མ་ཧཱ་པཎྜི་ཏ་ཆེན་མོ་༧རྗེ་ལྷ་མོའི་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མཆོག་གི་གསུང་འབུམ་དཀར་ཆག་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-06-08 22:46:16     རྩོམ་པ་པོ།   འཇམ་དབྱངས་གྲགས་པ།    ཀློག་ཐེངས།  

微信图片_20210608224518.jpg

༡   འདུལ་བ་རྒྱ་མཚོའི་དཀའ་གནད་མདོར་བསྡུས་ནོར་བུའི་ཕྲེང་བ་ཞེས་བྱ་བའི་འགྲེལ་བ་ཀུན་བཟང་ཞིང་གི་ཉི་མ་གཞན་ཕན་སྣང་བའི་མཛོད་ཅེས་བྱ་བ་བཞུགས་སོ། །

༢   དེའི་སྤྱིར་བསྟན།

༣   དེའི་གཞི་སྨད་ཀྱི་སྐབས།

༤   འདུལ་བའི་སྤྱིར་བསྟན་གྱི་མུ་བཞི།

༥   དགེ་སློང་མའི་བསླབ་བྱའི་སྡོམ་ཚིག་དང་མདོ་རྩ་བའི་སྤྱིར་བསྟན་གྱི་དགོངས་དོན་མཐའ་དག་མཐའ་བཞིར་གཅད་དེ་གཏན་ལ་འབེབས་པའི་རིགས་པའི་འཕྲུལ་འདེགས་ཉིན་བྱེད་སྣང་བ་བཞུགས་སོ། །

༦ མཛོད་ཀྱི་སྡོམ་ཚིག་ཆོས་མངོན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ཀྱི་ཚིག་དོན་ཆ་ཙམ་འགྲེལ་བ་བླ་མའི་གསུང་གི་རྗེས་སུ་འཇུག་པའི་ལེགས་བཤད་མེ་ཏོག་རྒོད་པའི་འཁྲི་ཤིང་།

ཀ    གནས་དང་བོ།

ཁ    གནས་གཉིས་པ།

༧   ལྷ་མོ་གསེར་ཁྲིའི་མཆོག་སྤྲུལ་རིན་པོ་ཆེ་ལ་འཛིན་ཆོས་སུ་གནང་བའི་བསྡུས་གྲྭའི་རིགས་འཕྲུལ་དཔྱིད་ཀྱི་ཕོ་ཉ་ཞེས་བྱ་བ་བཞུགས་སོ། །

༨   མ་ཧྭ་ཙི་ནའི་རྩིས་རིག་དགེ་ལྡན་མཁས་དབང་ཡོངས་ཀྱི་ཕྱག་རྒྱུན་ཏུ་བསྟར་བའི་རྡེལ་འགྲེམ་འཐོར་བསྡུས་རྒྱས་འདྲིལ་དུ་བཀོད་པ་དཔྱོད་ལྡན་སྤྱི་ནོར་ཞེས་བྱ་བ་བཞུགས་སོ། །

༩   དེ་ལ་མཁོ་བའི་རེ་མིག

༡༠   ཀེག་རྩིས་སོགས་ཀྱི་རྡེལ་འགྲེམ་དཔག་བསམ་འཁྲི་ཤིང་གི་འབྲས་བཤད་ཅེས་བྱ་བ་བཞུགས་སོ། །

༡༡   བོད་མཁས་པའི་སྙན་ངག་གི་དཔེར་བརྗོད་ཀྱི་ཚིག་དོན་འགའ་ཞིག་ལས་བརྩམས་པའི་དྲི་བའི་ལན་དྲན་པའི་ཆུ་རྒྱུན།

༡༢   ས་དཔྱད་ཚིག་དོན་ཀུན་གསལ་འདོད་དགུ་འབྱུང་བའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །

༡༣   དུར་ས་སྤོ་ཚུལ་ཆ་ལག་ཚང་བ་བདེ་སྐྱིད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །

༡༤ འདུས་པ་འཕགས་ལུགས་ཀྱི་ས་ལམ་བགྲོད་ཚུལ་དང་ཞར་བྱུང་བརྒྱུད་སྡེ་འོག་མའི་ལུགས་ཀྱི་ས་ལམ་བགྲོད་ཚུལ་མདོར་བསྡུས་གནད་འདྲིལ་དུ་བཀོད་པ་ཙིན་ཏ་མ་ཎིའི་འཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །

༡༥   ལྷ་མོ་གསེར་ཁྲི་སྐུ་ཕྲེང་ལྔ་བ་ཚང་གི་ཚེ་རབས་རྗེས་འཛིན་བཞུགས་སོ། །

༡༦   གསོལ་འདེབས་ཟླ་བ་མ་བཞུགས་སོ། །

༢༧   རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་བཀའ་སྒོ་དང་ཕུད་མདུད་མདུད་ཚུལ།

