ཕ་བོང་ཁ་རྗེ་བཙུན་བྱམས་པ་བསྟན་འཛིན་འཕྲིན་ལས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-12-15 17:45:30     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་གྲངས།

01092 ཀ་

1 རྗེ་ཉིད་ཀྱི་གསན་ཡིག་བསམ་འཕེལ་ནོར་བུའི་དོ་ཤལ་ལས་དབང་རྐྱང་གི་སྐོར་ཕྱོགས་གཅིག་ཏུ་བཀོད་པ་ལ། 16

2 གསན་ཡིག་བསམ་འཕེལ་ནོར་བུའི་དོ་ཤལ་ལས་དབང་ཁྲིད་སྦྲགས་མའི་སྐོར་ལ། 64

3 གསན་ཡིག་བསམ་འཕེལ་ནོར་བུའི་དོ་ཤལ་ལས་ལུང་ཁྲིད་སྣ་ཚོགས་པའི་སྐོར་ལ། 48

4 གསན་ཡིག་བསམ་འཕེལ་ནོར་བུའི་དོ་ཤལ་ལས་ལུང་རྐྱང་གི་སྐོར་ལ། 232

དཀར་ཆག་ལ། 4

01093 ཁ་

1 གསན་ཡིག་བསམ་འཕེལ་ནོར་བུའི་དོ་ཤལ་ལས་རྗེས་གནང་གི་སྐོར་ལ། 33

2 གསན་ཡིག་བསམ་འཕེལ་ནོར་བུའི་དོ་ཤལ་ལས་བེའུ་བུམ་སྐོར་ལ། 87

3 བླ་མཆོད་བདེ་སྟོང་དབྱེར་མེད་མ་འཁོར་ལོ་སྡོམ་པ་དང་འབྲེལ་བར་ཉམས་སུ་ལེན་ཚུལ་སྙན་བརྒྱུད་བདུད་རྩིའི་ཟིལ་ཐིགས་ལ། 31

4 ཟབ་ལམ་བླ་མ་མཆོད་པ་འཇིགས་བྱེད་དང་འབྲེལ་བར་ཉམས་སུ་ལེན་ཚུལ་སྙན་བརྒྱུད་བདུད་རྩིའི་ཟེགས་མ་ལ། 20

5 དབང་བཞི་རྒྱས་པ་ལེན་ཚུལ་ཐབས་མཁས་འཕྲུལ་གྱི་དགའ་སྟོན་བཀའ་རྒྱ་ཅན་ལ། 7

6 བླ་མཆོད་དང་གྲུབ་རྒྱལ་ཚེ་སྒྲུབ་སྦྲགས་མའི་སྒོ་ནས་ཞིང་ཁྱད་པར་ཅན་ལ་བརྟན་བཞུགས་འབུལ་ཚུལ་རྟག་བརྟན་རྡོ་རྗེའི་རེ་ཁྰ་ལ། 13

7 བླ་མའི་རྣལ་འབྱོར་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 16

8 བླ་བརྒྱུད་གསོལ་འདེབས་སོགས་ཀྱི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 23

9 ཟབ་ལམ་དགའ་ལྡན་ལྷ་བརྒྱ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་རིན་ཆེན་གཏེར་གྱི་བང་མཛོད་བཀའ་རྒྱ་ཅན་ལ།23

10 དགེ་ལྡན་སྙན་བརྒྱུད་ཀྱི་མན་ངག་ལས་བྱུང་བའི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མར་གྲགས་པ་ལ། 5

11 དགའ་ལྡན་ལྷ་བརྒྱ་མའི་འཕོ་ཁྲིད་འདོན་ཆོག་སྐལ་བཟང་དགའ་ལྡན་བགྲོད་པའི་ཐེམ་སྐས་ལ། 8

12 ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་མྱོང་ཁྲིད་དུ་གྲལ་སྐབས་ཀྱི་ཟིན་བྲིས་གྲུབ་གཉིས་འདོད་པ་འཇོ་བའི་དཔག་བསམ་ཡོངས་འདུའི་སྙེ་མ་ལ། 52

13 སྔགས་རིམ་ཆེན་མོའི་བཤད་ལུང་གསན་སྐབས་ཀྱི་གསུང་བཤད་ཟིན་བྲིས་སུ་མཛད་པ་ལ། 37

14 སོག་སྒྲུབ་སྡེ་དགེ་རྒྱས་ཐེག་མཆོག་གླིང་སོགས་ཀྱི་་བཅའ་ཡིག་ཁག་གཉིས་ལ། 21

དཀར་ཆག་ལ། 2

01094 ག་

1 རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང༌།རྫོགས་རིམ་རིམ་ལྔ་གསལ་སྒྲོན་གྱི་གསུང་བཤད་ཟིན་ཐོར་གསོལ་བ་ལ། 70

