བྲག་གཡབ་རྟོགས་ལྡན་འཇམ་དབྱངས་བློ་གྲོས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-12-15 17:49:04     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་གྲངས།

01107

1 ལས་དང་པོ་བ་ལ་དབུ་མའི་རིག་པ་ངོ་སྤྲོད་ཚུལ་ལྟ་ཁྲིད་སྙན་བརྒྱུད་མན་ངག་གསེར་གྱི་ཕྲེང་བ་ལ། 26

679

2 ལྷག་མཐོང་ཆེན་མོའི་དཀའ་གནད་རིན་ཆེན་ཕྲེང་བ་ལ། 108

3 ཉམས་མགུར་གྱི་ཚོགས་ཐབས་ཤེས་གསང་བའི་བང་མཛོད་ལ། 292

4 རྗེ་བླ་མ་མཚན་བརྗོད་པར་དཀའ་བ་འཇམ་དབྱངས་བློ་གྲོས་དཔལ་བཟང་པོའི་གསང་བའི་རྣམ་ཐར་ཅུང་ཟད་ཚིགས་སུ་བཅད་པའི་གསོལ་འདེབས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ། 6

5 རྗེ་བླ་མ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་རྗེ་བཙུན་འཇམ་དབྱངས་བློ་གྲོས་དཔལ་བཟང་པོའི་རྣམ་ཐར་ཅུང་ཟད་ཅིག་གཏམ་དུ་བྱ་བ་བཻེཏྱའི་མགུལ་ལྡན་ལ། 40

6 ལྷག་མཐོང་ཆེན་མོའི་དཀའ་གནད་ཀྱི་འགྲེལ་པ་རིག་པའི་ལྕགས་ཐུར་ལ། 55

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།བྲག་གཡབ་རྟོགས་ལྡན་འཇམ་དབྱངས་བློ་གྲོས་ནི་མདོ་སྨད་ཀྱི་སའི་ཆ་སྦྱེ་སྟོད་བྱང་དཀར་ཞེས་བྱ་བའི་ཡུལ་གྲུ་དེར་ཡབ་དར་རྒྱས་དང༌།ཡུམ་རྣལ་འབྱོར་མའི་རིགས་ཅན་དུ་གྲགས་པ་ལོ་ཡག་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པ་པའི་ས་བྱི་1888 ལོ་ལ་འཁྲུངས།མཚན་དོན་གྲུབ་ཚེ་རིང་ཞེས་གསོལ།དགུང་ལོ་ལྔ་པ་པའི་དུས་ཡི་གེ་བསླབས་པས་ཚེགས་མེད་དུ་མཁྱེན།དགུང་ལོ་བཅུ་གཉིས་ནས་བཅུ་དྲུག་བར་ཆོས་འདོན་དུ་བྱོན།དགུང་ལོ་བཅུ་བདུན་སྐབས་གྲུབ་ཆེན་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་རབ་བྱུང་སྡོམ་པ་བཞེས།མཚན་ངག་དབང་ཡེ་ཤེས་གསོལ།དགུང་ལོ་ཉི་ཤུ་རྩ་གཉིས་ལ་རྒྱལ་བ་བློ་བཟང་ཆོས་ཉིད་ཀྱི་དྲུང་ནས་ཟབ་ཆོས་མང་དུ་གསན་ཏེ་མཚན་འཇམ་དབྱངས་བློ་གྲོས་ཞེས་གསོལ།དགུང་ལོ་ཉེར་གསུམ་ལ་དབུས་སུ་ཕེབས་ནས་བླ་བློ་གླིང་གི་ཆོས་གྲྭར་ཞུགས།ཀྲེ་ཧོར་བློ་བཟང་སྦྱིན་པ་དང༌།མི་ཉག་འཇམ་དཔལ་བློ་གྲོས།གསེར་ཁང་རྗེ་བྱམས་པ་བསྟན་འཛིན་རྒྱ་མཚོ་སོགས་ནས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཀླས་པ་གསན་ཞིང༌།ཕ་བོང་ཁ་རྗེ་བྱམས་པ་བསྟན་འཛིན་རྒྱ་མཚོའི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས།རྗེ་འདི་གྲྭ་རྐྱང་བྱ་བྲལ་ལ་རྟག་བརྟན་རི་ཁྲོད་ཨེ་གསང་ཕུག་ཏུ་འཚོ་བ་གང་བྱུང་ལ་ཆོག་ཤེས་བརྟེན་ནས་སྒྲུབ་པ་ལ་བརྩོན།དགུང་ལོ་སོ་ལྔ་ལ་མདོ་སྨད་དུ་ཕེབས།བྲག་གཡབ་བུ་དགོན་དུ་ལམ་རིམ་བདེ་ཆེན་ཞལ་ལུང་ལྗགས་བསྒྲིགས་མཛད།དཔའ་ཤོད་དགོན་དུ་གཞུང་ཆེན་པོད་ལྔའི་རྩོད་གྲྭ་བཙུགས།ཚོགས་གཞུང་དུ་བཏུང་བ་སྨྱོས་ཆང་གི་རྒྱུན་བཅད།རྫ་རྒྱུད་རྩ་ར་ཁར་ལམ་རིམ་གྱི་སྒྲུབ་གྲྭ་བཙུགས་ནས་སྦྱར་ཁམས་དགོན་ཁག་སོ་སོར་ལམ་རིམ་ཁོ་ན་ལ་གཞོལ་བ་བྱས།གཙུག་ཕུར་རི་ཁྲོད་ཕྱུག་བཏབ།དགུང་ལོ་ང་བཞི་སྟེ་ལྕགས་སྤྲུལ་1941 ལོ་ལ་སྐུ་གཤེགས།གསུང་འབུམ་པོད་གཅིག་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།