བོད་ཀྱི་དགེ་ལུགས་པའི་དྲ་བའི་གསལ་བརྡ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2015-12-07 08:26:38         ཀློག་ཐེངས།  

  

༡༢

 རྣམ་དཔྱོད་ཀྱི་ཆོས་གྲོགས་དག་གི་མདུན་སར། 

                 ང་ཚོས《བསམ་བློའི་ཤེས་རིག》ཅེས་པའི་དེབ་བསྐྲུན་ནས་ལོ་ངོ་བཅུ་བཞི་ལྷག་འདས་ཤིང་གསར་ཤོག་འདི་ཀློག་པ་བོ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ། འོན་ཀྱང་ད་ལྟ་ཆ་འཕྲིན་དར་བས་དུས་དེབ་རིགས་ཀྱི་ཁྱབ་རྒྱ་ལས་བརྒལ་ཞིང༌། ཁ་པར་སོགས་ལས་དཔེ་ཆ་ཀློག་མཁན་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་འགྲོ་བའི་ཚུལ་ལ་དམིགས་ནས་དེབ་འདི"དགེ་ལུགས་པའི་དྲ་བ"ཞེས་པའི་ནང་བསྟན་གྱི་དྲ་བ་ཅུང་ཚད་ལྡན་ཞིག་ཏུ་བསྒྱུར་ཅིང༌།  བཅུ་བའི་ཉེར་ལྔའི་ཞོགས་པའི་དུས་ཚོད་བཅུ་དང་སྐར་མ་ཉེར་ལྔའི་སྟེང་དྲ་བ་སྒོ་ཕྱེས་ནས་ཀུན་གྱི་སྤྱན་སྔར་ཕུལ།

          "དགེ་ལུགས་པའི་དྲ་བ"་འདི་ནི་ད་སྔ་བོད་ཀྱི་ནང་བསྟན་གྱི་དྲ་བ་ཆེས་ཆ་ཚང་བ་ཞིག་ཡིན་ཞིང༌། འདིར་གསར་འགྱུར། ལོ་རྒྱུས། མི་སྣ།དགོན་སྡེ།གནས་རི།བཀའ་འགྱུར།བསྟན་འགྱུར།ཚད་མ།ཕར་ཕྱིན།དབུ་མ།མངོན་པ།འདུལ་བ།སྔགས།བློ་སྦྱོང༌།ཆོ་ག་ཕྱག་ལེན།རྒྱུན་ཤེས་ལམ་སྟོན།ཞལ་འདོན། མི་ཆོས། རྩོམ་རིག(༡)གཏམ་རྒྱུད།(༢)སྙན་ངག (༣)ལྷུག་རྩོམ།བཟོ་རིག(༡)རྟེན་བཞེངས།(༢)བརྟེན་པ།རི་མོ།(༡)ཐང་ག(༢)འདྲ་པར།(༣)རི་མོ།གློག་བརྙན།དཔེ་ཁྲིད།རོལ་མོ།ལོ་ཙཱ།བརྒལ་བརྟགཞིབ་འཇུགཆེད་བསྒྲིགས།དྲ་བའི་སྐོར། (༡) དྲ་བའི་གནས་ཚུལ། (༢)ཞལ་འདེབས།(༢)སྐད་འཇོག་པ།ཤེས་རབ་གཡང་དཔེ་མཛོད་ཁང༌། (༡)དཔེ་མཛོད་ཁང་གི་གནས་ཚུལ།(༢)དཔེ་ཆ་ལེན་ས་བཅས་ཡོད།

          ང་ཚོས་དྲ་བ་འདི་རྒྱ་ཆེ་ཞིང་ཚད་དང་ལྡན་པ། བསྟན་འཛིན་གྱི་སྐྱེས་བུ་དམ་པ་དང༌། སློབ་གཉེར་བ། ཞིབ་འཇུག་པ། དད་ལྡན་དག་གིས་རེ་བ་སྐོང་ཐུབ་པ་ཞིག་ཏུ་འགྱུར་བར་བརྩོན་པ་ཆེན་པོ་བྱེད་ཀྱིན་ཡོད་མོད། འོན་ཀྱང༌། ངེད་ཅག་མི་སྣ་ཉུང་ཞིང༌། ལས་བྱེད་མཁན་དག་གི་ལས་ཞོར་དུ་བསྒྲུབ་དགོས་པས་རེ་ཞིག་བློ་དང་ལྡན་པ་ཀུན་གྱིས་གོང་གི་ཚན་པ་དག་དང་མཐུན་པའི་གློག་རྡུལ་པར་གཞི་དང༌། རྩོམ་ཡིག་མང་བོ་བསྐུར་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།

       དྲ་གནས།    www.tb1025.cn

      རྩོམ་བསྐུར་ས།   tb1025@qq.com   

 དགེ་ལུགས་པའི་དྲ་བ་ནས་ཕུལ།


བརྒྱུད་འགོད།