2 འདུས་པ་འཕགས་ལུགས་ཀྱི་སྒྲུབ་ཐབས་མདོར་བསྡུས་མཆོག་གི་དགའ་སྟོན་ལ། 17

3 འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་གྱི་ངག་འདོན་ནག་འགྲོས་ཁྱེར་བདེ་བར་བཀོད་པ་ལ། 25

4 འཇིགས་མཛད་དཔའ་བོ་གཅིག་པའི་བདག་བསྐྱེད་ཅུང་བསྡུས་ཏེ་ཉམས་སུ་ལེན་ཚུལ་ལ། 10

5 འཇིགས་བྱེད་དཔའ་བོ་གཅིག་པའི་ལས་རུང་གི་བསྙེན་པ་བྱ་ཚུལ་དང༌།དེའི་བསྙེན་ཆེན་གྱི་ཟིན་ཐོ་ཐུན་མོང་མ་ཡིན་པ་ཨ་མདོ་བདེ་ཡངས་རིན་པོ་ཆེས་མཛད་པ།དྲུག་ཅུ་མ་དྲག་བསྔོས་ཀྱི་ཟིན་ཐོ་བཅས་ལ། 16

6 དཔལ་འཁོར་ལོ་སྡོམ་པའི་རྒྱུད་འགྲེལ་སྦས་དོན་ཀུན་གསལ་གྱི་བཤད་ལུང་སྐབས་དང༌།དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་གྱི་ཕྱུག་ཟིན་ཐོར་བུ་ལ། 18

7 དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུས་དཀྱིལ་གྱི་བླ་བརྒྱུད་གསོལ་འདེབས་དང༌།དེའི་མངོན་རྟོགས་བདེ་ཆེན་རབ་འཕེལ་བཅས་ལ། 42

8 དེའི་བུམ་བསྐྱེད་དང་བདག་འཇུག་མདོར་བསྡུས་ཉེས་ལྟུང་དྲི་མ་འཁྲུད་པའི་ཐུགས་རྗེའི་ག་བུར་ཆབ་རྒྱུན་ལ། 15

9 དེའི་བསྙེན་སྒྲུབ་སྦྲགས་མའི་ཆོ་ག་རྒྱས་བསྡུས་ཁག་གསུམ་ལ། 6

10 དེའི་ཕྱི་རོལ་མཆོད་པའི་འདོན་ཆོག་དང༌།ཆོས་འབྱུང་མཆོད་པ་བྱ་ཚུལ་ཁྱེར་བདེར་བཀོད་པ་བཅས་ལ། 11

11 དེའི་ཇ་མཆོད་རྡོ་རྗེའི་ལུས་ཀྱི་མཆོད་སྤྲིན་ལ། 1

12 རྡོ་རྗེ་བཟླས་པའི་ལྟུང་སྦྱོར་བདེ་མཆོག་ཚེ་ལྷ་དཀར་པོ་དང་སྦྲགས་ཏེ་ཉམས་སུ་ལེན་ཚུལ་གྱི་མན་ངག་སྙན་བརྒྱུད་བདུད་རྩིའི་ཐིག་ལེ་བཀའ་རྒྱ་ཅན་ལ། 6

13 བདེ་མཆོག་ཚེ་ལྷ་དཀར་པོའི་སྒོ་ནས་ཡུལ་ཁྱད་པར་ཅན་ལ་བརྟན་བཞུགས་འབུལ་ཚུལ་ལ། 13

14 བདེ་མཆོག་ཚེ་ལྷ་དཀར་པོའི་ཚོགས་མཆོད་བྱ་ཚུལ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ། 3

15 བཅོམ་ལྡན་འདས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་རིམ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ཙིཏྟ་མ་ཎིའི་དོ་ཤལ་ལ། 78

16 གསང་བདེ་འཇིགས་གསུམ་སོགས་ཀྱི་རིམ་གཉིས་ཟབ་ཁྲིད་སྐབས་འགྲེལ་གཏོར་འབུལ་ཚུལ་དང༌།སྒྱུ་ལུས་མཆོད་པ་བཅས་ཀྱི་ཕྱུག་བཞེས་འཁྲུལ་མེད་ཕྱོགས་གཅིག་ཏུ་བཀོད་པ་ལ། 19

