དགེ་ལུགས་དྲ་བས་2019ལོ་བསུ་བའི་བཀྲ་ཤིས་གཏམ་གྱི་སྐྱ་རེངས།(པར་རིས།)

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-01-01 08:12:25     རྩོམ་པ་པོ།   དགེ་ལུགས་དྲ་བ།    ཀློག་ཐེངས།  

微信图片_20181230182413.jpg

རྩོམ་གཙང་མར་བལྟ། 

གཏམ་གཙང་མ་བཤད།


དགེ་ལུགས་དྲ་བས་ནམ་ཡང་ཁྱེད་ལ་དྭངས་གཙང་གི་ཡུལ་ལྗོངས་ཤིག་བསྐྲུན།

དགེ་ལུགས་དྲ་བས་ནམ་ཡང་ཁྱེད་ལ་དྭངས་གཙང་གི་བདུད་རྩི་ཞིག་འདྲེན།


དགེ་ལུགས་དྲ་བ་ནི་དགེ་ལུགས་པའི་ལྟ་སྒོམ་སྤྱོད་གསུམ་ངོ་སྤྲོད་བྱེད་པའི་དྲ་བ་ཆེས་ཆེ་བ་ཡིན།

དགེ་ལུགས་དྲ་བ་ནི་དགེ་ལུགས་པའི་གསུང་རབ་མཛོད་དུ་བསྡུས་པའི་དྲ་བ་ཆེས་རྩ་ཆེན་པོ་ཡིན།

དགེ་ལུགས་དྲ་བ་ནི་ལྟ་བ་སླད་ཀྱིས་མ་གོས་པའི་རྩོམ་ཡིག་དྭངས་མ་སྤེལ་ས་དེ་ཡིན།


དགེ་ལུགས་དྲ་བར།  གསར་འགྱུར་དང་། ལོ་རྒྱུས།  བཀའ་བསྟན།  རྗེ་བླ་མ། དགོན་སྡེ། མདོ་སྔགས། རྒྱུན་ཤེས།ཆོས་སྤྱོད། གསར་རྩོམ། བཟོ་རིག སྒྲ་བརྙན། དཔེ་མཛོད་ཁང་། ཞིབ་འཇུག ལོ་ཙཱ་བཅས་ལེ་ཚན་མང་ཞིང་གསོན་ཉམས་ལྡན།


༢༠༡༥ལོའི་ཧོར་ཟླ་བཅུ་བའི་ཉེར་ལྔའི་ཞོགས་པའི་དུས་ཚོད་བཅུ་དང་སྐར་མ་ཉེར་ལྔའི་སྟེང་རྗེ་བླ་མའི་རྗེས་དྲན་དུ་དགེ་ལུགས་དྲ་བའི་གཡང་སྒོ་ཕྱེས། 


དགེ་ལུགས་དྲ་བའི་དྲ་སྒོ་ཕྱེས་པ་ནས་ཕྱོགས་སོ་སོའི་ཀློག་པ་བོ་དག་གིས་བསྔགས་བརྗོད་ཀྱི་མེ་ཏོག་སྟོར།ཡི་རང་གི་བསུང་ཞིམ་འགྲེམ།


༢༠༡༨ལོའི་ཧོར་ཟླ་བཅུ་བའི་ཚེས་ཉེར་ལྔའི་ཉིན་དགེ་ལུགས་དྲ་བས་སེར་སྐྱ་ཕོ་མོ་དག་གིས་ཁ་ཏོན་སྦྱོང་བའི་ཆེད་དུ་དགེ་ལུགས་ཚངས་དབྱངས་ཞེས་པའི་འཕྲིན་སྟེགས་ཀྱི་སྒོ་ཕྱེས།


འདི་ནི་སྐྱ་སེར་རིས་མེད་ལ་ཁ་ཏོན་ཁྲིད་པ་གཙོ་བོར་དམིགས་ཤིང་། དགེ་ལུགས་པའི་དབྱངས་རྟ་ཚངས་པའི་དབྱངས་སྙན་ལྟ་བུ་རྒྱས་པར་བྱེད་པའི་ཆེད་དུ་བཙུགས།


དགེ་ལུགས་དྲ་བ་དང་། དགེ་ལུགས་ཚངས་དབྱངས་གཉིས་སུ་དགེ་ལུགས་པའི་ལྟ་སྒོམ་སྤྱོད་གསུམ་གཙང་མ། བརྗོད་བྱ་དང་རྗོད་བྱེད་གཙང་མ། དབྱངས་དང་འགྱུར་ཁུགས་གཙང་མ་བཅས་མྱོང་ཐུབ།


ཁྱེད་རང་དགེ་ལུགས་དྲ་བར་ཕེབས་ཐེངས་རེར།

ཁྱོད་ལ་བློ་གྲོས་གཙང་མ་ཞིག་རྒྱས་ངེས།

ཁྱེད་རང་དགེ་ལུགས་ཚངས་དབྱངས་སུ་ཕེབས་ཐེངས་རེར།

ཁྱོད་ལ་ཐུགས་ཡིད་གསོ་བའི་བདུད་རྩི་ཞིག་རྙེད་ངེས།


དགེ་ལུགས་དྲ་བའི་དྲ་གནས། 

http://www.tb1025.cn

དགེ་ལུགས་ཚངས་དབྱངས་གནས་ཀྱི་བཤེར་རིས།


微信图片_20190101081415.jpg

བརྒྱུད་འགོད།