ཞལ་ཤུལ་སྐུ་འཕྲེང་གཉིས་པ་རྗེ་ངག་དབང་བསྟན་པའི་རྒྱ་མཚོའི་གསུང་འབུམ་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-02-19 23:35:00     རྩོམ་པ་པོ།   རོང་བརྩོན།    ཀློག་ཐེངས།  

           ༼པོད་དང་པོ།༽

དགེ་ལྡན་སྙན་བརྒྱུད་ཀྱི་མན་ངག་ཟབ་ཁྱད་ཅན་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་སྒོ་ནས་ལམ་ཡོངས་རྫོགས་ལ་བག་ཆགས་འཇོག་ཚུལ་དམ་པ་གོང་མའི་གསུང་ཤ་སྟག་གོ་རིམ་ཁྲིགས་ཆགས་སུ་བཀོད་པ་ཞེས་བྱ་བ།

དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བར་འཇམ་དབྱངས་དཀར་པོའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ཤེས་རབ་སྒོ་འབྱེད་ཅེས་བྱ་བ།

རྒྱལ་ཡུམ་ངག་གི་དབང་ཕྱུག་འཕགས་མ་དབྱངས་ཅན་མའི་བླ་མའི་རྣལ་འབྱོར་དང་འབྲེལ་བའི་བསྟོད་པ་ངང་བའི་རྒྱལ་པོའི་མགྲིན་པའི་རྫ་རྔ།

བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་བྱ་བ་མཚན་བྱང་གཅིག་ཀྱང་དོན་མི་འདྲ་བ་གཉིས།

སྒྲུབ་པའི་རྒྱལ་མཚན་འཛིན་པ་སེང་ཚང་མཆོག་སྤྲུལ་རིན་པོ་ཆེ་ལ་བསྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་སྒོ་འབྱེད་ཅེས་བྱ་བ།

ལམ་རིམ་སྨོན་ལམ་གྱི་འགྲེལ་བ་གནད་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ།

གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པས་མཛད་པའི་སྒྲོལ་དཀར་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་ཚིག་གི་འབྲུ་འབྲེལ་ཟླ་འོད་སྙེ་མ་ཞེས་བྱ་བ།

པཎ་ཆེན་ཐམས་ཅད་མཁྱེན་པས་མཛད་པའི་དབྱངས་ཅན་མ་དཀར་མོའི་བསྟོད་པའི་དོན་འགྲེལ་ཞེས་བྱ་བ།

འཇམ་དཔལ་དཔའ་བོ་མའི་འགྲེལ་བ་ཀུན་ཏུ་བཟང་པོའི་ཞལ་གྱི་བདུད་རྩི་ཞེས་བྱ་བ། 

དབྱངས་ཀྱི་མཚམས་སྦྱོར་གྱི་དོན་འགྲེལ་ཞེས་བྱ་བ།

འགྲེལ་བ་བཞི་སྦྲགས་འཆད་ཐབས་ཀྱི་ཟིན་བྲིས་མི་བསྐྱོད་རྡོ་རྗེའི་ཞལ་ལུང་ཞེས་བྱ་བ།  རྗེའི་མཆོད་ཆོག་བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ་ཞེས་བྱ་བ།

རྡོ་རྗེ་སེམས་དཔའི་བསྒོམ་བཟླས་བྱ་ཚུལ་ཉེས་ལྟུང་སྨག་རུམ་སེལ་བའི་ཉི་འོད་ཅེས་བྱ་བ།   འཇིགས་བྱེད་བསྡུས་པ། བཟའ་བཏུང་ཚོགས་འཁོར་བྱེད་ཚུལ།

བདེ་མཆོག་བསྙེན་པའི་སྐབས་ཐུན་ཕྱི་མ་རྣམས་ལ་ཆོ་ག་བསྡུ་ཚུལ་ཞེས་བྱ་བ།

ཁྲོ་བཅུའི་གཏོར་བཟློག་གི་ལས་བསྒྲིགས་ཞེས་བྱ་བ

རྒྱལ་མཁན་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་འདུས་པའི་བརྒྱུད་འདེབས་ལ་ཁ་སྐོང་ཟུར་འདེབས།

བསྟན་པའི་གསལ་བྱེད་ཅུན་དཀར་སྤྲུལ་བའི་སྐུ་སྐལ་བཟང་མཁྱེན་རབ་རྒྱ་མཚོའི་ཞབས་པད་བརྟན་པའི་སྨོན་ཚིག