དཀར་ཆག་ལ། 2

01095 ང་

1 ནྰ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་བདེ་ཆེན་ཉེ་ལམ་ལ། 20

2 དེའི་སྒྲུབ་ཐབས་བསྡུས་ཏེ་སྒོམ་ཚུལ་ནག་འགྲོས་སུ་བཀོད་པ་ལ། 7

3 དེའི་དཀྱིལ་ཆོག་བདེ་ཆེན་དགའ་སྟོན་ལ། 36

4 དེའི་བསྙེན་སྒྲུབ་ལས་གསུམ་གྱི་ལག་ལེན་ནག་འགྲོས་སུ་བཀོད་པ་སྐལ་བཟང་མཁའ་སྤྱོད་བགྲོད་པའི་ཐེམ་སྐས་ལ།23

5 དེའི་བསྙེན་པའི་སྔོན་འགྲོའི་འདོན་ཆ་ཟུར་བཀོལ་རྡོ་རྗེའི་བྱིན་བརྒྱ་འབེབས་པའི་ཕོ་ཉ་དང༌།བསྙེན་པའི་སྐབས་ཀྱི་ཕྱུག་ལེན་དང་ཆོ་གའི་ཟིན་ཐོ།ཚེས་བཅུ་རྒྱས་འབྲིང་བསྡུས་པ་བྱ་ཚུལ་བཅས་ལ། 18

6 དེའི་སྒོ་ནས་ཞི་བའི་སྦྱིན་སྲེག་བྱ་ཚུལ་དངོས་གྲུབ་འདོད་འཇོ་ལ། 9

7 ནྰ་རོ་མཁའ་སྤྱོད་མ་ལ་བརྟེན་ནས་འཇིག་རྟེན་པའི་མེ་ལྷ་ཐབ་ཏུ་འགུགས་པའི་བསྙེན་པ་བྱ་ཚུལ་ནག་འགྲོས་སུ་བཀོད་པ་དངོས་གྲུབ་མྱུར་འགུགས་ལ། 3

8 དེའི་སྒོ་ནས་འཇིག་རྟེན་པའི་མེ་ལྷ་ཐབ་ཏུ་འགུགས་པའི་བསྙེན་པའི་བཅུ་ཆའི་སྦྱིན་སྲེག་བྱ་ཚུལ་དྲང་སྲོང་དགྱེས་པའི་མཆོད་སྦྱིན་ལ། 5

9 དེའི་སིདྡྷུ་རའི་སྒྲུབ་བའམ་བསྙེན་སྒྲུབ་སྦྲགས་མའི་འདོན་བསྒྲིགས་མཁའ་སྤྱོད་ཞིང་གི་འཇུག་ངོགས་ལ། 3

10 དེའི་བསྙེན་པའི་བཅུ་ཆ་ཆེན་མོའི་སྦྱིན་སྲེག་བྱ་ཚུལ་གྱི་འདོན་ཆོག་ལྷུག་པར་སྤེལ་བ་དོན་ཡོད་འཕྲུལ་ཞགས་ལ། 8

11 མཁའ་སྤྱོད་བགྲོད་པའི་མན་ངག་གསེར་ཆོས་ཐུན་མོང་མ་ཡིན་པའི་ཞལ་ཤེས་ཆིག་བརྒྱུད་མ་བཀའ་རྒྱ་ཅན་ལ། 4

12 དེའི་ཚོགས་མཆོད་མདོར་བསྡུས་ཟག་མེད་དགྱེས་རྒུའི་དགའ་སྟོན་ལ། 3

13 དེའི་སྒོ་ནས་ཏིལ་གྱི་སྦྱིན་སྲེག་བྱ་ཚུལ་དང་ཟས་མཆོད་བཅས་ལ། 6

14 རྗེ་བཙུན་ཡུམ་རྐྱང་གི་འཕོ་བ་མྱུར་འདྲེན་ཐུགས་རྗེའི་ལྕགས་ཀྱུ་དང༌།ལག་མཆོད་བྱ་ཚུལ་མཁའ་སྤྱོད་དགའ་སྟོན་སྙིང་པོ་བཅས་ལ། 6

15 ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་ཆོག་ནག་འགྲོས་སུ་བཀོད་པ་ལ། 36

