བོད་ཀྱི་སྒྲོལ་མ་རང་བྱོན་མའི་དཀར་ཆག་གསར་བསྒྲིགས།

    སྤེལ་དུས།  2021-03-21 08:54:52         ཀློག་ཐེངས།  

སྒྲོལ་དཀར་རང་བྱོན།༼རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་།༽

སྒྲོལ་མ་རང་བྱོན་དང་། བྲག་ཡེར་པ་རུ་བཞུགས།

སྒྲོལ་མ་རང་བྱོན། སྟག་ཚང་ལྷ་མོ་ཀིརྟི་དགོན་ན་བཞུགས།

微信图片_20190609125307.jpg

སྒྲོལ་མ་རྡོ་བརྐོས་རང་བྱོན།རོང་བོ་དགོན་པར་བཞུགས།

སྒྲོལ་མ་ལའི་སྨན་བླ་རང་བྱོད། ཙ་རི་སྒྲོལ་མ་ལར་བཞུགས། བོད་རང་སྐྱོང་ལྗོངས་ཀློ་ཡུལ།

སྒྲོལ་ལུང་སྒྲོལ་མ་རང་བྱོན། མཚོ་སྔོན་པོའི་སྒྲོལ་ལུང་དུ་བཞུགས།

མ་ཐིས་སྒྲོལ་མ།.jpg

 མཱ་ཐིས་སྒྲོལ་མ་རང་བྱོན་ནི་སྤྱི་ལོ་༣༣༠ནས་སྤྱི་ལོ་༤༠༠ཡས་མས་སུ་སྔོན་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་སྐྱེ་བ་སྔ་མ་ཞིག་ལ་རྒྱ་ནག་ཡུལ་གྱི་རྒྱལ་ཕྲན་གྱི་རྒྱལ་བོའི་སྲས་སུ་སྐྱེ་བ་བཞེས་པའི་མཚན་ལ་བློ་གྲོས་འཕེལ་གསོལ་ཞིང་། དེ་ཉིད་གནས་འདི་རུ་ཕེབས་ནས་བསིལ་ཐང་དཔོན་པོའི་བཙུན་མོའི་ལུས་སུ་ཀླུ་བདུད་ཞུགས་པ་བཏུལ་ནས་ཁོ་མོས་ཆོས་རྒྱལ་བློ་གྲོས་འཕེལ་ལས་ཆོས་ཀྱི་གདམས་པ་གསན་ཞིང་། ནོར་ལོངས་སྤྱོད་ཀྱི་ཡོན་ཕུལ་བ་མ་བཞེས་པར་མོ་རང་ཡིད་སྐྱོ་བའི་ངང་ནས་གཡང་ཊི་དཀར་བོ་ལ་མོ་རང་དང་འདྲ་བའི་རི་མོ་བརྐོས་པ་རྗེས་སུ་འཕགས་མ་རྗེ་བཙུན་མ་སྒྲོལ་མ་ལྗང་མོ་སྐུ་ངོ་མཚར་བ་ཡིད་དུ་འོངས་པ་སོར་གསུམ་ཙམ་ཡོད་པ་རང་བྱོན་དུ་གྲུབ་པ་ཡིན་ལ་ད་ལྟའང་སྒྲོལ་མའི་བྲག་ཕུག་གི་འཇིམ་སྐུའི་གཟུངས་འཇུག་གི་ཚུལ་དུ་བཞུགས་ཡོད་དོ།། དུས་རབས་བརྒྱད་པར་བོད་བཙན་པོས་རྨ་ནུབ་ཁྱམས་རིང་དབང་བསྒྱུར་བྱས་པ་ནས་བཟུང་ད་ལྟའི་བར་དུ་བོད་པའི་རུས་རྒྱུད་ལས་ཁྱུང་ཚ་དང་ར་ཚ་སོགས་ཀྱི་ཚོ་བ་ཁ་ཤས་ཀྱིས་བསྐྱང་བ་ཡིན་ནོ།།

ས་གནས། ཀན་སུའུ་ཞིང་ཆེན་འབྲོང་ཡུལ་(张掖市)གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་མཱ་ཐིས་བོད་རིགས་ཡུལ་ཚོ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn       


བརྒྱུད་འགོད།