ཞབས་བརྟན་གསོལ་འདེབས་སྔོན་གོམས་ཐུགས་བསྐྱེད་མ་ཞེས་བྱ་བ།

རྗེ་བཙུན་བླ་མའི་ཞབས་ཀྱི་པདྨོ་ཡུན་རིང་གནས་པར་བྱེད་པའི་ཞབས་བརྟན་གསོལ

འདེབས་བཅུ་གཉིས་བདག་པོའི་དཀྱིལ་འཁོར་ཞེས་བྱ་བ།

ཁྱིམ་པ་རྣམས་ཀྱི་གསོ་སྦྱོང་ལེན་ཚུལ།

བདེ་གཤེགས་རིན་ཆེན་མེ་འོད་ལ་བརྟེན་ནས་དཀོར་སྒྲིབ་སྦྱོང་ཐབས།

བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་བསྒོམ་བཟླས་མདོར་བསྡུས།

ཡུལ་ཁྲུས་བྱེད་ཚུལ།     

ཆབ་གཏོར་ཤཱཀ་ཐུབ་མ་གཏོང་ཚུལ་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ།

ཡི་དམ་ལྷག་ལྷ་ཆོས་སྐྱོང་གང་ལ་ཡང་སྦྱར་ཆོག་པ།

ཚོགས་འཁོར་མདོར་བསྡུས།

འཇམ་བསྟོད་རབ་དཀར་འོ་མཚོ་མ།

མདོ་སྡེ་ཐར་པ་ཆེན་པོ་གསར་བཞེངས་ཀྱི་སྨོན་ཚིག།

ཐར་པ་ཆེན་པོའི་མདོ་སྡེ་བཀླགས་པའི་མཇུག་ཏུ་སྦྱོར་རྒྱུའི་སྨོན་ཚིག

མདོ་སྡེ་བསྐལ་བ་བཟང་པོའི་དགེ་བ་རྫོགས་བྱང་དུ་བསྔོ་བའི་སྨོན་ཚིག

ཐུགས་རྗེ་ཆེན་པོའི་གཟུངས་རིང་གི་དོན་འགྱུར།

རྗེ་བཙུན་མ་ཕོངས་པ་སེལ་བའི་སྒྲོལ་མའི་སྒོ་ནས་གཏེར་སྒྲུབ་བྱེད་ཚུལ།

སྒྲོལ་མའི་ཚོགས་འབུལ་མདོར་བསྡུས། ཐུན་དྲུག་བསྡུས་པ།

ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་གཏོར་ཆོག་མདོར་བསྡུས།

སྒྲོལ་མའི་གཡང་འབོད་མདོར་བསྡུས་བཀྲ་ཤིས་དབྱངས་སྙན་ཞེས་བྱ་བ།

སྒྲོལ་མའི་ཀླུང་རྟ་བཀྲ་ཤིས་དཔལ་འབར་ཞེས་བྱ་བ། རླུང་རྟ་དབང་གི་རྒྱལ་པོ་མ།

བསྟན་སྲུང་སྤྲུལ་བའི་ཆོས་རྒྱལ་སྐུ་ལྔའི་གཡང་འབོད་འདོད་རྒུའི་ཆར་ཆེན་འབེབས་པའི་རྫོགས་ལྡན་སྤྲིན་ཕུང་ཞེས་བྱ་བ།

དྲེགས་པ་ཆེན་པོ་རཱ་ཧུ་ལའི་བསྐང་བཤགས་མདོར་བསྡུས།

བོད་ཁམས་སྐྱོང་བའི་མཁའ་འགྲོ་ཚེ་རིང་མཆེད་ལྔའི་གསོལ་མཆོད།

འགོ་བའི་ལྷ་ལྔ་ལ་གསེར་སྐྱེམས་འབུལ་ཚུལ།

དགྲ་ལྷའི་དབང་པོ་མཆེད་དགུ་ལ་གསོལ་མཆོད་བྱ་ཚུལ་དགྲ་ལས་རྣམ་རྒྱལ།

ཡུལ་སྐྱོངས་དགྲ་ལྷའི་རྒྱལ་པོ་ཨར་རྩ་ཐུའི་གསོལ་མཆོད་རྒྱས་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཞེས་བྱ་བ།