16 མདོ་ལྡན་སྦྱར་བའི་བཤད་ལུང་དང་དབུ་མ་ལ་འཇུག་པའི་བསྙེལ་ཟིན་ཉུང་ངུ་ལ། 17

17 དྲང་ངེས་ལེགས་བཤད་སྙིང་པོའི་ཟིན་བྲིས་མདོ་ཙམ་དུ་གནང་བ་ལ། 39

18 བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་མཆན་ཐོར་བུ་དང་བཅས་པ་ལ། 82

19 དེའི་བཤད་ཁྲིད་ཀྱི་ས་བཅད་ལ། 15

20 བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཟབ་ཁྲིད་སྐབས་ཀྱི་་བསྙེལ་ཟིན་ལ། 36

དཀར་ཆག་ལ། 2

01096 ཅ་

1 བྱང་ཆུབ་ལམ་གྱི་རིམ་པ་མཆན་བུ་བཞི་སྦྲགས་ཀྱི་་བཀའ་མཆན་ཐོར་བུ་ལ། 94

2 སྦྱོར་བའི་ཆོས་དྲུག་ཉམས་སུ་ལེན་ཚུལ་ཐེག་མཆོག་འཕྲུལ་གྱི་ཤིང་རྟ་ལ། 45

3 འཇམ་དཔལ་ཞལ་ལུང་དབུས་བརྒྱུད་ལུགས་ཀྱི་སྦྱོར་ཆོས་ངག་འདོན་ཁྲིགས་ཆགས་སུ་བཀོད་པ་རྒྱལ་བའི་ལམ་བཟང་ལ། 11

4 ལམ་རིམ་དམར་ཁྲིད་བདེ་མྱུར་གྱི་ཐོག་ནས་ཉམས་ཁྲིད་གྲལ་སྐབས་ཀྱི་ས་བཅད་སོགས་ས་བཅད་འགའ་ཞིག་ཕྱོགས་གཅིག་ཏུ་བཀོད་པ་ལ། 18

5 བྱང་ཆུབ་ལམ་གྱི་རིམ་པར་མྱོང་ཁྲིད་གནད་དུ་བཀར་ཏེ་སྐྱོང་ཚུལ་གྱི་མན་ངག་ཁག་གཉིས་ལ། 13

6 ཤུལ་རིང་ལམ་གྱི་མྱོང་བ་ལག་ལེན་དམར་བཅངས་སྙིང་གི་ཐུར་མ་ལ། 24

7 གསུང་མགུར་བསླབ་བྱའི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བཀོད་པ་ལ། 35

8 བློ་སྦྱོང་དོན་བདུན་མའི་རྩ་བ་ལ། 3

9 སྒྱུ་ལུས་ཚོགས་སུ་བསྔོ་བ་ཐབས་ཤེས་ཉམས་ཀྱི་བོགས་འདོན་དགའ་ལྡན་སྒྲུབ་བརྒྱུད་སྤྱི་ནོར་ལ། 7

10 གཏོར་མ་བརྒྱ་རྩ་གཏོང་ཚུལ་ནག་འགྲོས་སུ་བཀོད་པ་མཆོད་སྦྱིན་འཕྲུལ་གྱི་ཤིང་རྟ་ལ། 15

11 དྭགས་པོ་བླ་མ་རིན་པོ་ཆེའི་གསུང་གི་བདུད་རྩི་བསྙེལ་ཐོར་གནང་བ་སོགས་ཕྱུག་ཟིན་ཐོར་བུ་སྣ་ཚོགས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ།103

12 ཚད་མའི་བསྙེལ་བྱང་ཉུང་ངུ་ལ། 8

དཀར་ཆག་ལ། 2

01097 ཆ་

1 རྗེ་བཙུན་འཇམ་དབྱངས་དཀར་པོ་ལ་བརྟེན་ནས་ཤབྷ་ལར་བགྲོད་པའི་གདམས་པ་ཟབ་མོ་ཞིང་མཆོག་བགྲོད་པའི་ས་མཁན་ལ། 10

2 སྒྲ་མི་སྙན་གྱི་ཚེ་ཁྲིད་ཀྱི་འདོན་ཆོག་ཁྱེར་བདེ་སོགས་ལྷག་ལྷའི་སྒྲུབ་ཐབས་སྐོར་ལ། 16

3 སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་རང་གཞན་གྱི་ཚེ་སྒྲུབ་བྱ་ཚུལ་ལ། 10

4 སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྟོད་པ་འཆི་མེད་བདུད་རྩིའི་དགའ་སྟོན་ལ། 4

5 སྒྲོལ་དཀར་ཚེ་ཁྲིད་དང༌།འཇམ་དཀར།དབྱངས་ཅན་མ་རྣམས་ཀྱི་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་གསུང་

