ཆོས་རྗེ་ལཱ་མོ་བློ་བཟང་བསྟན་པའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-03-26 06:51:00     རྩོམ་པ་པོ།   སྔགས་རམས་པ་དགེ་འདུནཆོས་གྲགས།    ཀློག་ཐེངས།  

ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ  ༧ ཆོས་རྗེ་ལཱ་མོ་བློ་བཟང་བསྟན་པ་མཆོག་གི་བཀའ་རྩོམ་ལ། 

ལྕགས་མཁར་ཟུར་དགུ་བའི་བཤད་པ་ཞེས་བྱ་བ།

་རྗེའི་བསྟོད་པ་དོན་ལྡན་མ་དང་སྤེལ་མར་བསྲེས་ཏེ་སླར་ཡང་བསྟོད་པ་དོན་ཟབ་སྣང་བའི་མེ་ལོང་ཞེས་བྱ་བ།

ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་སྐྱབས་གསུམ་དང་མངོན་པར་རྟོགས་པའི་རྒྱན་གྱི་མཚོན་བྱ་དོན་གྱི་དགེ་འདུན་ལ་ཅུང་ཟད་དཔྱད་པ། རྗེ་གུང་ཐང་བསྟན་པའི་སྒྲོན་མེའི་འདུལ་སྡོམ་གྱི་འགྲེལ་བ་དང་། མཛོད་སྡོམ་གྱི་འགྲེལ་བ། གསང་འདུས་བསྙེན་ཡིག་དང་། བདེ་མཆོག་གི་བསྙེན་ཡིག

ལམ་རིམ་འཇམ་དཔལ་ཞལ་ལུང་གི་ཟིན་བྲིས།

འཇིག་རྟེན་ཆགས་རིམ་བཤད་པ་ཞེས་བྱ་བའི་བསྟན་བཅོས།

རྗེ་ཀོའུ་བ་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་རྣམ་ཐར།

སྐྱབས་རྗེ་ཐར་ཤུལ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོའི་རྣམ་ཐར་རྒྱས་པ།

མཎ་ཊལ་བཤད་པ་དང་། མྱུར་འབྱོན་གསོལ་འདེབས་སྐོར་གང་མང་།

ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེའི་བཀའ་འབུམ་དཔར་ཤིང་གི་མཇུག་རྩོམ་གང་མང་།

རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྐུ་གཟུགས་ཀྱི་དཀར་ཆག་རྒྱས་པ།

ཡིག་བསྐུར་རྣམ་གཞག་སོགས་བཞུགས་སོ། །

གསུང་རྩོམ་འདི་དག་ལས་སྐོར་ཅིག་མདོ་སྨད་པ་ཡོན་ཏན་རྒྱ་མཚོས་ཧྥ་རན་སིར་ཁྱེར་སོང་བ་རྣམས་ད་དུང་རྩད་མ་ཆོད་པར་ཡོད་པས། ཡིད་ཕངས་པ་ལ་ཨང་། ཞེས་སྔགས་རམས་པ་དགེ་འདུན་ཆོས་གྲགས་ཀྱིས་༢༠༢༢-༡༠-༡༡ཉིན་བསྐྱར་དུ་བཅོས་པའོ། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ


བརྒྱུད་འགོད།