གསེར་སྐོང་ངག་དབང་ཚུལ་ཁྲིམས་དོན་ལྡན་དཔལ་བཟང་པོའི་གསུང་འབུམ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-12-18 09:53:25     རྩོམ་པ་པོ།   དགེ་ལུགས་དྲ་བ།    ཀློག་ཐེངས།  

 ཀ      གླེང་བརྗོད།

       ༡བྱིན་རླབས་ཆེས་མྱུར་བ་དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་བསྙེན་སྒྲུབ་ལས་གསུམ་གྱི་སྐབས་ཉེ་བར་མཁོ་བའི་ལག་ལེན་རིམ་པར་བསྒྲིགས་པ་བསྙན་བརྒྱུད་ནོར་བུའི་ཕྲེང་བ་དངོས་གྲུབ་ཀུན་འབྱུང་།

༢ བདེ་མཆོག་ལཱུ་ཨི་པའི་ཆོ་ག་བསྡུས་པ་འདོན་ཚུལ་ནག་འགྲོས་སུ་བཀོད་པ་དངོས་གྲུབ་བདེ་ཆེན་འབྱུང་གནས།

༣    དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩགཉིས་ཀྱི་བུམ་སྒྲུབ་དང་དབང་བཞི་ལེན་ཚུལ་ཉེས་ལྷུང་དག་བྱེད་བདེ་ཆེན་བདུད་རྩིའི་ཆུ་རྒྱུན། 

དཔལ་འཁོར་ལོ་སྔོམ་པ་ལཱུ་ཨི་པའི་ལུགས་ཀྱི་ཞི་བའི་སྦྱིན་སྲེག་གི་ཆོ་ག་སྒྲིབ་གཉིས་དག་བྱེད་བདེ་ཆེན་བདུད་རྩིའི་ཆུ་རྒྱུན།

༥དཔལ་འཁོར་ལོ་སྡོམ་པའི་སྦྱིན་སྲེག་གི་ཟུར་རྒྱན་བློ་གསར་དོན་གཉེར་ཅན་རྣམས་ལ་ཉེར་བར་མཁོ་བ་མཛེས་རྒྱན་པདྨའི་འཕྲེང་བ།

༦བཅོམ་ལྡན་འདས་དཔལ་ལཁོར་ལོ་སྡོམ་པའི་བསྙེན་ཡིག་ཡང་གསལ་སྒྲོན་མེ་དང་། བསྙེན་ཆེན་གྱི་ཐོ་ཡིག་བདེ་ཆེན་མཆོག་སྦྱིན།

༧ གྲུབ་ཆེན་ལྭུ་ཨི་པའི་ལུགས་ཀྱི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལ་བརྟེན་པའི་འཇིག་རྟེན་པའི་མེ་ལྷའི་བསྙེན་པ་བྱ་ཚུལ།      གྲུབ་ཆེན་ལཱུ་ཨི་པའི་ལུགས་ཀྱི་བཅོམ་ལྡན་འདས་དཔལ་འཁོར་ལོ།

༨ སྡོམ་པ་ལ་བརྟེན་ནས་མེ་ལྷའི་བཅུ་ཆའི་སྦྱིན་བསྲེག་བྱ་ཚུལ་བདེ་ཆེན་ཡེ་ཤེས་རབ་འབར།

༩    གྲུབ་ཆེན་ལཱུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་བདེ་མཆོག་ལ་བརྟེན་པའི་བསྙེན་སྒྲུབ་སྦྲགས་མའི་ཆོ་ག་དངོས་གྲུབ་གཏེར་མཛོད།

༡༠     གྲུབ་ཆེན་ལཱུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་བདེ་མཆོག་གི་བསྙེན་སྒྲུབ་སྦྲགས་མའི་བཟླས་པ་རྫོགས་ནས་དངོས་གྲུབ་ཀྱི་ རྫས་སྒྲུབ་ཚུལ་བདེ་ཆེན་མཆོག་སྦྱིན། 