བཤད་ཟིན་བྲིས་ལ། 13

6 གསུང་བཀའ་རྒྱ་མའི་སྐོར་འགའ་ཞིག་ཕྱོགས་གཅིག་ཏུ་བཀོད་པ་ལ། 33

7 གསུང་ཐོར་བུ་བ་རྣམས་ཕྱོགས་གཅིག་ཏུ་བཀོད་པ་ལ། 110

8 མདོ་སྔགས་སྐོར་གྱི་དྲིས་ལན་སྣ་ཚོགས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 110

9 འཇམ་དབྱངས་ཆོས་སྐོར་སོགས་ཀྱི་རྗེས་གནང་བཅའ་བསྒྲིགས་སྐོར་ལ། 14

10 ལྕགས་མཁར་ཟུར་དགུ་པའི་གཏོར་ཆོག་སྲིད་གསུམ་རྣམ་རྒྱལ་གྱི་འདོན་ཆ་ནག་འགྲོས་སུ་བཀོད་པ་རྣམ་རྒྱལ་དགའ་སྟོན་ལ། 22

11 དེའི་ཟུར་རྒྱན་གནམ་ལྕགས་འཕྲུལ་འཁོར་ལ། 9

12 འཇིགས་བྱེད་དཔའ་བོ་གཅིག་པའི་སྒོ་ནས་གབ་འདྲེའམ་སྒྲུབ་སྲི་མནན་པའི་ཆོ་ག་ཐར་མེད་གཤིན་རྗེའི་ལྟོ་ཁུང་ལ།15

13 དེའི་བཅའ་གཤོམ་གྱི་ལག་ལེན་དང༌།སྲི་མནན་མདོར་བསྡུས་བཅས་ལ། 10

དཀར་ཆག་ལ། 2

01098 ཇ

1 མན་ཌལ་བཤད་པ་འབུལ་ཚུལ་དད་གསུམ་པདྨོ་རྒྱས་པའི་ཉིན་བྱེད་ལ། 13

2 ཞབས་བརྟན་དང་མྱུར་བྱོན་འཁྲུངས་རབས་གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 45

3 ཡང་འཁྲུངས་རབས་གསོལ་འདེབས་སྐལ་བཟང་དད་པའི་ང་རོ་ཡིད་ཆེས་བདེན་དབྱངས་ལ། 3

4 བརྟན་བཞུགས་གསོལ་འདེབས་འཇིགས་མཛད་བཞད་པའི་གད་རྒྱངས་འཆི་བདག་གཡུལ་ལས་རྒྱལ་བའི་རྔ་དབྱངས་ལ། 4

5 དཔལ་མགོན་སྟོབས་འཕྲོག་དབང་པོ་གདོང་བཞི་པ་རྣམ་འགྱུར་བཅུ་བདུན་གྱི་རྗེས་གནང་གི་ཆོ་ག་ཞིང་སྐྱོང་དགྱེས་པའི་མཆོད་སྤྲིན་སྐལ་བཟང་སྙིང་ནོར་ལ། 116

6 དཔལ་མགོན་སྟོབས་འཕྲོག་དབང་པོ་སིར་པོ་རྒྱས་བྱེད་ལྷ་དགུ་ལ་བརྟེན་པའི་འདོད་དགུ་དབང་དུ་བྱ་བའི་མན་ངག་དགོས་འདོད་དབྱིག་གི་ཆར་འབེབས་ལ། 28

7 དེའི་ལྷན་ཐབས་དབྱར་གྱི་རྔ་གསང་ལ། 7

8 དཔལ་མགོན་ཞལ་བཞི་པའི་བསྐང་གསར་ས་སྐྱ་པ་ངག་དབང་མཁྱེན་རབ་ཀྱིས་མཛད་པར་དམིགས་བསལ་བསྒྱུར་

ཀ་གནང་བ་ལ། 10

9 བསྟན་སྲུང་ཁག་གི་འཕྲིན་བསྐུལ་གསེར་སྐྱེམས་ཚོགས་མཆོད་སོགས་དང༌།ནོར་ལྷའི་སྐོར་འགའ་ཞིག་ཕྱོགས་གཅིག་ཏུ་བཀོད་པ་ལ། 24

