ཤེས་རབ་གཡང་དཔེ་མཛོད་ཁང་ངོ་སྤྲོད།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2015-12-08 10:08:25     རྩོམ་པ་པོ།   ཤེས་རབ་གཡང་དཔེ་མཛོད་ཁང་    ཀློག་ཐེངས།  

微信图片_20190629185917.jpg

 ཤེས་རབ་གཡང་དཔེ་མཛོད་ཁང་ནི་བོད་རིག་པའི་རྒྱུ་ཆ་གཙོ་བོར་ཉར་ཚགས་བྱེད་ཅིང་དཔེ་གཟིགས་དང་བོད་རིག་པར་ཞིབ་འཇུག་བྱེད་པ་དག་གི་ཆེད་དུ་བསྐྲུན་པའི་དཔེ་མཛོད་ཁང་ཞིག་ཡིན་ལ། དཔེ་མཛོད་ཁང་འདི་ནི་ལོ་ངོ་མང་བོར་སྒེར་གྱིས་ཉར་ཚགས་བྱས་པའི་དཔེ་ཆ་དག་གཞི་བྱས་ཏེ་བཙུགས་པ་ཞིག་ཡིན་ལ། བཙུགས་པའི་རྗེས་སུ་གྲོགས་པོ་མང་བོ་ཞིག་གི་རྒྱབ་སྐྱོར་ལ་བརྟེན་ནས་རིམ་བཞིན་བོད་རིག་པའི་རྒྱུ་ཆའི་ཐད་ནས་ཁ་ཇེ་ཚང་དང་ཚགས་ཇེ་ཞིབ་ལ་འགྲོ་བཞིན་ཡོད།

      དང་བོ། དཔེ་མཛོད་ཁང་འདིའི་ལས་གཉེར་བ་དག་ནི་རང་གི་ཁྱིམ་ཚང་གི་མི་སྣ་ཡིན།

      གཉིས་པ།བོད་རིག་པའི་རྒྱུ་ཆ་ཉར་ཚགས།དཔེ་མཛོད་ཁང་འདིས་ད་ལྟ༡གཞུང་སྒེར་གྱི་དུས་དེབ། ༢ ཚགས་པར་སྣ་ཚོགས༣ ནང་ཁུལ་དཔྱད་ཡིག༤ས་གནས་ལོ་རྒྱུས།༥བོད་དང་འབྲེལ་བའི་བརྙན་རིས།༦བོད་རིག་པའི་དཔེ་ཁྲིད་ཀྱི་སྒྲ་བརྙན།༧བོད་དང་འབྲེལ་བའི་གློག་བརྙན།གཞུང་གིས་པར་དུ་བསྐྲུན་པའི་དཔེ་ཆ་བཅས་ཉར་ཚགས་བྱེད་ཀྱིན་ཡོད་ལ་མུ་མཐུད་དུ་ཁ་ཚང་བ་ཞིག་ཏུ་འགྱུར་བརྩི་བྱེད།

      གསུམ་པ། ཞབས་ཞུའི་རྣམ་གྲངས།དཔེ་མཛོད་ཁང་འདིས༡ དཔེ་ཀློག༢ཞིབ་འཇུག་གི་རྒྱུ་ཆ་འདོན་པ།༣སློབ་ཁྲིད་དཔྱད་གཞིའི་རྒྱུ་ཆ་འདོན་པ། ༤གནའ་དཔེ་མྱུར་སྐྱོབ།༥སློབ་ཁྲིད་ལ་ཉན་དུ་འཇུག་པ་བཅས་ཀྱི་ཞབས་ཞུ་བྱེད།

      བཞི་བ། དཔེ་མཛོད་ཁང་གི་ལས་གཉེར། དཔེ་མཛོད་ཁང་འདིས་མ་འོངས་པར་མུ་མཐུད་བོད་རིག་པའི་རྒྱུ་ཆ་བསགས་གཉེར་འདོན་གསུམ་གྱི་ལས་བྱེད་པ་ལས་གཞན། ༡ རིག་གཞུང་སྙན་ཞུ། ༢ཟབ་སྦྱོང་འཛིན་གྲྭ། ༣ དཔེ་ཀློག་བྱ་འགུལ།   ༤ཡིག་སྒྱུར། ༥རྩོམ་ཡིག་འགྲན་བསྡུར།   ༦རྩོམ་སྒྲིག་སོགས་ཀྱི་ལས་ཀ་ཡང་སྐབས་བསྟུན་གྱིས་གཉེར་རྒྱུ་ཡིན།  

       ད་ལྟ་ཚོས་བསྒྲུབས་ཟིན་པ་ནི་《བོད་ཀྱི་མཁས་པའི་ཞལ་གདམས་གསེར་གྱི་གཏེར་ཁ》ཞལ་ཆེར་ད་ལོ་པར་དུ་བསྐྲུན་ཐང༌།《བོད་ཀྱི་དེང་རབས་ལོ་ཙྰ་བའི་དཀར་ཆག》གྲུབ་ཟིན་ལ《བོད་རིག་པའིདཔྱད་རྩོམ་ཀྱི་དཀར་ཆག》དང་《བོད་ཀྱི་བརྡ་རྙིང་ཚིག་མཛོད》བཅས་རྩོམ་སྒྲིག་བྱེད་བཞིན་པའི་དུས་ཡིན།ད་དུང་དཔེ་ཆ་འགའ་ཞིག་བསྒྱུར་བཞིན་པའི་དུས་ཡིན།

       ལྔ་བ། རེ་བ། དཔེ་མཛོད་ཁང་འདི་ནི་ད་དུང་གོག་ནས་སྣུར་བའི་བྱིས་པ་ཞིག་ཡིན་པས་སྤྱི་ཚོགས་ལས་རིགས་ཁྲོད་ཀྱི་གྲོགས་པོ་དག་གིས་རང་གིས་གཉེར་བའི་དུས་དེབ་དང་དཔེ་ཆ། ཚགས་པར་སོགས་བོད་རིག་པའི་རྒྱུ་ཆ་སོགས་ཕྱོགས་གང་ཐད་ནས་རོགས་རམ་བྱེད་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།

                                                                                                               ཤེས་རབ་གཡང་དཔེ་མཛོད་ཁང༌།

བརྒྱུད་འགོད།