ཨ་ཀྱྰ་སྤྲུལ་མིང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-12-15 17:53:39     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་གྲངས།

01132 ཀ

1 བསྟོད་པ་ཨུཏྤལ་དཀར་པོའི་ཆེན་པོ་ལ། 10

2 བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་པའི་ཟིན་ཐོ་རགས་བསྡུས་ཙམ་བཀོད་པ་སྐྱ་རེངས་གསར་པའི་སྣང་བ་ལ། 94

3 ལམ་རིམ་མཆན་བཞི་མའི་བཤད་ལུང་ཟིན་བྲིས་ཉི་གཞོན་སྣང་བ་ཞེས་པ་ལ། 22

4 ཐོག་མར་བློ་སྦྱོང་གི་ཁྲིད་གྲལ་སྐབས་ཀྱི་ཟིན་བྲིས་ཉུང་བསྡུས་ལ། 10

5 སེམས་བསྐྱེད་མཆོད་པའི་ཟིན་བྲིས་ཉུང་བསྡུས་ཀྱི་ཚུལ་དུ་བཀོད་པ་ཀུན་བཟང་མཆོད་པའི་མེ་ཏོག་ལ། 13

6 ཤིང་རྟའི་སྲོལ་འབྱེད་ཀྱི་རྣམ་གཞག་རགས་བསྡུས་བློ་གསལ་མགུལ་ལྡན་གསར་པ་ཞེས་བྱ་བ་ལ། 34

7 དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་པའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་དགའ་ལྡན་ཞིང་གི་ལམ་ཡིག་ཅེས་བྱ་བ་ལ། 16

01133 ཁ།

1 དཔལ་རྡོ་རྗེ་འཇིགས་བྱེད་སྐྱེ་བསྙེན་སྒྲུབ་ཀྱི་རྣམ་གཞག་གསལ་བར་བཀོད་པ་བདུད་རྩིའི་བུམ་བཟང་ལ། 18

2 རྗེ་བཙུན་སྒྲོལ་མ་ལ་བརྟེན་པའི་དགེ་མཚན་སྤེལ་ཆོག་ལེགས་ཚོགས་ཉིན་བྱེད་འདྲེན་པའི་ཤིང་རྟ་ཞེས་བྱ་བ་ལ། 13

3 འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་གི་ཟིན་ཐོ་ཉུང་བསྡུས་ལ། 10

4 རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་ཟིན་བྲིས་དངོས་གྲུབ་བདུད་རྩིའི་ཟེགས་མ་ཞེས་བྱ་བ་ལ། 45

5 རྗེ་དྷ་ཛའི་ཞབས་ཀྱི་སྔགས་ཀྱི་སྤྱི་དོན་མཛུབ་ཁྲིད་མནོས་སྐབས་ཀྱི་་བརྗེད་བྱང་བདུད་རྩིའི་ཐིགས་ཕྲེང་ཞེས་བྱ་བ་ལ།42

6 སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་རྗེས་གནང་གི་ཟིན་བྲིས་ཉུང་བསྡུས་ལ། 81

7 རྡོ་རྗེ་ཕྲེང་བའི་དབང་གི་མཐོང་བ་བརྒྱུད་པའི་ལག་ལེན་གསལ་བར་བཀོད་པ་ཉིན་བྱེད་དབང་གི་མཛེས་ལྡན་ཞེས་བྱ་བ་ལ། 14

01134 ག

1 དཔལ་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་བསྙེན་ཡིག་ལག་ལེན་རབ་གསལ་ཞེས་བྱ་བ་ལ། 6

2 བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་ལ་བརྟེན་པའི་དཀྱིལ་འཁོར་སྒྲུབ་མཆོད་ཆ་ལག་དང་བཅས་པའི་ལག་ལེན་གསལ་བར་བཀོད་པ་དྭངས་ཤེལ་མེ་ལོང་ལ། 59

3 དཔལ་དུས་ཀྱི་འཁོར་ལོའི་སྒོ་ནས་རབ་གནས་མདོར་བསྡུས་བྱ་ཚུལ་བཀླག་པས་དོན་གྲུབ་ལ། 21

4 སྒྲོལ་དཀར་ཚེ་ཁྲིད་ཀྱི་གསུང་བཤད་ཟིན་བྲིས་ཚེ་དཔལ་བདུད་རྩིའི་ཟེགས་མ་ཞེས་བྱ་བ་ལ། 19

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཨ་ཀྱྰ་སྤྲུལ་མིང་བསྟན་པའི་རྒྱལ་མཚན་ནི་རབ་བྱུང་བཅོ་ལྔ་པ་པའི་ལྕགས་ཁྱི་1910ལོ་ལ་འཁྲུངས།སྐུ་གཞོན་ནུ་ནས་སྐུ་འབུམ་བྱམས་པ་གླིང་དུ་ཆོས་གྲྭར་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོང་གནང་སྟེ་བཀའ་བཅུའི་གྲྭ་སྐོར་མཛད།ཁོང་གིས་གསེར་ཏོག་སྤྲུལ་སྐུ་དང་རྒྱ་ཡག་སྤྲུལ་སྐུ་བཅས་དང་ལྷན་དུ་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་དྲུང་དུ་ཆོས་བཀའ་མང་དུ་གསན།དགུང་ལོ་ཉེར་བཞི་ལོ་དང་ཉེར་དྲུག་པར་རྗེ་འཕྲིན་ལས་རྒྱ་མཚོ་སྐུ་འབུམ་དུ་གདན་ཞུ་མཛད་ནས་ལམ་རིམ་གསན་པ་དང༌།པཎ་ཆེན་སྐུ་གོང་མ་ཐུབ་བསྟན་ཆོས་ཀྱི་ཉི་མའི་དྲུང་ནས་དུས་འཁོར་རྡུལ་ཚོན་དཀྱིལ་འཁོར་སྟེང་ནས་དབང་ཆེན་གསན།དགུང་ལོ་ཉེར་བདུན་ལོ་ལམ་རིམ་ཆེན་མོའི་བཤད་ལུང་ཟིན་བྲིས་སྐྱ་རེངས་གསར་པའི་སྣང་བའང་བཀའ་རྩོམ་མཛད།དགུང་ལོ་ཉེར་བརྒྱད་མན་གྱི་མཛད་རྣམ་མ་རྙེད།གསུང་འབུམ་པོད་གསུམ་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།