10 འཇམ་མགོན་བསྟན་སྲུང་རྡོ་རྗེའི་མཚན་ཅན་གྱི་སྲོག་གཏད་ཀྱི་ཆོ་ག་བྱིན་རླབས་རིན་ཆེན་འདྲེན་པའི་ཡིད་ཆེས་ནོར་བུའི་ཤིང་རྟ་ཤིན་ཏུ་བཀའ་རྒྱ་ཅན་དང་སྲོག་འཁོར་འབྲི་ཚུལ་གྱི་ཟིན་བྲིས་བཅས་ལ། 10

11 རྡོ་རྗེ་འཆང་ཉིད་ཀྱི་གསུང་རྩོམ་གྲས་མ་ཡིན་ཀྱང་དེའི་ཆ་ལག་ཏུ་བཀོད་པ་སྲོག་གཏད་སྐབས་ཀྱི་སྔོན་འགྲོ་བཤད་པའི་མཚམས་སྦྱོར་ལ། 8

12 འཇམ་མགོན་བསྟན་སྲུང་རྡོ་རྗེ་ཤུགས་ལྡན་གྱི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་དགོས་འདོད་ཡིད་བཞིན་རེ་སྐོང་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ལ། 35

13 དེའི་སྒེར་བསྐང་རྒྱས་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྔ་དབྱངས་ལ། 29

14 དེའི་བསྐང་ཆོག་འབྲིང་པོ་ལས་བཞིའི་འཕྲིན་ལས་མྱུར་འགུགས་ལ། 10

15 དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ལ་བསངས་མཆོད་འབུལ་ཚུལ་བདེ་ཆེན་ཕྱྰ་གཡང་མྱུར་འགུགས་སོགས་བསངས་མཆོད་ཀྱི་སྐོར་ཕྱོགས་གཅིག་ཏུ་བཀོད་པ་ལ། 22

དཀར་ཆག་ལ། 2

01099 ཉ་

1 ཆབ་ཤོག་སྙན་དངགས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བཀོད་པ་སྤེལ་ལེགས་མེ་ཏོག་གསར་པའི་དོ་ཤལ་ལ། 83

2 སྨོན་ཚིག་དང༌།དབུ་བརྗོད།འདོད་གསོལ་བསྡོ་སྨོན་གྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བཀོད་པ་ལ། 62

3 བླ་མཆོད་འཕོ་བ་ཞག་གཅིག་མའི་ཁྲིད་ཀྱི་ཟིན་བྲིས་ལ། 8

4 སྲད་བརྒྱུད་ལུགས་ཀྱི་ཟབ་ལམ་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཟབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་ཟིན་བྲིས་དགའ་ལྡན་ཞིང་དུ་བགྲོད་པའི་མྱུར་ལམ་ལ། 35

5 ལམ་གཙོའི་ཟབ་ཁྲིད་གྲལ་སྐབས་ཀྱི་གསུང་བཤད་ཟིན་བྲིས་ལམ་བཟང་སྒོ་འབྱེད་ལ། 41

6 དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུས་དཀྱིལ་གྱི་རིམ་པ་དང་པོའི་ཟིན་བྲིས་བདེ་ཆེན་རྒྱ་མཚོའི་འཇུག་ངོགས་ལ། 124

7 དེའི་ས་བཅད་ལ། 3

8 དེའི་རྩ་སྔགས་མཆན་འགྲེལ་པཎ་ཆེན་ཆོས་ལྡན་སོགས་ཀྱི་གསུང་ལས་བཏུས་པ་ལ། 5

9 ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བསྟན་པ་དང་མཇལ་བའི་སྨོན་ལམ་གྱི་ཟིན་བྲིས་ལ། 15

དཀར་ཆག་ལ། 1

01100 ཏ་

1 རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་གསུང་པར་ལྷ་ས་རྩེ་ཞོལ་པར་ཁང་གངས་ཅན་ཕན་བདེའི་གཏེར་མཛོད་གླིང་དུ་བཞུགས་པའི་དཀར་ཆག་གི་བར་སྐབས་ཚིགས་བཅད་སྟོད་ཆ་ལ། 25

2 དེའི་སྨད་ཆ་ལ། 26

3 ཐུན་དྲུག་བླ་མའི་རྣལ་འབྱོར་དང༌།སྡོམ་པ་ཉི་ཤུ་པ།བླ་མ་ལྔ་བཅུ་པ།

སྔགས་ཀྱི་རྩ་ལྟུང༌།སྦོམ་པོའི་སྡོམས་བཅས་ཀྱི་་བཤད་ཁྲིད་གནང་བའི་ཟིན་ཐོ་མདོར་བསྡུས་ལ། 23

