ངེད་དགེ་ལུགས་དྲ་བས་ད་ལྟའི་བསྟན་འཛིན་སྐྱེས་བུ་དག་ངོ་སྤྲོད་བྱ་རྒྱུ་ཡིན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-12-18 08:25:22     རྩོམ་པ་པོ།   དགེ་ལུགས་དྲ་བ།    ཀློག་ཐེངས།  

ངེད་དགེ་ལུགས་དྲ་བས་དགེ་ལུགས་པའི་བསྟན་འཛིན་སྐྱེས་བུ་དམ་པ་དག་གི་རྣམ་ཐར་མདོར་བསྡུས་རེ་འགོད་བཞིན་པ་ལྟར་བོད་རབ་རྒྱན་ལྕགས་བྱི་ལོ་ནས་བཟུང་དགེ་ལུགས་པའི་དགོན་སྡེ་དག་ཏུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པའི་བསྟན་འཛིན་སྐྱེས་བུ་དག་ཆེད་དུ་ངོ་སྤྲོད་བྱེད་བཞིན་ཡོད།

འདིར་དགའ་ལྡན་སེ་ར་འབྲས་སྤུངས་གསུམ་དང་། བཀྲ་ཤིས་ལྷུན་པོ། སྐུ་འབུམ་བྱམས་པ་གླིང་། བླ་བྲང་བཀྲ་ཤིས་འཁྱིལ་རོང་བོ་དགོན་ཆེན་སོགས་དགེ་ལུགས་པའི་མཚན་ཉིད་དགོན་པ་དག་གི་དགེ་བའི་བཤེས་གཉེན་དག་ངོ་སྤྲོད་བྱས་དང་བྱེད་ཀྱིན་ཡོད།

དེ་བས་རྣམ་པ་དག་གིས་རིས་སུ་མི་འཁྱེར་བར་ད་ལྟ་དཔེ་ཁྲིད་ཀྱི་དགེ་རྒན་རྣམ་པའི་རྣམ་ཐར་ཐུང་ངུ་རེ་དང་སྐུ་པར་རེ་བསྐུར་རྒྱུ་བཀའ་དྲིན་ཆེ་ཞུས།

དགེ་ལུགས་དྲ་བས་དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་སུ་ཕུལ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།