དངུལ་རྭ་གཉན་ཐོག་དགོན་པའི་དགེ་བཤེས་སྐལ་བཟང་ཚུལ་ཁྲིམས་ཀྱི་གསུང་འབུམ་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-02-02 07:00:00     རྩོམ་པ་པོ།   སྐལ་བཟང་ཆོས་འཛིན།    ཀློག་ཐེངས།  

༼ པོད་དང་བོ། ༽

རྗེ་བཙུན་སྐལ་བཟང་ཚུལ་ཁྲིམས་དཔལ་བཟང་བོའི་རྣམ་པར་ཐར་བ་དད་པའི་པདྨོ་བཞད་པའི་ཉིན་བྱེད་ཅེས་བྱ་བ།

རྡོ་རྗེ་འཆང་རྗེ་བཙུན་སྐལ་བཟང་དཀོན་མཆོག་རྒྱ་མཚོའི་རྣམ་པར་ཐར་བ་དད་པའི་ཆུ་སྐྱེས་བཞད་པའི་ཉིན་བྱེད་ཅེས་བྱ་བ།

གཉན་ཐོག་སྐུ་འཕྲེང་རིམ་བྱོན་གྱི་རྣམ་ཐར་ངོ་མཚར་གཏམ་གྱི་འཕྲེང་བ་ཞེས་བྱ་བ།

དངུལ་རྭའི་གཉན་ཐོག་དགོན་དགེ་ལྡན་དམ་ཆོས་ཀུན་རྒྱས་གླིང་གི་བྱུང་བ་དཔྱོད་ལྡན་གཟིགས་མོ་ཞེས་བྱ་བ།

འཇམ་མགོན་ཡབ་སྲས་དང་ཇོ་སྐུའི་སྣང་བརྙན་གྱི་གཟུངས་གཞུག་གི་དཀར་ཆག

འདུལ་བའི་བསླབ་བྱའི་གནད་འགག་རྩོམ་འཕྲོ།

སྐྱབས་ཚོགས་བྱིན་རླབས་འདོད་འཇོ་ཞེས་བྱ་བ།

ཚོགས་གཏམ་གྱི་སྐོར།

དགེ་ལྡན་རྩིས་ཀྱི་བསྟན་བཅོས་ལེགས་པར་བཤད་པ་མཁས་གྲུབ་ཞལ་ལུང་དཔྱོད་ལྡན་འདོད་འཇོ་ཞེས་བྱ་བ།

ས་གླང་དང་ཉི་འཛིན་ཟླ་འཛིན་ཕྱོགས་བསྒྲིགས་འགའ་ཐོར་བུར་བཀོད་པ།

སྙན་དངགས་ལེའུ་གཉིས་པའི་དཔེར་བརྗོད་དབྱངས་ཅན་དགྱེས་པའི་བཞད་སྒྲ་ཞེས་བྱ་བ།

འཕྲིན་ཡིག་གི་སྐོར།

བསང་མཆོད་རབ་མང་མ་ཞེས་བྱ་བ།

ལག་དེབ་རབ་གསལ་མེ་ལོང་ཞེས་བྱ་བ།

ས་ཆོག་དང་སྒྲུབ་མཆོད་ལག་དེབ་དཔྱོད་ལྡན་རེ་སྐོང་ཞེས་བྱ་བ།

དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ས་བཅད་དང་ཚོན་མདོག་ལྷ་མཚན་སོགས་འགོད་ཚུལ།

དུས་འཁོར་སྒྲུབ་མཆོད་ཀྱི་ལག་དེབ།

དུས་འཁོར་གྱི་སྦྱིན་སྲེག་བཤད་ཚུལ།

འཇིགས་བྱེད་སྦྱིན་སྲེག་བཤད་ཚུལ།

ཀུན་རིག་ས་ཆོག་གི་སྐོར།

འཇིགས་བྱེད་ས་ཆོག་གི་སྐོར།

     བཤེས་གཉེན་དམ་པ་༧རྗེ་སྐལ་བཟང་ཚུལ་ཁྲིམས་རྒྱ་མཚོ་ནི། རབ་ཚེས་མེ་གླང་སྟེ་སྤྱི་ལོ་༡༩༢༥ལོར་དངུལ་རྭ་ནས་སྐུ་འཁྲུངས། དགུང་ལོ་བརྒྱད་པར་གྲུབ་དབང་གཉན་ཐོག་རིན་པོ་ཆེའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས། མཚན་ལ་སྐལ་བཟང་ཚུལ་ཁྲིམས་ཞེས་གསོལ། དངུལ་རྭའི་གཉན་ཐོག་དགོན་གྱི་ཆོས་གྲྭར་ཞུགས་ཏེ་ལྟོ་སྐྱ་གོས་ཧྲུལ་གྱི་འཚོ་བས་ཐོས་བསམ་རྡོ་རུས་ཐུག་པ་གནང་། དགེ་རྒན་རིན་པོ་ཆེ་རྗེ་སྐལ་བཟང་རབ་རྒྱས་པའི་དྲུང་ནས་འདོན་རྟ་དབྱངས། ཐིག་རྡུལ་ཚོན། རོལ་མོ་འབུད་དཀྲོལ་ཚུན་ཆད་ཀྱི་ཕྱག་ལེན་མཐའ་དག་ཞིབ་ཏུ་སྦྱངས་ཤིང་ཐུགས་ཟིན་གྱི་སྲས་སུ་གྱུར། རབ་རྒྱལ་ཤིང་ལུག་སྟེ་སྤྱི་ལོ་༡༩༥༥ལོར་དགེ་རྒན་རིན་པོ་ཆེའི་གསུང་བཀོད་ལྟར་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ། དུས་འཁོར་དང་སྨན་པའི་ཕྱག་ལེན། རྒྱུད་པ་དང་ཚོགས་ཆེན་གྱི་ཕྱག་ལེན་མཐའ་དག་ལ་སླར་ཡང་ཞིབ་ཏུ་སྦྱངས་ཤིང་དྲི་གཏུགས་མཐའ་ཆོད་པ་ཞུས་ནས་མི་འཇིགས་སྨྲ་བའི་སྤོབས་པ་མཆོག་ཏུ་རྒྱས། རིག་གསར་དུས་འགྱུར་གྱི་སྐབས་སུ་ཡང་དགོན་སྡེ་འདིའི་འཆད་ཉན་མཐའ་དག་ཉིན་རེ་བཞིན་ཐུགས་ཉམས་སུ་བསྟར་ཞིང་ཟིན་བྲིས་སུ་བཏབ་དང་། དགེ་ལྡན་རྩིས་ཀྱི་བསྟན་བཅོས་དཔྱོད་ལྡན་འདོད་འཇོ་ཡང་གཉན་འཕྲང་གི་སྐབས་དེར་གསར་རྩོམ་མཛད་དེ་སློབ་བུ་དག་ལ་ཟབ་ཁྲིད་གནང་། བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཨ་ཁུ་སེར་ཤུལ་ཚང་གི་མདུན་ནས་གཞུང་བཀའ་པོད་ལྔའི་དཔེ་ཁྲིད་ཐར་ཆགས་སུ་ཞུས་པ་སོགས་བསྟན་དང་རིག་གཞུང་གི་དབུ་འཕང་ཉམས་དམའ་བའི་སྐབས་སུ་མཆོག་ཏུ་གཅེས་པར་བཟུང་། བསྟན་པ་ཡང་དར་སྐབས་སུ་དགོན་སྡེ་འདིའི་འཆད་ཉན་དང་ཕྱག་ལེན་མཐའ་དག་གྲ་མ་ཆག་གྲུ་མ་ཉམས་པ་ཕྱི་རབས་བུ་སློབ་དག་གི་ཞིང་སར་སྤེལ་ཏེ། བསྟན་པའི་མེ་རོ་རྨང་ནས་གསོ། ཀུན་མཁྱེན་དྲུག་པོ་ཆེན་མོའི་བཀའ་ལུང་བཞིན་སྡེ་འདིའི་ཆོས་ཁྲིར་བཞུགས་ཏེ། འཆད་ཉན་བཤད་སྒྲུབ་ཀྱི་བྱ་བ་དམར་བར་མཛད། མདོར་ན་རྙེད་བཀུར་སྙན་གྲགས་རིང་དུ་འདོར་ཞིང་སྦས་པའི་རྣལ་འབྱོར་མཆོག་ཏུ་འཛིན་པ་བཀའ་གདམས་རྣམ་ཐར་གཙང་མ་བདག་གིར་བཞེས་པའི་མགོན་པོ་འདི་ཉིད་དགུང་གྲངས་བདུན་ཅུ་བ་ཤིང་ཁྱི་སྟེ་སྤྱི་ལོ་༡༩༩༤ལོར་སྐུ་གཤེགས། གསུང་རྩོམ་པོད་གཅིག་བཞུགས་སོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།