4 རྗེའི་ལམ་རིམ་ཆུང་ངུའི་བཤད་ལུང་དང་པཎ་ཆེན་གྱི་མྱུར་ལམ་ཉམས་ཁྲིད་སྦྲགས་མའི་གསུང་བཤད་ཟིན་བྲིས་མདོ་ཙམ་དུ་བཀོད་པ་ཟབ་རྒྱས་སྙིང་པོ་ལ། 293

5 བཀྲ་ཤིས་ལྷུན་པོར་སེམས་བསྐྱེད་མཆོད་པ་གནང་སྐབས་གཞན་གྱི་གཟིགས་བདེའི་ཕྱུག་བཞེས་འགྲོས་བཀོད་དུ་གསོལ་བ་ལ། 6

6 བྱང་ཆུབ་ལམ་རིམ་ཆེན་མོ་པར་གསར་གྱི་མ་དཔེའི་ཚིག་སྣ་མི་མཐུན་པ་གང་རྙེད་བརྗེད་ཐོར་བཏབ་པ་ལ། 31

དཀར་ཆག་ལ། 1

01101 ཐ་

1 འཇམ་མགོན་རྒྱལ་བ་གཉིས་པའི་སྲོག་ཤིང་དྭགས་པོ་བམ་ཆོས་རིན་པོ་ཆེ་བློ་བཟང་འཇམ་དཔལ་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོའི་རྣམ་ཐར་མདོ་ཙམ་བརྗོད་པ་ལ། 83

2 རྗེ་ཉིད་ཀྱི་སྐྱབས་མཆོག་དྭགས་པོ་བླ་མ་རིན་པོ་ཆེའི་དྲུང་ནས་ལམ་རིམ་འཇམ་དཔལ་ཞལ་ལུང་གི་ཁྲིད་རྒྱུན་བསྡུས་

པ་ལྷོ་བརྒྱུད་དུ་གྲགས་པའི་ཉམས་ཁྲིད་གསན་སྐབས་བསྙེལ་བྱང་ཉུང་ཤས་ལ། 41

3 འཕོ་བ་དཔའ་བོ་གཡུལ་འཇུག་གི་ཟབ་ཁྲིད་གནང་བའི་གསུང་བཤད་ཟིན་བྲིས་ལྟ་བའི་མེ་ལོང་ལ། 45

4 ལོ་ཏོག་གི་རིམ་འགྲོ་དང༌།ཆར་འབེབས།སད་སེར་བཙའ་ཐན་སོགས་སྲུང་ཐབས་མདོར་བསྡུས་ལ། 26

5 དཔལ་ནྰ་རོ་མཁའ་སྤྱོད་དབང་མོའི་ལམ་རིམ་པ་གཉིས་ཀྱི་ཟབ་ཁྲིད་ཇི་ལྟར་མནོས་པའི་ཟིན་བྲིས་ལ། 124

6 རིམ་གཉིས་ཀྱི་ཟིན་བྲིས་ལ། 32

7 དེའི་བཅུ་ཆ་ཆེན་མོའི་སྦྱིན་སྲེག་གི་མཇུག་ཏུ་རྒྱས་པའི་སྦྱིན་སྲེག་ལ། 11

8 དེའི་ཚོགས་མཆོད་འབུལ་ཚུལ་ལ། 7

01102 ད་

1 རྣམ་གྲོལ་ལག་བཅངས་སུ་གཏོད་པའི་མན་ངག་ཟབ་མོ་ཚང་ལ་མ་ནོར་བ་མཚུངས་མེད་ཆོས་ཀྱི་རྒྱལ་པོའི་ཐུགས་

བཅུད་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ཁྲིད་ཀྱི་ཟིན་བྲིས་གསུང་རབ་ཀུན་གྱི་བཅུད་བསྡུས་གདམས་ངག་བདུད་རྩིའི་

སྙིང་པོ་ལ། 390

01103 ན་

1 གསང་ཆེན་བླ་ན་མེད་པའི་བསྟན་པའི་གདུང་འཚོབ་རྣལ་འབྱོར་དབང་ཕྱུག་ཡབ་རྗེ་རྡོ་རྗེ་འཆང་བློ་བཟང་སངས་རྒྱས་

དཔལ་བཟང་པོའི་རྣམ་ཐར་རྒྱ་མཚོའི་མཛེས་ལྡན་ལ། 16

2 ཁྱབ་བདག་རྡོ་རྗེ་འཆང་ཕ་བོང་ཁའི་བཀའ་རྩོམ་དང་ཕྱུག་བཞེས་ཕྲན་ཚེགས་སྐོར་ཕྱོགས་གཅིག་ཏུ་བཀོད་པ་ལ། 98

