ལ་མོ་ཡོངས་འཛིན་ཆོས་ཀྱི་རྒྱལ་བོའི་རྗེས་དྲན་ལེ་ཚན་གྱི་བརྡ་གསལ། 

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-08 12:14:36     རྩོམ་པ་པོ།   ངེད་དགེ་ལུགས་པའི་དྲ་བ།    ཀློག་ཐེངས།  

 

587806163812451374.jpg

ཧོར་ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན་ནི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་༧དོན་གྱི་སླད་དུ་མཚན་ནས་སྨོས་ན་ལ་མོ་ཡོངས་འཛིན་ཆོས་ཀྱི་རྒྱལ་བོའི་དགོངས་རྫོགས་གདུང་མཆོད་ཀྱི་ཉིན་མོ་ཡིན་ཞིང་། དེ་ཡང་ དུས་འཁོར་རྩ་བའི་རྒྱུད་ལས།བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །བསྐལ་པར་བསཊ་པའི་སྡིག་པ་རབ་བཅོམ་ནས། །ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར། །སྟོང་གསུམ་སྐྱེ་བོའི་མིག་བྲལ་སྲོག་ཉམས་ལ། །མིག་དང་སྲོག་སྦྱིན་པས་ཀྱང་དཔེར་མི་ཕོད། །ཅེས་གསུངས་པ་ལྟར་བླ་མ་རྗེས་སུ་དྲན་པ་ཤིན་ཏུ་གལ་ཆེའོ།།

དེ་བས་ངེད་དགེ་ལུགས་དྲ་བས་ཆེད་དུ་ཁོང་ལ་རྗེས་དྲན་ཆེད་བསྒྲིགས་ཀྱི་ལེ་ཚན་ཞིག་བསྒྲིག་རྒྱུ་ཡིན་པས་ཁོང་གི་སློབ་མ་ཡང་སློབ་དག་གིས་ཁོང་ལ་རྗེས་དྲན་གྱི་ཕྱག་རྩོམ་གནང་ན་ངེད་དགེ་ལུགས་པའི་དྲ་བར་བསྐུར་རྒྱུ་ཐུགས་ལ་འཛིན་པར་ཞུ། རྩོམ་སྐུར་དུས་རྩོམ་པ་པོའི་མིང་དངོས་མིང་དང་ས་གནས་ཀྱང་གསལ་བོར་འགོད་དགོས།

རྩོམ་བསྐུར་ས། E_mail:  tb1025@qq.com

དགེ་ལེགས་པའི་དྲ་བའི་རྩོམ་སྒྲིག་ཁང་ནས།

བོད་མེ་བྱ་ལོའི་ཧོར་ཟླ་ལྔ་བའི་ཚེས་བཅུ་བཞིའི་ཉིན།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།