རི་དྭགས་འཁོར་ལོ།

    སྤེལ་དུས།  2015-12-06 23:59:56         ཀློག་ཐེངས།  

རི་མོ། 9.jpg   

         རི་དྭགས་འཁོར་ལོའི་མཚོན་དོན་ནི་འཁོར་ལོས་སངས་རྒྱས་དང་རི་དྭགས་གཉིས་ཀྱིས་ཉན་ཐོས་གཉིས་མཚོན་ཞེས་ཟེར། ཡང་གཞན་དུ་བདག་ཅག་གི་སྟོན་པས་ཡུལ་ཝ་ར་ན་སིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་འཁོར་ལྔ་སྡེ་བཟང་པོར་བདེན་པ་བཞིའི་ཆོས་འཁོར་བསྐོར་བའི་ཚེ། འཇིག་རྟེན་མེས་པོ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན.པ་དེ་ཕུལ་ཏེ་གསོལ་བ་ལྟར་བཀྲ་ཤིས་པའི་མཚོན་བྱེད་དང༌། རི་དྭགས་བསེ་རུ་ཁ་སྤྲོད་དུ་སྡོད་པ་དེས་ཆོས་སྐུལ་བ་པོ་དང་ཞུ་བ་པོ་མཚོན་པའོ། །འཁོར་ལོས་བདེ་བར་གཤེགས་པའི་མདོ་སྔགས་ཀྱི་ཆོས.ཀྱི་འཁོརལོ་འགྲོ་བའི་མོས་པ་དང་འཚམ་པ་དྲང་ངེས་སུ་བསྐོར་བ་ལ། མུ་སྟེགས་པ་རྣམས་ཁེངས་པ་དོར་ནས་བསྟན་པ་ལ་ཞུགས་ཤིང་གུས་འདུད་མཚོན་ཕྱིར་རི་དྭགས་ཕོམོ་ཉལ་སྟབས་ཀྱིས་གདོང་ཕྱིར་ཕྱོགས་ཤིང་འཁོར་ལོའི་རྩེར་བལྟས་ཡོད་པ་བཅས་སོ། །

 

 


 

བརྒྱུད་འགོད།