འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་དང་འབྲེལ་བའི་འདྲ་པར་འགའ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-07-04 06:27:00     རྩོམ་པ་པོ།   སྐལ་བཟང་།    ཀློག་ཐེངས།  

འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་བོའི་དུས་མཆོད་ཉིན།༥:༡༣微信图片_20200704063023.jpg

༡བླ་བྲང་ཚོགས་ཆེན་འདུ་ཁང་གློ་སྒོའི་མཆོད་རྟེན་དཀར་བོ་དེ་ཞིག་གསོའི་སྐབས་བུམ་བའི་ནང་ན་བཞུགས་ཡོད་པའི་རྗེ་བསྟན་པའི་སྒྲོན་མེ་འདྲ་སྐུ་རེད། 微信图片_20200704063342.jpg

༢མཛོད་དགེ་སྒར་སར་གྱི་འདུ་ཁང་ན་བཞུགས་ཡོད་པའི་རྗེ་བསྟན་པའི་སྒྲོ་མེ་སྐུ་རྒྱུ་ཤིང་ཡིན་པ་ལ་ཐེངས་ཤིག་ན་བཟའ་ཆ་ཚང་མེས་འཚིགས་ཀྱང་མེ་མ་བཞེས་པའི་བྱིན་རླབས་ཅན།微信图片_20200704063033.jpg

微信图片_20200704063042.jpg

༣:༤རྗེ་བསྟན་པའི་སྒྲོན་མེ་འཁྲུངས་ས་ལ་ཏཱ་རེ་རང་བྱོན་དུ་ཡོད་པ་རྡོ་ངོས་སུ་ཐིག་འཕྲེང་གསུམ་ཙམ་ཚེགས་མེད་པར་འདོན་ཐུབ་ལ་དེའི་ཉེ་འཁོར་གྱི་རྡོ་ཆེ་ཆུང་མང་བོའི་ཐོག་ཨོཾ་དང་ཨཱཿདེ་མ་ཡིན་པའི་ཡིག་འབྲུ་སྣ་ཚོགས་གསལ་བ་མ་ཟད་རྡོ་ཁ་བཀད་བའི་ངོས་ན་ཡང་ཡི་གེ་ཡོད་རབ་བཤད།

微信图片_20200704063048.jpg

微信图片_20200704063054.jpg

 ༥:༦རྗེ་ཁོང་ཉིད་བྱིས་པའི་སྐབས་ཁྱིམ་ཚང་གི་རུ་བ་ཡོད་སའི་མཚེར་ས་ཡིན་ལ་དེ་ནས་རྩེད་མོའི་སྐབས་ཀྱི་རྡོའི་བཅིབ་སྒ་དང་སྐུའི་དབྱིབས་ཀྱི་རང་བྱོན་གཞན་ཁྱི་ར་སྐོར་གསུམ་སོགས་ཡོད་པར་བཤད།

微信图片_20200704063100.jpg

微信图片_20200704063106.jpg

微信图片_20200704063113.jpg

༧:༨:༩ཁོང་དགོངས་ལོ་སོ་བདུན་པ་ས་རྟ་ལོར་༡༧༩༨ཕྱག་བཏབས་པའི་མཛོད་དགེ་སྒར་སར་དགོན་དང་དེ་ན་ཡོད་པའི་གུང་ཐང་མཆོད་རྟེན་མཐོང་བ་དོན་ལྡན་བཅས་སོ།།མཆོད་རྟེན་དེ་བླ་བྲང་གི་མཆོད་རྟེན་གྱི་མ་དཔེར་ཚོད་ལྟ་རུ་བཞེངས་པ་ཡིན་པ་ཁོང་འཇམས་དབྱངས་བླ་མ་དྲུག་པ་མཆོག་གི་ཞལ་ནས་ཐོས་སོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།