དགེ་ལུགས་པའི་དྲ་བར་དགེ་ལུགས་པའི་དགོན་སྡེའི་ལོ་རྒྱུས་བསྡུ་བའི་གསལ་བརྡ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-18 21:07:45     རྩོམ་པ་པོ།   དགེ་ལུགས་པའི་དྲ་བ།    ཀློག་ཐེངས།  

4175448ctad53fb6957f6&690.gif

      དགེ་ལུགས་པའི་དྲ་བ་འདིར་དགེ་ལུགས་པའི་དགོན་སྡེ་དག་གིས་གཙོས་རི་ཁྲོད་དང་རྟེན་འགངས་ཆེན་གྱི་ལོ་རྒྱུས་འགོད་བཞིན་ཡོད་པས་རང་རང་གི་དགོན་པའི་ལོ་རྒྱུས་ཕྱོགས་ཞེན་དང་འཐེན་ཁྱེར་སོགས་ཕྱོགས་ལྷུང་དང་བྲལ་བའི་སྒོ་ནས་ཁ་གསལ་ཁུངས་དག་རེ་བསྐུར་རྒྱུ་བཀའ་དྲིན་ཆེ།

ལོ་རྒྱུས་གསར་དུ་འབྲི་ན་དགོན་པ་གནས་གང་དུ་ཡོད་པ། ནམ་བཏབ་པའི་ལོ་ཚིགས་གསལ་བོ། འདེབས་མཁན། ལྷ་སྡེ། ལོ་རྒྱུས་འཕེལ་རིམ། ད་ལྟ་གནས་ཚུལ། དགོན་པར་བྱུང་བའི་མཁས་པའི་མཚན་ཐོ་བཅས་ཆ་ཚང་ཞིག་འབྲི་རྒྱུ་གལ་ཆེ།

དེ་དང་མཉམ་དུ་རི་ཁྲོད་གྲགས་ཅན་དང་། སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་གྱི་ལོ་རྒྱུས་བཅས་ཀྱང་བསྐུར་རྒྱུའི་བཀའ་དྲིན་ཆེ།

ལྷག་པར་གསལ་འདེབས་བྱ་རྒྱུ་རྩོད་གཞི་ཅན་གྱི་ལོ་རྒྱུ་བསྐུར་ན་ངེད་རྣམས་ཀྱིས་འགོད་རྒྱུ་མིན་པས་སུས་ཀྱང་ཉོག་དྲ་སློང་བའི་ལོ་རྒྱུས་མི་བསྐུར་བར་འཚལ།

གཞན་རྩོམ་ཡིག་བསྐུར་དུས་ཞུ་དག་ལེགས་པོ་བྱས་ནས་བསྐུར་རོགས།ངེད་དྲ་བར་མི་སྣ་ཉུང་བས་ཡང་ཡང་ཞུ་དག་དང་བསྐྱར་འགོད་བྱེད་པར་སྟབས་མི་བདེ།

དགེ་ལུགས་པའི་དྲ་བའི་གློག་རྡུལ་ཡིག་སྒམ།

           tb1025@qq.com

སྐད་འཕྲིན།   xzfj415


875379324529003825.jpg


དགེ་ལུགས་པའི་དྲ་བའི་དགོན་སྡེའི་ལོ་རྒྱུས་རྩོམ་སྒྲིག་པ་ནས་གུས་པས་ཕུལ།


བརྒྱུད་འགོད།