རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-12-19 11:50:56     རྩོམ་པ་པོ།   ཀླུ་སྒྲུབ་ཀྱིས་བསྒྲིགས།    ཀློག་ཐེངས།  

པོད་ཀ་བའི་དཀར་ཆག

༡.བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འབྲུ་འགྲེལ་རྒྱལ་སྲས་ལམ་བཟང་གསལ་བའི་སྒྲོན་མེ།

༢.ལམ་རིམ་ཉམས་མགུར་གྱི་འགྲེལ་བ་ཐེག་མཆོག་ལམ་བཟང་གསལ་བའི་ཚིག་གི་ཟླ་ཤེལ།

༣.བྱམས་བསྟོད་ཟབ་ཡངས་མའི་འགྲེལ་བ་མི་ཕམ་ཞལ་བཟང་བལྟ་བའི་མེ་ལོང།

༤.བཟང་བོ་སྤྱོད་པའི་སྨོན་ལམ་གྱི་འབྲུ་འགྲེལ་སྐལ་བཟང་འཇུག་ངོགས།

༥.གྲུབ་མཐའ་རྩ་འགྲེལ་གྱི་ཟིན་བྲིས་ཀུན་བཟང་ཉིན་བྱེད་སྣང་བ།

༦.དྲང་ངེས་རྣམ་འབྱེད་ཀྱི་ཟིན་བྲིས་ཡབ་རྗེའི་གསུང་གསང་བདུད་རྩིའི་ཟེགས་མ།.............................

༧.ཕར་ཕྱིན་མཆན་འགྲེལ་གྱི་ཟིན་བྲིས་འཇམ་དབྱངས་འཛུམ་ཟེར།

༨.འདུལ་བ་རྒྱ་མཚོའི་སྙིང་བོའི་བཤད་ལུང་གི་ཟིན་བྲིས་འཇམ་དབྱངས་ཞལ་རླངས།

༩.གཞི་གསུམ་ལག་ལེན་ཉུང་ངུས་བཤད་པ་སྙིང་བོ་རྣམ་གསལ།

༡༠.ལམ་རིམ་མཆན་བཞི་སྦྲགས་མའི་བཤད་ལུང་གི་ཟིན་ཐོ་བློ་བཟང་ཞལ་ལུང་།

ལམ་མཆོག་སྙིང་བོ།

མཁས་གྲུབ་ཚིག་བརྒྱུད་ཀྱི་ཟིན་ཐོ་འཇམ་དབྱངས་ཞལ་ལུང་།

༡༡.བསླབ་བྱ་ཉམས་ལེན་སྙིང་བོ།

ལེགས་པར་བཤད་པ་སྙིང་གི་གཏམ།

བསླབ་བྱ་སྙིང་ལ་ཕན་པའི་གྲོས་འདེབས་ལེགས་གསུང་བདུད་རྩིའི་ཐིགས་པ།

༡༢.བྱང་ཆུབ་སེམས་དཔའི་སྡོམ་པའི་བསླབ་བྱ་མདོར་བསྡུས་རྒྱལ་སྲས་འཇུག་ངོགས།

རྡོ་རྗེ་ཐེག་པའི་བསླབ་བྱ་མདོར་བསྡུས་རིག་འཛིན་གཞུང་ལམ།

བསླབ་བྱ་སྙིང་གི་ཐུར་མ་སོགས་བསླབ་བྱ་ཁག་གསུམ།

བསླབ་བྱ་ཁག་གསུམ་ལས་གཉིས་པ།

བསླབ་བྱ་ཁག་གསུམ་ལས་གསུམ་པ།

པོད་ཁ་བའི་དཀར་ཆག

༡.དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་གྱི་ཟིན་བྲིས་རྒྱུད་དོན་བལྟ་བའི་མིག་འབྱེད།

༢.དཔལ་གསང་བ་འདུས་པའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ་གསལ་བར་བྱེད་པ་མི་བསྐྱོད་ཞལ་གྱི་བདུད་རྩི།

༣.བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྨིན་བྱེད་དབང་གི་དོན་རྣམ་པར་བཤད་པ་དངོས་གྲུབ་རླབས་ཕྲེང་གཡོ་བའི་རྒྱ་མཚོ།

༤.དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒོ་ནས་བསམ་གཏན་གྱི་བདག་འཇུག་བྱ་ཚུལ་མདོར་བསྡུས་བྱིན་རླབས་ཆུ་རྒྱུན།

གཤིན་རྗེ་གཤེད་ཀྱི་བསྟོད་པ་ཀུན་བྲལ་མ།

དམ་ཅན་གཤིན་རྗེའི་རྒྱལ་བོ་ལ་རྩ་བའི་སྔགས་ཀྱི་བསྟོད་པ་རྔམ་བརྗིད་གཤིན་རྗེའི་ང་རོ།

བཀའ་སྡོད་ཆོས་ཀྱི་རྒྱལ་བོ་ཡང་གསང་དུག་རི་ནག་པོ་ལ་བསྟོད་པ་འཇིགས་མེད་རྡོ་རྗེའི་སྒྲ་དབྱངས།

༥.སྦྱིན་སྲེག་དངོས་གྲུབ་རྒྱ་མཚོའི་ཁྲིད་དང་བཤད་ལུང་གི་ཟིན་ཐོ་མཆོག་ཐུན་དངོས་གྲུབ་རིན་ཆེན་བྱེ་བའི་གཏེར་མཛོད།

༦.བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ཡབ་ཡུམ་ལ་བསྟོད་པ་རྐང་བརྒྱད་ཀྱི་དོན་རྣམ་པར་བཤད་པ་བདེ་ཆེན་ལམ་བཟང་གསལ་བའི་སྒྲོན་མེ།........................................