3 རྣམ་སྣང་མངོན་བྱང་གི་ཐིག་འབྲེལ་ཤེར་འབྱུང་དགོངས་ལྡན་ལ། 16

4 བྱང་ཆུབ་ལམ་གྱི་རིམ་པའི་སྙིང་པོ་བསྡུས་པ་ཡོན་ཏན་གཞི་གྱུར་མའི་ཟབ་ཁྲིད་གནང་སྐབས་ཀྱི་་བརྗེད་བྱང་ལ། 27

5 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་ཅིག་པའི་ལས་རུང་གི་བསྙེན་པའི་ཁ་སྐོང་སྦྱིན་སྲེག་བྱ་ཚུལ་ལ། 15

6 དེའི་བསྙེན་པའི་སྔོན་འགྲོའི་འདོན་ཆ་ནག་འགྲོས་སུ་བཀོད་པ་ལ། 7

7 དེའི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོའི་ཟིན་བྲིས་ལ། 14

8 དཔའ་བོ་གཅིག་པའི་བདག་འཇུག་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ། 18

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཕ་བོང་ཁ་རྗེ་བཙུན་བྱམས་པ་བསྟན་འཛིན་འཕྲིན་ལས་ནི་འཁྲུངས་ཡུལ་ལྷ་སར་ཡབ་ཤོད་དྲུང་ཆབ་སྤེལ་ཚེ་བརྟན་རྣམ་རྒྱལ་དང༌།ཡུམ་དཀོན་མཆོག་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པ་པའི་ས་སྟག 1878 ལོ་ལ་འཁྲུངས།དགུང་ལོ་བཞི་པར་ཁྲི་ཆེན་ངག་དབང་ནོར་བུའི་དྲུང་དུ་དབུ་སྐྲ་གཙུག་ཕུད་ཕུལ་ཏེ་མཚན་ངག་དབང་རབ་བརྟན་གནང༌།དགུང་ལོ་བརྒྱད་ལ་ཡོངས་འཛིན་ཕུར་ཅོག་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོའི་ས་ནས་རབ་བྱུང་

གི་སྡོམ་པ་བཞེས་ཏེ་མཚན་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་ཞེས་གསོལ།དགུང་ལོ་བཅུ་གཅིག་ཐོག་སེར་སྨད་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་རིགས་ལམ་བསྡུས་གྲྭ་ནས་གཞུང་པོད་ལྔ་ལ་ཐོས་བསམ་མཛད།དགུང་ལོ་བཅོ་བརྒྱད་སྐབས་གླིང་བསྲེའི་མཚན་བཏགས་གནང༌།དགུང་ལོ་བཅུ་དགུ་ལ་རྒྱུད་སྟོད་དུ་ཞུགས།དགུང་ལོ་ཉི་ཤུར་ཕུར་ཅོག་མཁན་ཆེན་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།དགུང་ལོ་སོ་བརྒྱད་ཕན་དགེ་བའི་བཤེས་གཉེན་བྲག་རི་རྡོ་རྗེ་འཆང་དང༌།ཕུར་ཅོག་དྭགས་པོ་འཇམ་དཔལ་དོན་གྲུབ་སོགས་མཁས་གྲུབ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་བཀའ་རྒྱ་ཆེར་གསན།དགུང་ལོ་བཞི་བཅུ་ཞེ་གཅིག་ཐོག་ནོར་གླིང་དུ་བཀའ་འགྱུར་པར་གསར་བཞེངས་ཀྱི་ཕྱུག་ལས་ནང་དུ་ཞུགས་ནས་དཀར་ཆག་གི་འཕྲོ་རྣམས་བརྩམས།ཉང་བྲན་ཕུ་རྟག་བརྟན་རི་ཁྲོད་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཞེངས།སེར་བླ་དགའ་གསུམ།གཙང་ཕྱོགས།ལྷོ་དྭགས།མདོ་སྟོད་སྨད་བཅས་པའི་ཀྱི་བོ་ཁྲི་ཕྲག་བརྒྱལ་བར་མདོ་སྔགས་ཀྱི་ཆོས་འཁོར་བསྐོར།དགུང་ལོ་རེ་བཞི་སྟེ་ལྕགས་སྤྲུལ་1941 ལོར་སྐུ་གཤེགས།འདིར་གསུང་འབུམ་པོད་བཅུ་གཉིས་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།