ཁྲི་བྱང་སྐུ་ཕྲེང་གསུམ་པ་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-12-15 17:58:01     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

བྲིས་པོད།ཤོག་གྲངས།

01137

1 གྱི་ན་པ་ཞིག་གིས་དམ་ཆོས་བདུད་རྩིའི་བགོ་སྐལ་མནོས་པའི་རྣམ་གཞག་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བར།8

2 རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་རྗེས་གནང་གི་སྐོར་ལ། 94

3 རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་ཁྲིད་ཀྱི་སྐོར་ལ། 64

4 རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་བེའུ་བུམ་གྱི་སྐོར་ལ། 42

5 གཉན་ལོ་ཙྰ་བ་དར་མ་གྲགས་ཀྱིས་བོད་དུ་སྤྱན་དྲངས་པ་བརྒྱ་རྩ་ཙམ་གྱི་ནང་ནས་གཙོ་བོར་བཟུང་བ་སྤས་པའི་མགོན་པོའམ་དམ་ཚིག་མགོན་པོ་དྲག་པོ་གཟི་ལྡན་དབང་ཕྱུག་གམ་སྟོབས་འཕྲོག་ནག་པོ་ཆེན་པོ་གདོང་བཞི་པའི་བེའུ་བུམ་སྐོར་ལ། 51

6 ས་སྐྱའི་གསེར་ཆོས་བཅུ་གསུམ་གྱི་བེའུ་བུམ་སྐོར་ལ། 9

7 རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་ལུང་གི་སྐོར་ལ། 172

8 དབང་གི་སྐོར་ལ། 46


མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཁྲི་བྱང་སྐུ་ཕྲེང་གསུམ་པ་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་ནི་ཚལ་གུང་ཐང་དུ་ཡབ་ཚེ་རིང་དོན་གྲུབ་དང༌།ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པ་པའི་ལྕགས་གླང་1901 ལོར་འཁྲུངས།སྐུ་གཞོན་དུས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད།འབུལ་སྡུད་སྤྲུལ་སྐུ་བློ་བཟང་ཡེ་ཤེས་དང་ཀླུ་འབུམ་ཤེས་རབ་རྒྱ་མཚོའི་དྲུང་ནས་རིག་གནས་གསན་བཞེས་མཛད།

དགུང་ལོ་ཉེར་གཅིག་ལ་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་མཛད།རྗེས་ཁམས་ཆ་སྤྲིན་དགོན་དུ་ཕེབས།དེ་ནས་དབུས་སུ་ཕེབས་ནས་ཕ་བོང་ཁ་བྱམས་པ་བསྟན་འཛིན་དང་སྟག་བྲག་ངག་དབང་གསུང་རབ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན།

དགུང་ལོ་སོ་བཞི་ལ་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་གསེར་སྡོང་གསར་བཞེངས་ཀྱི་ཕྱུག་ལས་གནང༌།དགུང་ལོ་ཞེ་བཞི་ལ་རྒྱལ་བའི་མཚན་ཞབས་མཛད།དགུང་ལོ་ང་གཅིག་ལ་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་ཡོངས་འཛིན་མཛད།མདོ་སྔགས་ཀྱི་ཆོས་རྒྱ་ཆེར་བསྐོར།

དགུང་ལོ་གྱ་གཉིས་ཏེ་ཆེ་ཁྱི་1982 ལོ་ལ་སྐུ་གཤེགས།གསུང་འབུམ་པོད་གཅིག་བཞུགས།


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།