ལེགས་གསུང་བདེ་ཆེན་བདུད་རྩིའི་ཟིལ་དངར།

༧.དཔལ་དུས་ཀྱི་འཁོར་ལོའི་དབང་བདུན་གྱི་བཤད་སྦྱོར་མ་ལི་ཀ་ཡི་ཕྲེང་མཛེས།................................

༨.བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་རྣམ་བཞག་གསལ་བར་བཀོད་པ་དྲི་བྲལ་ནོར་བུའི་མེ་ལོང།

༩.རིག་པའི་དབང་ལྔའི་བཤད་སྦྱོར་ནོར་བུའི་འཕྲེང་བ།

༡༠.རྗེ་བཙུན་བཅོམ་ལྡན་འདས་མ་ལྷ་མོ་རིག་བྱེད་མའི་གཏེར་སྒྲུབ་ཀྱི་ཆོ་ག་དོན་ཡོད་འཁོར་ལོ།

༡༡.ཚེ་གཟུངས་ཀྱི་དོན་རྣམ་པར་བཤད་པ་འཆི་མེད་གྲུབ་པ།

༡༢.དབུ་མ་བ་དཔའ་བོ་རྡོ་རྗེ་ནས་བརྒྱུད་པའི་འཇམ་ལུགས་ཚེ་དཔག་ལྷ་ལྔའི་ཚེ་སྒྲུབ་ཇི་ལྟར་བྱ་ཚུལ་འཆི་མེད་གྲུབ་པ།

༡༣.མགོན་པོ་འོད་དཔག་མེད་ལ་བརྟེན་པའི་སྟོང་མཆོད་མདོ་ཆོག་ལྟར་བྱ་བའི་ཆོ་ག་བདེ་གཤེགས་འཛུམ་པའི་འོད་ཟེར།

༡༤.མ་ཎི་རིལ་སྒྲུབ་ཀྱི་ཆོ་ག་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་སོགས་ལེའུ་ཚན་འགའ་ཞིག

ཐེག་ཆེན་གསོ་སྦྱོང་ཉུང་བསྡུས་གནད་ཚང་བ།

སྨྱུང་བར་གནས་པའི་ཆོ་ག་བསྡུས་ཏེ་བཀོད་པ།

ཐུགས་རྗེ་ཆེན་པོའི་སྨོན་ལམ་མདོར་བསྡུས།

ཚེམ་བུ་དམར་ཁྲིད་ཀྱི་གདམས་པ་ཉམས་སུ་ལེན་ཚུལ་འཁྱེར་བདེ།

གྲུབ་བརྙེས་དགེ་སློང་མ་དཔལ་མོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་བསྙེན་ཡིག་དངོས་གྲུབ་རིན་ཆེན་སྒོ་འབྱེད།

སྤྱན་རས་གཟིགས་དབང་རྒྱལ་བ་རྒྱ་མཚོའི་བསྙེན་སྒྲུབ་སྦྲགས་མ།

སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་རྡུལ་ཚོན་ཆབ་འདྲེན་གྱི་ཆོ་ག

༡༥.སྒྲོལ་མ་དཀར་མོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་འཆི་མེད་གྲུབ་པ།

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་བསྡུས་པ།

འཕགས་མ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཨུཏྤལ་འོད་ཀྱི་ལྕགས་ཀྱུ།

༡༦.སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི་བསྙེན་སྒྲུབ་གསལ་བར་བཀོད་པ་ཤེས་རབ་ཉིན་བྱེད་སྣང་བ།

དབྱངས་ཅན་མའི་སྦྱིན་སྲེག་གི་ཆོ་ག་ཤེས་རབ་ཉིན་བྱེད་འབར་བའི་མེ་ཚང།

༡༧.བླ་མའི་རྣལ་འབྱོར་འཇམ་དབྱངས་བྱིན་རླབས་མྱུར་འཇུག་སོགས་སྣ་ཚོགས་ཀྱི་སྐོར།

བསྟོད་ཚིག་འཇམ་དབྱངས་མཆོད་པའི་མེ་ཏོག

ལེགས་པར་བཤད་པ་སྙིང་གི་གཏམ།

༡༨.ཟངས་དཀར་ལོ་ཙཱ་བ་ནས་བརྒྱུད་པའི་རྣམ་སྲས་དཀར་བོ་ཚེ་འཕེལ་གྱི་ཚེ་སྒྲུབ་ཀྱི་ཆོ་ག་ཚེ་དཔལ་འདབ་བརྒྱ་བཞད་པའི་ཉིན་བྱེད།

རྣམ་སྲས་གསང་སྒྲུབ་ཏུ་གྲགས་པ་ལྗང་སེར་ཕྱག་གཉིས་པ་ཡུམ་བཅས་ཀྱི་བསྙེན་ཡིག་དྲི་བྲལ་ནོར་བུའི་མེ་ལོང།

༡༩.ནཱ་རོ་མཁའ་སྤྱོད་མའི་རིམ་གཉིས་ཀྱི་སྨོན་འགྲེལ་གསང་ཆེན་ལམ་གྱི་སྙིང་བོ། སརྦ་ཛ་ག་ཧཾ།