བསང་ཁ་བསྔོས།

རང་གི་རྩ་བའི་བླ་མ་དང་རྗེ་ཙོང་ཁ་བ་ཆེན་པོ་ངོ་བོ་དབྱེར་མེད་དུ་བྱས་ནས་གསོལ་བ་འདེབས་ཚུལ་ལེགས་ཚོགས་བྱེ་བའི་སྒོ་འབྱེད་ཅེས་བྱ་བ།

རྒྱལ་བ་ཙོང་ཁ་བ་ཆེན་པོ་དང་རང་གི་རྩ་བའི་བླ་མ་དབྱེར་མེད་དུ་མོས་ནས་གདུང་བའི་དབྱངས་ཀྱིས་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་ལྷའི་རྔ་སྒྲ་ཞེས་བྱ་བ།

ཀུན་མཁྱེན་བླ་མ་མཆོག་གི་ཐུགས་སྲས་དམ་པ་གང་ལའང་སྦྱར་ཆོག་པའི་

ཐུགས་བཞེད་འགྲུབ་པའི་སྨོན་ཚིག་ཞེས་བྱ་བ།

བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་དབྱེར་མེད་དུ་བགྱིས་ཏེ་གསོལ་བ་གདབ་ཚུལ་ཞེས་བྱ་བ།

མགོན་པོ་འོད་དཔག་མེད་ཀྱི་གསོལ་འདེབས།

བྱིན་རླབས་ཀྱི་གཏེར་ཆེན་པོ་ཇོ་ལུགས་སྒྲོལ་མ་ཉེར་གཅིག་གི་གསོལ་འདེབས་འཕྲིན་ལས་རྣམ་བཞིའི་སྒོ་འབྱེད་ཅེས་བྱ་བ།

རྗེ་ཐམས་ཅད་མཁྱེན་པ་སྒོ་མང་རྡོ་རྗེ་འཆང་གི་ཞལ་སྔ་ནས་ལ་གདུང་དབྱངས་ཀྱི་སྒོ་ནས་གསོལ་བ་འདེབས་པ་བླ་མའི་ཐུགས་རྗེ་སྐུལ་བའི་གདངས་སྙན་ལྷའི་རོལ་མོ་ཞེས་བྱ་བ།

ཕ་བླ་མ་དྲན་པའི་གདུང་དབྱངས་ཐུགས་རྗེའི་ཆར་རྒྱུན་བསྐུལ་བའི་འབྲུག་སྒྲ་ཞེས་བྱ་བ།  གསོལ་འདེབས་བྱིན་རླབས་ཆར་འབེབས་ཞེས་བྱ་བ།

ཙོང་ཁ་པ་ཆེན་པོའི་ཕྱི་ནང་གསང་གསུམ་གྱི་སྒྲུབ་པའི་སྙིང་པོ་བསྡུས་པའི

གསོལ་འདེབས་ཞེས་བྱ་བ།

འཕགས་མ་འོད་ཟེར་ཅན་མའི་བསྟོད་པ་ཞེས་བྱ་བ།

ཇོ་མཇལ་སྨོན་ཚིག་སོགས་སྐུ་བསྟོད་སྣ་ཚོགས།

ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་པོའི་མདུན་ནས་འཇིགས་བྱེད་དཔའ་གཅིག་གི་དབང་མནོས་སྐབས་ཐོག་མའི་སྟ་གོན་གྱི་གསུང་བཤད་ཟིན་བྲིས།

སྔོན་འགྲོའི་ཁྲིད་ཆེན་བཞིའི་ཟིན་བྲིས་ཞེས་བྱ་བ།

སྐྱབས་འཇུག   དབྱར་གནས་པའི་གཞིའི་ཕྱག་ལེན་སྐོར།

ཀུན་མཁྱེན་འཇམ་དབྱངས་བཞད་པ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པ་སོགས་མཎྜལ་བཤད་པ་གསུམ།

ཕྱི་རོལ་རྩིས་ཀྱི་རི་མོ་གཏན་ལ་འབེབས་ཚུལ་བླ་མ་མཆོད་པའི་སྤྲིན་ཕུང་ཞེས་བྱ་བ།

སྟོང་ཆེན་རི་མོ་པད་དཀར་དགོངས་རྒྱན།

སུ་ལ་ཡང་མི་མཁོ་བའི་སབ་ར་སུབ་ར་ཞེས་བྱ་བའི་རྩིས་གཞུང་།

དབྱངས་འཆར་ཚེ་རྩིས་ཀྱི་མན་ངག་གསལ་བར་བཀོད་པ་ཞེས་བྱ་བ།

སྤར་མེ་སོགས་ཀྱི་འབྲས་བཤད་མདོར་བསྡུས་ཞེས་བྱ་བ།

རྒྱ་ནག་རྡེལ་སྐོར་འབྲས་བཤད་དང་བཅས་པ་ཞེས་བྱ་བ།

                  ༼པོད་གཉིས་པ།༽

རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་ངག་གི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མང་གི་འགྲེལ་བ་དྲི་མེད་ཤེལ་གྱི་འབབ་སྟེགས་ཞེས་བྱ་བ།

