མཛད་པ་བཅུ་གཉིས་བསྟོད་པ།
ཡོང་ཁུངས། ངེད་དགེ་ལུགས་པའི་དྲ་བ། སྤེལ་དུས། 2026-05-22 07:35:18
རྩོམ་པ་པོ། སློབ་དཔོན་དཔའ་བོ། ཀློག་ཐེངས།
༄༅། ། གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། ། ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། ། ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། ། དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། ། དང་པོར་དགའ་ལྡན་ལྷ་ཡི་ཡུལ་ནས་བྱོན། ། རྒྱལ་པོའི་ཁབ་ཏུ་ཡུམ་གྱི་ལྷུམས་སུ་ཞུགས། ། ལུམྦི་ནི་ཡི་ཚལ་དུ་ཐུབ་པ་བལྟམས། ། བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། ། གཞལ་ཡས་ཁང་དུ་མ་མ་བརྒྱུད་ཀྱིས་མཆོད། ། ཤཱཀྱའི་དྲུང་དུ་གཞོན་ནུས་རོལ་རྩེད་མཛད། ། སེར་སྐྱའི་གནས་སུ་ས་འཚོ་ཁབ་ཏུ་བཞེས། ། སྲིད་གསུམ་མཚུངས་མེད་སྐུ་ལ་ཕྱག་འཚལ་ལོ། ། གྲོང་ཁྱེར་སྒོ་བཞིར་སྐྱོ་བའི་ཚུལ་བསྟན་ནས། ། མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་བསིལ། ། ནེ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད། ། སྒྲིབ་གཉིས་སྐྱོན་དང་བྲལ་ལ་ཕྱག་འཚལ་ལོ། ། རྒྱལ་པོའི་ཁབ་ཏུ་གླང་ཆེན་སྨྱོན་པ་བཏུལ། ། ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ། ། མ་ག་དྷ་རུ་ཐུབ་པ་མངོན་སངས་རྒྱས། ། མཁྱེན་པའི་ཡེ་ཤེས་འབར་ལ་ཕྱག་འཚལ་ལོ། ། ལྷ་རྟུ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར། ། ཛེ་ཏའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན། ། རྩྭ་མཆོག་གྲོང་དུ་དགོངས་པ་མྱ་ངན་འདས། ། ཐུགས་ནི་ནམ་མཁའ་འདྲ་ལ་ཕྱག་འཚལ་ལོ། ། སློབ་དཔོན་དཔའ་བོས་མཛད་པའོ། །
དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། ། སོགས་ནས།གནས་པའི་བཀྲ་ཤིས་ཤོག །༈ ཐོགས་མེད་དབྱིག་གཉེན་འཕགས་པ་ཀླུ་སྒྲུབ་དང་། ། ཨུཏྤལ་གླང་ཆོས་གྲགས་དང་། ། བྲམ་ཟེ་ཡོན་ཏན་འོད་དང་ཤཱཀྱའི་འོད། ། འཇམ་དབྱངས་རྒྱན་མཆོག་རྣམས་ལ་གོས་ལ་བ་འདེབས། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།