༢༠.རྗེ་བཙུན་བཅོམ་ལྡན་འདས་མ་ལྷ་མོ་རིག་བྱེད་མའི་རིམ་གཉིས་ཟབ་མོ་རྣམ་པར་བཤད་པ་ནོར་བུའི་ཅོད་པན།

༢༡.རིམ་ལྔ་གསལ་སྒྲོན་གྱི་ཟིན་བྲིས་དང་དབང་འགའ་ཞིག་གི་ཟིན་བྲིས།

༢༢.སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་བཞི་ཐུན་མོང་མ་ཡིན་པ་ལེན་ཚུལ།

མི་ཏྲ་ཛོ་ཀིའི་ལུགས་ཀྱི་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ།

པོད་ག་བའི་དཀར་ཆག

༡.ལུང་རྟོགས་ཡོན་ཏན་གྱི་གཏེར་མཛོད་བདེ་ཐང་མཁན་ཆེན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་རྟོགས་བརྗོད་གཡས་འཁྱིལ་དུང་གི་སྒྲ་དབྱངས།.............................

༢.འཕགས་ཡུལ་གྲུབ་ཆེན་རྣམས་ལ་མཆོད་ཅིང་གསོལ་བ་འདེབས་ཚུལ་མཆོག་ཐུན་དངོས་གྲུབ་ཀུན་འབྱུང།

༣.དྲིལ་བུ་ཞབས་ལུགས་ལྷ་རེ་གཉིས་ཀྱི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་མདོར་བསྡུས།

༤.ཀྱཻ་རྡོར་གྱི་དབང་ཆོག

༥.གུར་རིགས་བསྡུས་ཀྱི་མངོན་པར་རྟོགས་པ་རྒྱུད་དོན་སྙིང་བོ།

༦.རྗེ་བཙུན་རྡོ་རྗེ་བདག་མེད་མའི་དབང་ཆོག

༧.ཉམས་ལེན་གནད་ཀྱི་ཞལ་གདམས་བཞིན་བསྡུས་པར་བཀོད་པ་བདེ་གསང་གི་ཆོ་ག

དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རྣལ་འབྱོར་རྒྱུན་འཁྱེར་མདོར་བསྡུས།

འཇིགས་བྱེད་དཔའ་གཅིག་མདོར་བསྡུས།

ཀུ་རུ་ཀུལླེ་གསང་སྒྲུབ་ལྷ་ལྔའི་སྒྲུབ་ཐབས་འཁྱེར་བདེ།

ལྷ་མོ་རིག་བྱེད་མའི་སྒྲུབ་ཐབས།

དབང་མཛད་སྒྲོལ་མ་དམར་མོའི་རྒྱུན་འཁྱེར་མདོར་བསྡུས།

ལྷ་མོ་རིག་བྱེད་མའི་བསྐྱེད་རྫོགས་ཀྱི་ཉམས་ལ་བསྐུལ་བའི་ཚིགས་སུ་བཅད་པ།

ཕྱག་ན་རྡོ་རྗེ་གཏུམ་པོའི་མངོན་རྟོགས།.

མི་ཏྲ་རྡོར་ཕྲེང་རིན་འབྱུང་སོགས་ཀྱི་ལྷའི་རྒྱུན་བསྙེན་བྱ་ཚུལ།

བླ་མ་དང་ལྷག་ལྷ་དབྱེར་མེད་ཀྱི་རྣལ་འབྱོར།

༨.སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་ཆོ་ག་ནག་འགྲོས་སུ་གོང་མའི་ཕྱག་ལེན་བཞིན་
བཀོད་པ།

༩.འཇམ་དཔལ་གསང་ལྡན་གྱི་དཀྱིལ་འཁོར་གྱི་ཆོ་ག་ནག་འགྲོས་སུ་བཀོད་པ་འཇམ་དབྱངས་གསུང་གི་འོད་ཟེར།

༡༠.བཅོམ་ལྡན་འདས་ཐུབ་པ་ཆེན་པོ་དམ་ཚིག་གསུམ་བཀོད་པའི་རྒྱལ་བོའི་དཀྱིལ་འཁོར་གྱི་ཆོ་གའི་ལྷན་ཐབས་མེ་ཏོག་འཕྲེང་མཛེས།

༡༡.འཇམ་དབྱངས་ཀུན་གཟིགས་ཀྱི་ཞིང་གི་ཡོན་ཏན་བརྗོད་པ་དོན་ལྡན་བསྔགས་པའི་མེ་ཏོག

༡༢.འཇམ་དབྱངས་ཀུན་གཟིགས་ཀྱི་མཆོད་ཆོག་མདོར་བསྡུས་པ་འཇམ་དབྱངས་མཆོད་པའི་མེ་ཏོག

༡༣.འཇམ་དབྱངས་མཆོད་ཆོག་གི་འདོན་བསྒྲིགས།

༡༤.འཇམ་དབྱངས་མཆོད་ཆོག་གི་ཟུར་འདེབས།

༡༥.བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་བསྙེན་ཡིག་མངོན་དགའི་ཞིང་དུ་བགྲོད་པའི་ཐེམ་སྐས།

བླ་མ་མི་འཁྲུགས་པའི་རྣལ་འབྱོར་དང་འབྲེལ་བར་དབང་ལེན་ཚུལ་དངོས་གྲུབ་ཀྱི་ཟ་མ་ཏོག

བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ལ་བརྟེན་ནས་མྱུང་བར་གནས་པའི་ཆོ་ག་མདོར་བསྡུས་ཉམས་སུ་ལེན་ཚུལ།...............