བོད་ཀྱི་བརྡའི་བསྟན་བཅོས་སུམ་ཅུ་པ་རྩ་འགྲེལ་གྱི་སྙིང་པོའི་དོན་བསྡུས་ཏེ་བཀོད་པ་རིན་ཆེན་ལྡེ་མིག་ཅེས་བྱ་བ།

རྟགས་ཀྱི་འཇུག་པའི་དོན་གོ་དཀའ་བ་ཐོར་བུ་འགའ་ཞིག་རང་གི་བརྗེད་བྱང་དུ་བཀོད་པ་ལེ་ཚན་གཉིས་ཞེས་བྱ་བ།

དག་ཡིག་རིན་ཆེན་མྱུ་གུ་ཞེས་བྱ་བ།

     ཞལ་ཤུལ་ཚང་སྐུ་འཕྲེང་གཉིས་པ་མདོ་སྔགས་རིག་གནས་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་མཁས་པའི་དབང་པོ་རྗེ་བཙུན་ངག་དབང་བསྟན་པའི་རྒྱ་མཚོ་མཆོག་ནི།

རྨ་ཀླུང་རིང་མོ་དལ་གྱིས་འབབ་པའི་འགྲམ་གྱི་འབྲོག་སྡེ་ཁྲོ་ཁོར་རབ་བྱུང་བཅུ་བཞི་བའི་ས་རྟ་ལོར་སྐུ་འཁྲུངས། ཞལ་ཤུལ་སྐུ་གོང་མའི་ལུང་བསྟན་ཡིག་བཞག་ལྟར་རྗེ་ཁེ་ཐལ་ཚུལ་ཁྲིམས་དར་རྒྱས་ཀྱི་ཡང་སྤྲུལ་དུ་འཁྲུལ་བྲལ་ངོས་འཛིན་བྱས།ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ནས་ཐོས་བསམ་ལྷོད་མེད་མཛད་པས། བཀའ་པོད་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ཞིང་།ཀུན་མཁྱེན་སྐུ་འཕྲེང་བཞི་བ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག རྗེ་ཤེས་རབ་རྒྱ་མཚོ།  མཁན་ཆེན་ངག་དབང་ཐུབ་བསྟན་རྒྱ་མཚོ་སོགས་ཀྱི་ཞབས་པད་ཡུན་རིང་བསྟེན་ནས། མདོ་སྔགས་ཀྱི་ཁྲིད་མང་པོ་གསན་ནས་གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་བར་མཛད། སྐྱབས་མགོན་མཆོག་གི་བཀའ་བཞིན་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་དང་། རྔ་ཡུལ་སྒོ་མང་དགོན་དགོན་སོགས་ཀྱི་ཆོས་ཀྱི་ཁྲིར་ལོ་མང་བཞུགས་ཤིང་། རྔ་ཡུལ་རྟོགས་ལྡན་དགོན་དང་། སྔོ་ཤུལ་དགོན་སོགས་ལ་ལན་མང་ཕེབས་ནས་བཀའ་ཆོས་མང་པོ་གནང་། གདན་ས་ཞལ་ཤུལ་དགོན་ཆོས་སྲིད་ཟུང་གིས་རྟག་ཏུ་བསྐྱངས་ནས་མདོ་སྔགས་ཟུང་འབྲེལ་བསྟན་པ་རིན་པོཆེ་ཆེས་ཆེར་སྤེལ་བར་མཛད་ཅིང་། རབ་བྱུང་བཅོ་ལྔ་བའི་མེ་སྦྲུལ་ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད།

དུས་འགྱུར་དབང་གིས་གསུང་རྩོམ་མང་པོ་མེད་བརླག་ཏུ་སོང་ཡང་ད་ལྟ་གདན་ས་ཞལ་ཤུལ་དགོན་དུ་པོད་གཉིས་ཙམ་བཞུགས་ཡོད་དོ།།

༼རོང་བརྩོན།༽

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།