དགེ་ལུགས་པའི་དྲ་བར་དགེ་ལུགས་པའི་མཁས་པའི་གསུང་འབུམ་གྱི་དཀར་ཆག་བསྡུ་བའི་གསལ་བརྡ།

    སྤེལ་དུས།  2018-08-19 07:43:07         ཀློག་ཐེངས།  

དགེ་ལུགས་པའི་དྲ་བ་འདིར་ད་སྔ་《པོ་ཏ་ལའི་གསུང་འབུམ་དཀར་ཆག》(དགེ་ལུགས་པངེད་དགེ་ལུགས་དྲ་བར་མུ་འགོད་བྱེད་བཞིན་པ་དེ་ལས་དགེ་ལུགས་པའི་མཁས་པའི་གསུང་འབུམ་གྱི་དཀར་ཆག་ཆ་ཚང་བ་ཞིག་མེད་པས་དགེ་ལུགས་པའི་ལོ་རྒྱུས་དང་གནས་བབ་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་ཆ་ཚང་བ་ཞིག་བྱུང་མེད་པ་དང་།ཁྱད་པར་དགེ་ལུགས་པའི་ཡིག་ཚང་གི་དཀར་ཆག་གི་ལོ་རྒྱུས་སྟེང་ད་དུང་སྟོང་ཆར་ལུས་ཡོད།

དེ་བས་ངེད་དགེ་ལུགས་དྲ་བས་དགེ་ལུགས་པའི་མཁས་པའི་གསུང་འབུམ་གྱི་དཀར་ཆག་ཆེན་མོ་ཞིག་སྒྲིག་བཞིན་ཡོད་པས།རྣམ་པ་དག་གིས་རང་རང་གི་ས་ཆར་བྱུང་བའི་དགེ་ལུགས་པའི་མཁས་པ་དག་གི་གསུང་འབུམ་གྱི་དཀར་ཆག་《པོ་ཏ་ལའི་གསུང་འབུམ་དཀར་ཆག》(དགེ་ལུགས་པ)ཏུ་བཀོད་མེད་པའམ་བཀོད་ཀྱང་ཆ་མི་ཚང་བའི་རིགས་བསྒྲིགས་ཏེ་བསྐུར་གནང་ཡོད་པར་ཞུ།

དཀར་ཆག་བསྐུར་དུས་མཁས་པ་དེ་ཉིད་ས་ཆ་གང་དུ་སྐུ་འཁྲུངས་པ་དང་། སློབ་གཉེར་གནང་སྟངས།བསྟན་དང་འགྲོ་བར་མཛད་པ་གང་འདྲ་བསྐྱངས་མིན།འཁྲུངས་འདས་ལོ་ཚུགས་བཅས་མདོར་བསྡུས་དང་།  ཁྱད་པར་གསུང་འབུམ་བྲིས་མའམ་པར་མ་ཡིན་པ། བོར་བརླག་ཏུ་སོང་བ་ཡོད་མེད། ད་ལྟ་གང་དུ་བཞུགས་པ་བཅས་གསུང་འབུམ་གྱི་གནས་སྟངས་ཤིག་ཀྱང་བསྐུར་རྒྱུ་མཁྱེན།

སྐུར་དུས་ཞུ་དག་ལེགས་པོ་བཏང་ནས་བསྐུར་རོགས།   

དགེ་ལུགས་པའི་དྲ་བའི་གློག་རྡུལ་ཡིག་སྒམ།

           tb1025@qq.com

སྐད་འཕྲིན།   xzfj415

875379324529003825.jpg


            དགེ་ལུགས་པའི་དྲ་བས་གུས་པས་ཕུལ།


བརྒྱུད་འགོད།