མི་འཁྲུགས་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར།

༡༦.བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རབ་ཏུ་གནས་པའི་ཆོ་ག་མདོར་བསྡུས་པ་བསྡུས་རྒྱུད་སྙིང་བོ།

དཔལ་དུས་ཀྱིས་འཁོར་ལོའི་རབ་གནས་ཀྱི་འདོན་བསྒྲིགས།

༡༧.ཕྱག་དྲུག་ཡེ་ཤེས་ཀྱི་མགོན་པོ་ལ་བརྟེན་ནས་ཚེའི་དངོས་གྲུབ་སྒྲུབ་པའི་ཆོ་ག་ཚིགས་བཅད་མ།

ཛམ་བྷ་ལ་དཀར་བོའི་གཏེར་སྒྲུབ་དང་འབྲེལ་བར་ཚེ་འགུགས།

ལྷ་མོ་བུ་རྫི་མའི་འདོན་གསོལ།

བཀའ་པོད་ལྔའི་འཆད་ཉན་འཕེལ་བའི་གཡང་འབོད།

༡༨.ཆར་ཆོག་ཀླུ་དབང་དགྱེས་པའི་རོལ་མཚོ།

༡༩.གུ་ཎའི་ཐུགས་བཅུད་ཟབ་ཆོས་ལས་དྲང་སྲོང་སྒྲུབ་ཐབས་སྣང་སྲིད་གསལ་བའི་མེ་ལོང།

༢༠.སྐྱེས་བུ་དགེ་བསྙེན་རྡོ་རྗེ་ལེགས་པའི་གཤེགས་གཏོར་གཏོང་ཚུལ་དམ་ཅན་དགྱེས་དགུར་རྩེན་པའི་རོལ་མཚོ།

༢༡.འཕགས་མ་ཡིད་བཞིན་འཁོར་ལོའི་སྒོ་ནས་དམ་པའི་སྐུ་ཚེ་སྤེལ་བའི་ཐབས་ཚུལ་དྲང་སྲོང་རྒན་པོའི་བདེན་ཚིག

༢༢.རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོའི་གསུང་ལས་འདོད་གསོལ་དང་སྨོན་ཚིག་འགའ་ཞིག

འདོད་གསོལ་སྨོན་དོན་ཡིད་བཞིན་འགྲུབ་པའི་བདེན་ཚིག

སྨོན་ཚིག་འགའ་ཞིག

༢༣.ཨ་ར་པ་ཙ་ནའི་སྒྲུབ་གནས་ཀྱི་བསྟོད་པ་འཇམ་དབྱངས་མཆོད་པའི་རོལ་མོ་སོགས་གནས་བསྟོད་དང་མགུར་མའི་སྐོར།

གནས་བསྟོད་རྣལ་འབྱོར་བདེ་བའི་ངག་གླུ།

མགུར་མའི་སྐོར།

པོད་ང་བའི་དཀར་ཆག

.ཐོབ་ཡིག་ཡོངས་འཛིན་དམ་པའི་ཞལ་ལུང་བདུད་རྩིའི་ཆུ་རྒྱུན།

༢.བྱང་རྒྱུད་བསྟན་པའི་མཛེས་རྒྱན་ཟབ་ལུང་བཀྲ་ཤིས་འཁྱིལ་ཀྱི་རྟེན་གཙོ་འཇམ་མགོན་ཡབ་སྲས་གསུམ་གྱི་སྐུ་བརྙན་བྱིན་རླབས་གཟི་འབར་གྱི་དཀར་ཆག་དད་པའི་མིག་འབྱེད།

༣.རྗེ་སྐུའི་དཀར་ཆག་དད་པའི་པདྨོ་བཞད་པའི་ཉིན་བྱེད་སོགས་དཀར་ཆག་གི་སྐོར།

པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་བོའི་བཀའ་འབུམ་གྱི་དཀར་ཆག་ཨུཏྤལའི་འཕྲེང་བ་སྐལ་བཟང་རྣ་རྒྱན།

རྒྱལ་བ་སེངྒེའི་ང་རོའི་ནང་རྟེན་གྱི་དཀར་ཆག

གནམ་བསྐོས་ས་ཡི་ཚངས་པ་ཆེན་པོའི་ལུང་ལས་བདེ་ལྡན་གླིང་ཞེས་བསྔགས་པ་བདེ་གཤེགས་སེངྒེ་ང་རོའི་སྣང་བརྙན་རྟེན་དང་བརྟེན་པར་བཅས་པའི་དཀར་ཆག་ལོ་རྒྱུས་ཀྱི་རིམ་པ་དང་བཅས་པ་དོན་ལྡན་ཚངས་པའི་སྒྲ་དབྱངས།

རྡོ་སྦིས་མཆོད་རྟེན་ཐུབ་བསྟན་རྣམ་རྒྱལ་འདི་ཉིད་རང་གིས་གསར་བཞེངས་བགྱིས་སྐབས་ལས་བྱེད་པ་རྣམས་ནས་ནང་རྟེན་བསྐོར་ཚད་དང་བཅས་པའི་དཀར་ཆག

དཀར་ཆག་རྣམ་འབྱེད་ཤེས་རབ་མ།

སྤྲུལ་བའི་སྐུ་རིན་པོ་ཆེ་སྐལ་བཟང་འཇིགས་མེད་རྒྱ་མཚོ་ནས་བྱང་བརྒྱུད་བསྟན་པའི་རྩ་ལག་ཟླ་མེད་པ་གྲོ་ཚང་དགོན་བཀྲ་ཤིས་ལྷུན་པོའི་ཉེ་འདབས་སུ་དབྱེན་ཟླུམ་མཆོད་རྟེན་གསར་བཞེངས་བགྱིས་པའི་དཀར་ཆག