༡༡     གྲུབ་ཆེན་ལཱུ་ཨི་པའི་ལུགས་ཀྱི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལ་བརྟེན་པའི་ལྷ་དབང་དུ་བྱེད་པའི་བཅུ་ཆའི་སྦྱིན་སྲེག་མཆོག་མཐུན་དངོས་གྲུབ་འགུགས་པའི་ལྕགས་ཀྱུ།

༡༢    དཔལ་འཁོར་ལོ་བདེ་མཆོག་གིས་བཀའ་བསྲུང་རྣམས་ཀྱི་གཏོར་བསྔོ་འཕྲིན་བཅོལ་བྱ་ཚུལ་འདོད་དོན་ལྷུན་འགྲུབ་དང་།  མཚམས་ཐོ་གཤེགས་ གསོལ་བྱ་ཚུལ་དགེ་ལེགས་པདྨོ་བཞད་པའི་དགའལ་སྟོན།  

༡༣    རྗེ་བླ་མ་ཙོང་ཁ་པ་ཆེན་པའི་མཛད་པའི་དཔལ་འཁོར་ལོ་བདེ་མཆོག་གིས་སྨོན་ལམ་ཤིས་བརྗོད་ཚངས་དབྱངས་སྙན་པའི་སྒྲ་ལྡན་དྲུག་ཅུའི་ཡོན་ཏན་ ཀུན་ཚངས་བདེ་ཆེན་ལང་ཚོ་རྒྱས་པའི་དཔལ་ཡོན།

༡༤       དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བདག་བསྐྱེད་བདུད་ལས་རྣམ་རྒྱལ་དང་དེའི་ལས་རུང་གི་བསྙེན་པ་བྱ་ཚུལ་སྦྱོར་དངོས་མཇུག་ གསུམ་ཚང་བ་ནག་པོ་འགྲོ་ཤེས་བཀླག་ཆོག་ཏུ་བཀོད་པ་བྱིན་རླབས་དངོས་གྲུབ་འདོད་རྒུའི་ཆར་འབེབས། 

༡༥ བདེ་གསང་འཇིགས་གསུམ་གྱི་བསྙེན་ཆེན་སོགས་ཀྱི་སྔོན་འགྲོའི་རིམ་པ་རྣམས་བླ་མཆོད་བདེ་སྟོང་དབྱེར་མེད་ཀྱི་སྟེང་ནས་བསགས་ཚུལ་ནག་འགྲོས་ སུ་བཀོད་པ་མཆོག་དམན་ཀུན་གྱི་འཁྱེར་བདེ་དངོས་གྲུབ་ཀུན་འབྲུང་། 

༡༦   འཇམ་མགོན་སྙན་བརྒྱུད་ཀྱི་མན་ངག་ཐུན་མོང་མ་ཡིན་པ་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་བསྙེན་བསྒྲུབ་ལས་གསུམ་གྱི་རྣམ་བཞག་གསང་ཆེན་།

  ༡༧  བཅུད་ཐིག་དངོས་གྲུབ་ནོར་བུའི་གཏེར་མཛོད།

༡༨    གསང་ཆེན་རིག་པ་འཛིན་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་འཇམ་མགོན་སྙན་བརྒྱུད་ཀྱི་བསྟན་པའི་བདག་པོ་དགའ་ལྡན་གསེར་ཁང་ངམ་གསེར་སྐོང་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཚུལ་ཁྲིམས་དོན་ལྡན་དཔལ་བཟང་པོའི་གསང་བ་གསུམ་གྱི་རྣམ་པར་ཐར་པ་ཐུབ་བསྟན་གསེར་ལྡན་མཛེས་པའི་ནོར་བུའི་དགའ་ཚལ།

༡༧         དཔར་བྱང་སྨོན་ཚིག

ད་ལྟ་དེབ་གཟུགས་སུ་པར་དུ་བསྐྲུན་པར་པོད་གཅིག་དང་ཆོས་ཚན་བཅོ་བརྒྱད་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།