༢༨   ལྷ་མོ་གསེར་ཁྲི་སྐུ་ཕྲེང་བཞི་བའི་རྣམ་ཐར་དད་གུས་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །

༡༩   གླིང་དགེ་བཤེས་སྤྲུལ་སྐུའི་མྱུར་འབྱོན་སྨོན་ཚིག་བཞུགས་སོ།།

༢༠  གསོལ་འདེབས་རྨད་བྱུང་རྒྱ་ཆེན་མ་བཞུགས་སོ། །

༢༡   གྲོ་ཚང་དགེ་བཤེས་ཀྱི་ཞབས་བརྟན་གསོལ་འདེབས་བཞུགས་སོ། །

༢༢  བྱམས་མེ་དཔོན་བླའི་གསོལ་འདེབས་བཞུགས་སོ། །

༢༣ བྱང་ཆུབ་ཆོས་འཕེལ་གླིང་གི་བཅའ་ཁྲིམས་གསལ་བར་བཀོད་པ་དངུལ་དཀར་མེ་ལོང་ཞེས་བྱ་བ་བཞུགས་སོ། །

ཁོང་གི་གསུང་འབུམ་ལས་ད་དུང་ལག་ཏུ་འབྱོར་མེད་པ་དག་ནི།

༡ མཛོད་ཀྱི་སྡོམ་ཚིག་ཆོས་མངོན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ཀྱི་ཚིག་དོན་ཆ་ཙམ་འགྲེལ་བ་བླ་མའི་གསུང་གི་རྗེས་སུ་འཇུག་པའི་ལེགས་བཤད་མེ་ཏོག་རྒོད་པའི་འཁྲི་ཤིང་།

ག    གནས་གསུམ་པ། ང    གནས་བཞི་བ། ཅ    གནས་ལྔ་བ།  ཆ    གནས་དྲུག་པ།

ཇ    གནས་བདུན་པ།     ཉ    གནས་བརྒྱད་པ།

༢   ལྷ་མོ་རིག་བྱེད་མའི་མངོན་རྟོགས་བཞུགས་སོ། །

༣  རིག་བྱེད་མའི་རླུང་རྟ།

༤   དུས་འཁོར་གྲྭ་ཚང་གི་ཁྲི་བཤད།

༥  སྔགས་ཀྱི་དོགས་གཅོད་རྩོམ་འཕྲོ།

༦   རྟ་མགྲིན་གསང་སྒྲུབ་ཀྱི་ཆོ་ག

༧   ཁྲོ་བོ་མི་གཡོ་བའི་མངོན་རྟོགས།

༨   དེའི་བསྙེན་ཡིག་དང་སྦྱིན་སྲེག

༩  ཆོས་སེངྒེ་ཚང་གི་སྐུ་བསྟོད།

༡༠  པཎ་ཆེན་རིན་པོ་ཆེའི་མཎྜལ་བཤད་པ།

༡༡   བཀའ་གདམས་ཐིག་ལེ་བཅུ་དྲུག་གི་མངོན་རྟོགས།

༡༢  བདེ་ལམ་བླ་མའི་ཞལ་རྒྱུན་མན་ངག་གནད་ཀྱི་སྙིང་བོ།

༡༣  སྒྱིས་ཚང་གི་གསང་ཡིག

༡༤   མཎྜལ་བཞི་བ་བསྡུས་པ།

༡༥ སྒྱིས་ཚང་དགོན་ཕུན་ཚོགས་དགེ་འཕེལ་གླིང་གི་བཅའ་ཡིག་ལྷག་བསམ་ཟླ་བའི་རང་མདངས་ཞེས་བྱ་བ་བཞུགས་སོ།།

༡༦  ཐུན་དྲུག་རྣལ་འབྱོར་དང་འབྲེལ་བར་ཏིང་ངེ་འཛིན་གྱིས་དབང་བཞི་ཐུན་མོང་མ་ཡིན་པ་ལེན་ཚུལ་བཞུགས་སོ། །

རྗེ་འདི་ཉིད་ནི་གངས་ཅན་ཁ་བའི་ལྗོངས་ཀྱི་བོད་ཆོལ་ཁ་གསུམ་ལས་མདོ་སྨད་ས་ཡི་ཐིག་ལེ། དེང་གི་ཆར་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་ཁོངས་གཏོགས། ཀླུ་ཆུའི་སྟོད་རྒྱུད་ཀྱི་སྒྱིས་ཚང་ནགས་རིའི་ལུ་ཏོ་ཞེས་པའི་སྡེ་བ་དེར་རབ་བྱུང་བཅོ་ལྔ་བའི་ས་གླང་སྟེ་སྤྱི་ལོ༡༨༨༩ལོར་ལྷ་དགེ་ཚང་ཞེས་པའི་ཁྱིམ་རྒྱུད་དུ་ཡབ་མགོན་ནེ་དང་ཡུམ་ཚེ་ཐར་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་གྲངས་བདུན་ལ་སླེབས་པའི་ཤིང་ལུག་ལོ་སྟེ་སྤྱི་ལོ༡༨༩༥ལོར་ལྷ་མོ་གསེར་ཁྲི་སྐུ་ཕྲེང་བཞི་བ་༧རྗེ་བཙུན་བློ་བཟང་བསྟན་འཛིན་སེངྒེའམ་ཡོངས་གྲགས་སུ་རྭ་ལོ་ཙཱ་བ་ཚང་ལ་ཕུལ་ཏེ་བདག་དམ་བྱ་དགོས་ཚུལ་སྐྱབས་འཇུག་ཞུས་པས། ཁོང་གིས་ཕྱག་ཕྲེང་བླངས་ཏེ་འོ་བྱིས་པ་འདིས་གཞི་གྲུབ་ན་རྟགས་ཡང་དག་ཡིན་པས་ཁྱབ་མ་ཁྱབ་སོགས་རྩོད་དགོས་ཞེས་ཐུགས་ཧ་ཅང་དགྱེས་པའི་ཚུལ་གནང་ཞིང་སྐུ་རྗེས་སུ་ཁྲིད་དེ་སྟག་ཚང་ལྷ་མོ་གསེར་ཁྲི་དགོན་ལ་ཕེབས་ཏེ་ཚོགས་ཞུགས་མཛད།

དགུང་ལོ་བཅུ་བཞི་བཞེས་པ་རབ་བྱུང་བཅོ་ལྔ་བའི་ཆུ་སྟག་སྤྱི་ལོ༡༩༠༢ལོར་མདོ་སྨད་བསྟན་པའི་འབྱུང་གནས་ཆོས་སྡེ་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་ལ་ཕེབས་ཤིང་། མདོ་སྔགས་རིགས་གནས་དང་བཅས་པར་གསན་སྦྱོང་རྡོ་རུས་ཐུག་པ་ལྟ་བུ་གནང་སྟེ། དགུང་ལོ་ཞེ་བཞི་བཞེས་པ་སྤྱི་ལོ་༡༩༣༢ལོར་བཀྲ་ཤིས་འཁྱིལ་གྱི་རིགས་སྨྲ་བྱེ་བའི་དབུས་སུ་དགེ་བཤེས་རྡོ་རམས་པའི་དམ་བཅའ་བཞག་པས་ལྷ་མོའི་ཚུལ་ཁྲིམས་ཞེས་མཚན་སྙན་གྱི་བ་དན་དཀར་བོས་ས་ཆེན་ཁྱབ་པ་བྱུང་།

དགུང་ལོ་བདུན་ཅུ་བཞེས་པ་རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱི་སྟེ་སྤྱི་ལོ༡༩༥༨ཟླ༨པའི་ཚེས༡༩ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད་དོ། །

རྒྱ་ཆེ་བའི་ཀློག་པ་བོ་མཁས་པའི་དབང་བོ་ཡོངས་ཀྱི་སྙན་ལམ་དུ་ཞུ་གསོལ། འདིར་དམ་པ་ཁོང་གི་གསུང་འབུམ་རིག་གསར་སྐབས་བོར་བརླག་ཏུ་གྱུར་བ་དག་འཚོལ་བཞིན་ཡོད་པས། གཞུང་དང་དཀར་ཆག་སོགས་འདིར་མ་བཀོད་པའི་རིགས་ཅི་མཆིས་གཤམ་གྱི་སྐད་འཕྲིན་དང་ཁ་པར་གང་ལ་འབྲེལ་ཀྱང་ཆོག   མི་འགྱང་བར་ཁྱེད་ཅག་གི་སྤྱན་ལམ་དུ་དམ་པ་ཁོང་གི་གསུང་འབུམ་གྱི་སྐལ་བཟང་བྱུང་རྒྱུ་ལགས་ན། མགྱོགས་མྱུར་གྱིས་འདི་གར་མཁོ་སྤྲོད་དང་འབྲེལ་གཏུག་བྱ་རྒྱུ་མཁྱེན་མཁྱེན་ཞུས་པ་ལགས།    

ཁ་པར་ཨང་གྲངས། ༡༥༦༩༣༠༣༧༧༢༧

སྐད་འཕྲིན། ༡༠༩༤༨༨༧༧༥༡

རྩོམ་སྒྲིག་པ། ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།