དོན་གཉིས་མཐར་ཕྱིན་མ།

བྱམས་བརྩེ་འགྲོ་ཀུན་མ།

༤.བྱང་རྒྱུད་བསྟན་པའི་མཛེས་རྒྱན་དམ་པ་དྷཱིཿཚ་ཆོས་སྡེ་བཀྲ་ཤིས་ཆོས་སྡིངས་ཀྱི་བཅའ་ཡིག་བླང་དོར་རབ་གསལ་སོགས་བཅའ་ཡིག་སྐོར།

སེ་ཆང་དགོན་བཀྲ་ཤིས་དར་རྒྱས་གླིང་གི་བཅའ་ཁྲིམས་ཀྱི་ཡི་གེ།

པཱ་རོན་སུ་ཉིད་ཤོག་དགོན་སྡེ་དགེ་ལྡན་རྣམ་རྒྱལ་གླིང་ཞེས་བསྔགས་པའི་དགེ་འདུན་པ་རྣམས་ཀྱི་སྤང་བླང་བཅའ་ཁྲིམས་ཀྱི་ཡི་གེ་ནོར་བུའི་མེ་ལོང་།

དཔག་དཀའ་རླབས་ཆེན་མ།

༥.རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོའི་གསུང་ལས་འཕྲིན་ཡིག་སོགས་ཀྱི་སྐོར།

༦.ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་གི་རྒྱུད་པ་གྲྭ་ཚང་གི་བཅའ་ཁྲིམས་ཀྱི་ཡི་གེ་དྲང་བོའི་གཏམ་གྱི་ཚངས་ཐིག

པོད་ཅ་བའི་དཀར་ཆག

༡.འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོ་ལ་སྦྱོར་དྲུག་གི་ལམ་གྱིས་མཆོག་བརྙེས་པའི་ཚུལ་ལས་བརྩམས་པའི་བསྟོད་པའི་འགྲེལ་བ་དོན་ལྡན་བསྔགས་པའི་མེ་ཏོག

༢.དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པའི་དོན་རྣམ་པར་བཤད་པ་དབུ་མའི་སྣང་བ་གསལ་བ།

༣.རྣམ་ཐར་དད་པའི་པདྨོ་རྒྱས་པའི་འཛུམ་ཟེར་སོགས་རྣམ་ཐར་ཚིགས་བཅད་འགའ་ཞིག.....................

རྗེ་བླ་མ་འཇམ་དབྱངས་བསྟན་པའི་ཉི་མའི་རྣམ་ཐར་ཚིགས་བཅད་མ།

༤.རྡོ་རྗེ་སེམས་དཔའ་ལྷ་བཅུ་བདུན་གྱི་སྦྱིན་སྲེག་གི་ཆོ་ག་སྡིག་ལྟུང་མུན་སེལ་སོགས་སྦྱིན་སྲེག་གི་སྐོར།

བཅོམ་ལྡན་འདས་མ་འཕགས་མ་གདུགས་དཀར་མོའི་སྦྱིན་སྲེག་གི་རིམ་པ་སྤྱི་དང་། ཁྱད་པར་དྲག་པོའི་སྦྱིན་སྲེག་ཇི་ལྟར་བྱ་བའི་རིམ་པ་ལ་ཐབ་དང་རྫས་ཀྱི་རིམ་པ།

བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་བོའི་སྒོ་ནས་སྦྱིན་སྲེག་གི་ཆོ་ག་ཇི་ལྟར་བྱ་བའི་ཚུལ།.........................

མགོན་པོའི་ཞི་རྒྱས་ཀྱི་སྦྱིན་སྲེག་བྱ་ཚུལ་འཁྱེར་བདེ།

༥.བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་འཇུག་ཅིང་དབང་བསྐུར་བའི་ཆོ་ག་ནག་འགྲོས་སུ་བཀོད་པ།

༦.དཔལ་དུས་ཀྱི་འཁོར་ལོའི་སྨིན་བྱེད་དབང་བསྐུར་སྔོན་འགྲོ་ས་ཆོག་དང་བཅས་པའི་ལག་ལེན་གྱི་རིམ་པ་དམ་པའི་ཕྱག་བཞེས་བཞིན་ནག་འགྲོས་སུ་བཀོད་པ

༧.དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་གྲོལ་བྱེད་རྫོགས་རིམ་བྱིན་རླབས་བཞི་ལྡན་གྱི་རྣམ་པར་བཤད་པ་གསང་ཆེན་ཉི་འོད།

༨.གྲུབ་ཆེན་དྲིལ་བུ་ཞབས་ལུགས་ཀྱི་རིམ་གཉིས་ཀྱི་རྣམ་བཞག་ཉུང་ངུ་།

༩.འཇམ་དབྱངས་དཔའ་གཅིག་ལ་བསྟེན་པའི་བསྙེན་སྒྲུབ་ལས་གསུམ་སྦྱིན་སྲེག་དང་བཅས་པའི་ཆོག་འཁྲིགས་ཡེ་ཤེས་སྣང་བའི་མཛོད།

༡༠.བླ་མའི་རྣལ་འབྱོར་དང་བསྟོད་པའི་སྐོར།

རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་ཐུགས་རྗེ་མྱུར་འཇུག

བླ་མ་མགོན་པོ་དབྱེར་མེད་ལ་བསྟོད་ཅིང་གསོལ་བ་འདེབས་པ་ཐུགས་རྗེའི་ལྕགས་ཀྱུ།

དཔལ་ལྡན་གུར་གྱི་མགོན་པོ་ལ་བསྟོད་པ་འཕྲིན་ལས་མྱུར་མགྱོགས།

༡༡.ཁྱབ་བདག་རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོའི་གསུང་ལས་བླ་མ་རྣམས་ཀྱི་གསོལ་འདེབས་དང་རྗེས་འཛིན་གྱི་སྐོར།

ཐམས་ཅད་མཁྱེན་གཟིགས་པཎ་ཆེན་མཆོག་གི་ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པ།

ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག.

