ནས་ཁྲི་ཁར་ཕེབས་ཏེ་བཞུགས་ཚར་བ་དང་བསྟུན། ཚོགས་པས། འཇིག་རྟེན་འདྲེན་པའི་ཐོག་དྲངས་ཏེ་ཉི་གཞོན་འཆར་ཁ་མ་གསུང་། དེ་ཉིད་གསུང་ཚར་བ་དང་། རྡོ་རྗེ་འཆང་ཉིད་ནས་དབུ་བསྐུལ་གནང་དེ། དང་པོར། འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ཞེས་ཤེར་མདོ་ཚར་གཅིག་གསུང་།
དེ་ནས་གཉིས་པ་དང་གསུམ་པ་ལ། འདི་སྐད་བདག་གིས་ཐོས་པ་ཞེས་གསུང་། དེ་ནས་མཁའ་ལ་སྤྱོད་པའི་ཞེས་གསུང་ནས་སེང་གཟུངས་ཕྲེང་སྐོར་གསུམ། ས་མཱ་ར་ཡ་ཕཊཿ་ཞེས་གསུང་ནས།
ཕྱག་ཐལ་མོ་སྦྱར་ཏེ་དམིགས་རྣམ་གྱི་སྒོ་ནས་ཅང་མི་གསུང་བར་བཞུགས་ཏེ། ཕྱིར་ཅེས་གསུང་ནས་ཐལ་མོ་ལན་གསུམ་བརྡེབས་ཏེ་ཚར་བ་དང་། བཟློག་པར་གྱུར་ཅིག ། ཞི་བར་གྱུར་ཅིག ། རབ་ཏུ་ཞི་བར་གྱུར་ཅིག ། མི་མཐུན་པའི་ཕྱོགས་ཞེས་པ་ཡིད་ལ་མ་ངེས། བགེགས་རིགས་མ། གསུང་ཆོས་མཎྜལ་རྒྱས་པ། ས་གཞི་མ། རྗེ་བཙུན་བླ་མ་དམ་པ་ཞེས་སོགས་ཀྱི་འདོད་གསོལ་དང་བཅས་པ་དབུ་མཛད་ཀྱིས་མགོ་བསྐུལ་བྱས།
དེ་ནས་རྡོ་རྗེ་འཆང་ཉིད་ནས་དབུ་བསྐུལ་མཛད་དེ། ལམ་རིམ་གསོལ་འདེབས་ལ། དཔལ་ལྡན་རྩ་བའི་དང་། སྨྲ་བ་ཟླ་མེད། ཡོན་ཏན་གཞི་གྱུར་ཅེས་སོ་སོ་ནས་མགོ་བསྐུལ་གནང་། དེ་ནས། སངས་རྒྱས་ཆོས་ཚོགས་མ་ལའང་ཉིད་ནས་ཆོས་བཤད། ཉན་པ་པོ་རྣམས་ནས་ཆོས་ཉན་བགྱིས་པའི་ཞེས་སོགས་སྦྱོར་བ་གནང་། འདི་དག་ལ་ཉིད་ནས་ཕྱག་ཐལ་མོ་སྦྱོར་བ་གནང་། ཤིང་བཟའ་རྡོ་རྗེ་འཆང་ནས་གནང་བའི་ཕྱག་ལེན་ཟིན་བྲིས། །
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn