མོག་ཀྱཱ་སྐུ་ཕྲེང་དང་བོ་འཇམ་དབྱངས་རྒྱ་མཚོའི་གསུང་རྩོམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-08-19 23:38:11     རྩོམ་པ་པོ།   གཅན་རུང་ཚུལ་ཁྲིམས།    ཀློག་ཐེངས།  

གསང་འདུས་བསྐྱེད་རིམ་ཟིན་བྲིས།

ཉམས་མགུར་གྱི་འགྲེལ་བ།


མོག་ཀྱཱ་འཇམ་དབྱངས་རྒྱ་མཚོ་ནི། བོད་རབ་བྱུང་བཅུ་གཉིས་པའི་ས་འབྲུག་སྟེ་སྤྱི་ལོ་༡༦༨༨ལོར་གཅན་ཚའི་མོག་ཀྱཱ་ནས་འཁྲུངས། དགུང་ལོ་བདུན་པར་ཆོས་སྡེ་ཆེན་པོ་བདེ་ཆེན་དགེ་ཚོགས་གླིང་དུ་གྲགས་རྒན་པ་བློ་བཟང་བཀྲ་ཤིས་དཔལ་ལྡན་པ་ལས་རབ་ཏུ་བྱུང་སྟེ། ཚོགས་ཆོས་གྲྭ་དང་སློབ་གཉེར་ལ་བརྩོན་པ་རྒྱུན་དུ་བསྟེན་པས་འགྲན་ཟླ་མེད་པའི་ཤེས་རབ་འཕེལ། དགུང་ལོ་ཉེར་ལྔ་ལ་དབུས་སུ་ཕེབས་ཏེ་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པ་དང་པན་ཆེན་བློ་བཟང་ཡེ་ཤེས།  རྒྱུད་སྨད་མཁན་པོ་དགེ་འདུན་ཕུན་ཚོགས་སོགས་བསྟེན་ནས་མདོ་སྔགས་རིག་གནས་སོགས་ལ་མཁྱེན་ངཔྱོད་རྨད་དུ་བྱུང་སྟེ་གདན་ས་གསུམ་དང་རྭ་སྟོད་དུ་གྲྭ་སྐོར་མཛད་པས་སྙན་གྲགས་དབུས་སུ་ཁྱབ། དགུང་ལོ་བཞི་ཅུ་ཞེ་གསུམ་སྟེ་སྤྱོ་ལོ་༡༧༣༠་ལོར་དཔལ་འཁོར་ཆོས་སྡེ་ཆེན་པོའི་མཁན་པོར་བཞུགས། དགུང་ལོ་ལྔ་གཅིག་ལོར་མདོ་སྨད་དུ་བྱོན་ནས་ངང་རུང་བཀྲ་ཤིས་ཆོས་འཕེལ་གླིང་ཕྱག་འདེབས་མཛད། དགུང་ལོ་བདུན་ཅུ་དོན་ལྔ་ལ་ཞི་བར་གཤེགས། གྲགས་རྒན་ཚང་དང་སྔགས་འཆང་འཇམ་དབྱངས་བློ་གྲོས་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་པན་ཆེན་བློ་བཟང་ཡེ་ཤེས། རྒྱུད་སྨད་མཁན་པོ་དགེ་འདུན་ཕུན་ཚོགས་སོགས་བསྟེན་ནས་མདོ་སྔགས་རྒྱ་མཚོའི་ཕ་རོལ་ཏུ་ཟོན། འདི་བ་ལ་གསུང་རྩོམ་པོ་ཏི་བདུན་ཡོད་པར་བཤད་ཀྱང་། དཔལ་གསང་བ་འདུས་པའི་བསྐྱེད་རིམ་ཟིན་བྲིས་མི་བསྐྱོད་རྡོ་རྗེའི་ཞལ་ལུང་དང་ཉམས་མགུར་གྱི་འགྲེལ་བ་བྱང་ཆུབ་མཆོག་གི་ལམ་བཟང་གསལ་བར་བཤད་པའི་དུམ་པ་གཉིས་མ་གཏོགས་མི་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།