རྡོ་རྗེ་འཆང་ཉིད་ཀྱི་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག

ཀ་རིང་སྤྲུལ་བའི་སྐུ་སྐལ་བཟང་འཇིགས་མེད་རྒྱ་མཚོའི་ཐུགས་བཞེད་འགྲུབ་པའི་སྨོན་ཚིག

བླ་མའི་གསོལ་འདེབས་དད་པའི་འཇུག་ངོགས།

ཐུགས་བཞེད་འགྲུབ་པའི་སྨོན་ཚིག་དཔག་བསམ་ལྗོན་པ།

༡༢.སེམས་བསྐྱེད་མཆོད་པའི་བཤད་སྦྱོར་ཐེག་མཆོག་ལམ་གྱི་སྒོ་འབྱེད།

༡༣.ལེགས་གསུང་ཆོས་ཀྱི་ཉི་མའི་འོད་སྣང་།

ལེགས་གསུང་ཀ་ལ་པིང་ཀའི་སྒྲ་དབྱངས།

ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་ལེའུ་རྣམས་ཀྱི་བསྟན་དོན།

༡༤.དབུ་མ་རྒྱས་པའི་དགག་བྱ་ངོས་འཛིན་གྱི་ཟིན་བྲིས་མཐར་འཛིན་གདུང་སེལ།

༡༥.ཐེག་པ་ཆེན་པོའི་གསོ་སྦྱོང་གི་དོན་རྣམ་པར་བཤད་པ་རྣམ་མཁྱེན་བདེ་ལམ།..................................

༡༦.སེམས་བསྐྱེད་མཆོད་པའི་བཤད་སྦྱོར།

༡༧.ཚ་གན་ཧོ་ཐོག་ཐུ་དགེ་འདུན་བསྟན་འཛིན་ནོར་བུ་དཔལ་བཟང་བའི་སྐུ་གདུང་རིན་པོ་ཆེ་དགེ་ལེགས་འོད་འབར་གྱི་དཀར་ཆག་ཨུཏྤལ་གཞོན་ནུའི་ཆུན་པོ།

༡༨.རྩོད་ཡིག་སྙན་བསྐུལ་ལྷའི་རྔ་ཆེན།

༡༩.གཏོར་འབུལ་དང་འཕྲིན་བཅོལ་སོགས་ཀྱི་སྐོར

དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་འཁོར་དང་བཅས་པ་ལ་གཏོར་མ་སྐྱོང་ཚུལ།

སྐུ་གསུམ་མངོན་གྱུར་མ།

དཔལ་ལྡན་གུར་གྱི་མགོན་པོ་ལ་འཕྲིན་ལས་བཅོལ་བའི་ཚིགས་སུ་བཅད་པ།

བུ་དྲའི་གཏོར་ཆོག་ལས་བཞི་ལྷུན་གྲུབ།

དཔའ་བོ་དུད་ཁྲོད་བདག་པོ་ཡབ་ཡུམ་གྱི་གཏོར་འབུལ་མདོར་བསྡུས།

ལྷུན་གྲུབ་ཆོས་དབྱིངས་མ།

ཞང་བློན་ཆེན་པོ་རྡོ་རྗེ་བདུལ་འདུལ་གྱི་འཕྲིན་བཅོལ།

ཐུ་མེད་ཡེ་ཕུ་ཏོོང་གི་དགོན་གནས་ཀྱི་གཞི་བདག་གི་བསང་མཆོད་ལྷ་གཉན་དགྱེས་པའི་མཆོད་སྤྲིན།

སྐུ་ཕྱག་དགའ་ཚལ་གྱི་གནས་བདག་ལ་གསང་གཏོང་ཚུལ།

རྒྱལ་བའི་བསྟན་སྲུང་ཆེན་པོ་གནོད་སྦྱིན་ཙིའུ་དམར་བོའི་འཕྲིན་ལས་བཅོལ་བའི་ཚིགས་སུ་བཅད་པ།.................

རབ་ཡངས་འཛམ་གླིང་གསེར་ལྡན་མ།

བསང་ཡིག་དགོས་འདོད་ཀུན་སྩོལ།

ལྷུན་གྲུབ་ཆོས་སྐུ་མ།

༢༠.རྣམ་འགྲེལ་ལ་སློབ་གཉེར་བྱེད་ཚུལ།

༢༡.འབྲས་སྤུངས་མཆོད་རྟེན་གྱི་ཆག་ཚད་ཤེལ་དཀར་མེ་ལོང་།

༢༢.རླུང་རྟའི་མཆོད་ཆོག་རྩིབས་སྟོང་གསེར་གྱི་འཁོར་ལོ།

པོད་ཆ་བའི་དཀར་ཆག

༡.རྗེ་བཙུན་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་བོའི་རྣམ་ཐར་ཁ་སྐོང་ཤེས་ལྡན་ཡིད་ཀྱི་དགའ་སྟོན་རིན་ཆེན་འཕྲེང་བའི་མཛེས་རྒྱན།

༢.ཁྲི་ཆེན་མཆོག་སྤྲུལ་རྗེ་བཙུན་འཇམ་དབྱངས་བསྟན་པའི་ཉི་མ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་སྐལ་བཟང་མགྲིན་རྒྱན།

༣.རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་མཁན་རིན་པོ་ཆེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་ཚིགས་བཅད་དུ་སྡེབས་པ་དད་པའི་འཁྲི་ཤིང་རྒྱས་པའི་མེ་ཏོག

༤.རྗེ་བཙུན་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་རྣམ་པར་ཐར་བ་སོགས།

དམ་ཆོས་སྒོ་མང་འཛིན་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་ཆ་ཙམ་བརྗོད་པ།

གོང་ས་སྐུ་ཕྲེང་ལྔ་བ་དེ་ཉིད་ཀྱི་སྐུའི་བཀོད་པ་ཉེ་བར་བསྡུས་པའི་སྐབས་བླ་མའི་བཀའ་དྲིན་དྲན་པའི་གདུང་དབྱངས།

སྨོན་ལམ་དྲང་སྲོང་མཆོག་གི་བདེན་ཚིག

༥.རྗེ་བཙུན་དགེ་འདུན་བསྟན་འཛིན་ནོར་བུ་དཔལ་བཟང་བོའི་རྣམ་པར་ཐར་བ་གཏམ་དུ་བརྗོད་པ་རྣམ་སད་ལྷའི་རྔ་ཆེན་སྐལ་བཟང་གདུལ་བྱའི་རེ་སྐོང།

༦.བསྟན་པའི་གསལ་བྱེད་ཆེན་པོ་བློ་བཟང་སྙན་གྲགས་པའི་གསང་བ་གསུམ་གྱི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་བརྗོད་པ་མགྲིན་པའི་ཆོས་དུང་།

༧.གུར་རིགས་བསྡུས་ཀྱི་དབང་གི་ཆོ་ག

༨.གུར་རིགས་བསྡུས་ཀྱི་བསྐྱེད་རིམ་རྒྱུད་དོན་སྙིང་བོའི་དོན་གསལ།

༩.སྒྱུ་མ་ཆེན་མོའི་དབང་གི་ཆོ་ག

༡༠.རྣལ་འབྱོར་ནམ་མཁའི་དབང་ཆོག

༡༡.ཟབ་མོ་ལྟ་བའི་རྣམ་བཞག་ཕྱོགས་ཙམ་བརྗོད་པ་བློ་བཟང་ཞལ་ལུང་།

༡༢.འཕགས་པ་ཐུགས་རྗེ་ཆེན་པོ་ལ་སྟོང་མཆོད་འབུལ་ཚུལ་བསོད་ནམས་མཐའ་ཡས།

༡༣.རྗེ་བཙུན་བྱམས་མགོན་ལ་བསྟེན་པའི་སྟོང་མཆོད་ཇི་ལྟར་བྱ་བའི་ཆོ་ག་ཀུན་བཟང་མཆོད་སྤྲིན།

པོད་ཇ་བའི་དཀར་ཆག

༡.རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་བདག་ཉིད་རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོའི་རྣམ་ཐར་གྱི་ས་བོན་དྲང་བོའི་གཏམ་གྱི་ཚངས་ཐིག

༢.ཁྱབ་བདག་རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོའི་གསུང་ལས་ཐོར་བུ་སྣ་ཚོགས།

རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་གཙོས་གསུང་རབ་དུ་མའི་འཁོར་ལོ་གསར་སྒྲུབ་སྐབས་ནང་བརྟེན་དཀར་ཆག་གི་རིམ་པ་ཡི་གེར་འགོད་པ།

ཐུར་གྲིབ་ལ་བརྟེན་ནས་ཉིན་གུང་ཡོལ་མིན་ལ་བརྟགས་ཐབས།

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་ཇི་ལྟར་བྱ་བའི་ཚུལ་གསལ་བར་བཀོད་པ།

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་རིག་པ་འཛིན་པ་རྩེན་མའི་སྒྲུབ་ཐབས་རྒྱུན་འཁྱེར་སྨོན་ལམ།

ཕྱག་ན་རྡོ་རྗེ་དྲག་པོ་གསུམ་འབྲེལ་སྒོམ་ཚུལ།

མགོན་པོ་སྤྱན་རས་གཟིགས་ལ་བསྟོད་པ་ཐུགས་རྗེའི་ལྕགས་ཀྱུ།

རྒྱོའུ་རྐྱའི་འདུ་ཁང་གི་སྐོར་ཚད།

༣.ཁྱབ་བདག་རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་འཕྲིནལས་རྒྱ་མཚོ་དཔལ་བཟང་བོའི་གསུང་ལས་བརྟན་གསོལ་འགའ་ཞིག

ཞབས་བརྟན་གསོལ་འདེབས་དགེ་མཚན་རབ་རྒྱས།

རྒྱལ་མཁན་ཆེན་སྤྲུལ་བའི་སྐུ་སྐལ་བཟང་འཕྲིན་ལས་རབ་རྒྱས་པའི་འཁྲུངས་རབས་གསོལ་འདེབས་དང་འབྲེལ་བའི་བརྟན་གསོལ་སྨོན་ཚིག

བདེ་ཐང་མཁན་ཆེན་ཨེར་ཏི་ནི་བློ་བཟང་ཆོས་ཀྱི་ཉི་མ་གཞན་ཕན་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོའི་ཞབས་བརྟན་སྨོན་ཚིག

དབལ་མིང་བ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོའི་སྐུ་བསྟོད་དང་འབྲེལ་བའི་བཤགས་སྡམས།

ལཱ་མོ་ཚ་ཀན་ཧུ་ཐོག་ཐུའི་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་རྗེ་བཙུན ༧ བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོ་དཔལ་བཟང་བོའི་ཞབས་བརྟན་གསོལ་འདེབས།

སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་སྙན་གྲགས་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས།

སྤྲུལ་པའི་སྐུ་སྐལ་བཟང་ཐུབ་བསྟན་ཉི་མའི་བརྟན་གསོལ་སྨོན་ཚིག

ཞབས་བརྟན་གསོལ་འདེབས་བྱིན་རླབས་ཉིན་བྱེད་འདྲེན་པའི་སྐྱ་རེངས།

ཞབས་བརྟན་སྨོན་ཚིག་དགེ་ལེགས་དཔལ་སྟེར།

མཁན་པོ་བླ་མའི་སྤྲུལ་བའི་སྐུ་འཇམ་དབྱངས་ཚུལ་ཁྲིམས་རྒྱ་མཚོའི་འཁྲུངས་རབས་དང་འབྲེལ་བའི་གསོལ་འདེབས།

རི་ཁྲོད་དབང་བོ་མང་ཐོས་གྲགས་པ་རྒྱ་མཚོ་བའི་བརྟན་གསོལ།

མཚོ་ཁ་གྲུབ་ཆེན་གྱི་སྤྲུལ་བའི་སྐུ་སྐལ་བཟང་བསྟན་འཛིན་རྒྱ་མཚོའི་བརྟན་གསོལ།

སྨོན་ཚིག་དོན་གཉིས་ལྷུན་འགྲུབ།

ཐུགས་བཞེད་འགྲུབ་པའི་སྨོན་ཚིག་ཤིས་པའི་སྒྲ་དབྱངས།

གུང་རུ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་སྤྲུལ་སྐུ་སྐལ་བཟང་དམ་ཆོས་སྒྲོན་མའི་ཞབས་བརྟན་སྨོན་ཚིག

དམ་པ་གང་གིས་རྗེས་སུ་འཛིན་པའི་སྨོན་ཚིག

དགེ་བའི་བཤེས་གཉེན་ཆེན་པོ་འཇིགས་མེད་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས།

དགེ་རྒན་དཀོན་མཆོག་རྒྱ་མཚོ་བའི་བརྟན་གསོལ།

༤.ཁྱབ་བདག་རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོའི་གསུང་ལས་མྱུར་འབྱོན་གྱི་སྐོར།

རྒྱལ་བ་གཉིས་པའི་རྒྱལ་ཚབ་དམ་པ་ཁྲི་ཆེན་རྒྱལ་མཚན་སེངྒེའི་ཡང་སྤྲུལ་མཁས་གྲུབ་བྱེ་བའི་གཙུག་རྒྱན་རྗེ་བཙུན་བློ་བཟང་བསྟན་འཛིན་སེངྒེ་དཔལ་བཟང་བོའི་ཡང་སྤྲུལ་མྱུར་གསལ་གྱི་སྨོན་ཚིག

རྗེ་བཙུན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་མྱུར་འབྱོན་སྨོན་ཚིག

རྗེ་བཙུན་བློ་བཟང་ལུང་རྟོགས་བསྟན་པའི་ཉི་མའི་མཆོག་སྤྲུལ་མྱུར་གསལ་གྱི་གསོལ་འདེབས་དྲང་སྲོང་གྲུབ་པའི་བདེན་ཚིག

དབལ་མང་ཆུང་བ་སྐལ་བཟང་བསྟན་འཛིན་རབ་རྒྱས་ཀྱི་ཡང་སྤྲུལ་མྱུར་གསལ་གྱི་སྨོན་ཚིག

མཁས་དང་གྲུབ་པའི་དབང་ཕྱུག་མེར་གན་མཁན་པོ་དཀོན་མཆོག་སེངྒེ་བའི་ཡང་སྤྲུལ་སྐལ་བཟང་བསྟན་པ་རྒྱ་མཚོའི་ཡང་སྲིད་མྱུར་འབྱོན་གྱི་གསོལ་འདེབས།

འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པའི་གསལ་བྱེད་དམ་པ་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་སྐལ་བཟང་བསྟན་པ་རབ་རྒྱས་ཀྱི་ཡང་སྤྲུལ་མྱུར་གསལ་ཀྱི་སྨོན་ཚིག་དྲང་སྲོང་གྲུབ་པའི་བདེན་ཚིག

ཀུན་སྤང་ཆེན་པོ་དཀོན་མཆོག་རྒྱལ་མཚན་ནམ་མཚན་གཞན་ཆོས་འབྱོར་བའི་ཞལ་སྔ་ནས་ཀྱི་མཆོག་སྤྲུལ་མྱུར་འབྱོན་གྱི་གསོལ་འདེབས།

ཤར་ཀ་རིང་ཀ་བཅུའི་ཡང་སྲིད་མྱུར་འབྱོན་གྱི་སྨོན་ཚིག

ར་རྒྱ་སྤྲུལ་བའི་སྐུ་སྐལ་བཟང་ཐུབ་བསྟན་རྒྱ་མཚོའི་ཡང་སྤྲུལ་མྱུར་འབྱོན་གྱི་སྨོན་ཚིག

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།