བློ་བཟང་རྒྱ་མཚོའི་སྤྲིན་ནམ་ཅོ་ནེ་བླ་མ་རིན་པོ་ཆེའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-12-15 17:44:53     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་གྲངས།

01091

1 ལེགས་པར་བཤད་པའི་སྙིང་པོ་ལས་བརྩམས་ཏེ་སྤེལ་མར་བསྟོད་པ་དགོངས་དོན་ཟད་མེད་ནམ་མཁའ་མཛོད་ཀྱི་སྒོ་འཕར་ལ། 21

2 ཟབ་དོན་དབྱངས་སུ་གྱེར་བ་འཕྲོ་འདུའི་སྒྲ་དབྱངས་ལ། 36

3 ལྷག་ལྷ་འགའི་བསྟོད་པ་དང་འདོད་གསོལ་སྐོར་ལ། 13

4 གསུང་གི་དབང་ཕྱུག་མ་ལ་བསྟོད་ཅིང་འདོད་དོན་གསོལ་བ་ལ། 15

5 དཔལ་འཇམ་དཔལ་རྡོ་རྗེ་ལ་བསྟོད་པ་འཇམ་མགོན་དགྱེས་དགུར་རྩེན་པ་ལ། 5

6 རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་བསྡུས་དོན་གཏེར་གྱི་ཁ་བྱང་ལ། 41

7 རང་ཉིད་དགེ་བར་བསྐུལ་བའི་གཏམ་ཚོགས་མགུར་མ་འགའ་ཞིག་ལ། 60

8 བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོར་སྤྲུལ་བ་ཐུགས་རྗེ་བསྐུལ་བའི་སྒྲ་དབྱངས་ལ། 9

9 ཆབ་ཤོག་སྙན་ངག་འགའ་ཞིག་ཕྱོགས་སུ་བཀོད་པ་དགའ་བའི་ཟློས་གར་ལ། 11

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།བློ་བཟང་རྒྱ་མཚོའི་སྤྲིན་ནམ་ཅོ་ནེ་བླ་མ་རིན་པོ་ཆེ་ནི་མདོ་སྨད་ཆོས་དཔལ་ཞིང་དུ་གོང་ཚོའི་རིགས་སུ་རབ་བྱུང་བཅོ་ལྔ་པ་པའི་ལྕགས་རྟ་1870 ལོ་ལ་འཁྲུངས།དགུང་ལོ་བརྒྱད་ལ་ཕེབས་སྐབས་རྗེ་ངག་དབང་མཚན་ཅན་གྱི་དྲུང་ནས་གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོང་མཛད།དགེ་བའི་བཤེས་གཉེན་ངག་གི་དབང་ཕྱུག་དང་འཇམ་བཞད་སྐལ་བཟང་ཐུབ་བསྟན་དབང་ཕྱུག་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན།དགུང་ལོ་སོ་བཞི་བར་བཀྲ་ཤིས་འཁྱིལ་དུ་བཞུགས།སྤྱི་ལོ་1909 ལོའི་ནང་ཙམ་ལ་པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མས་གཙང་བཀྲ་ཤིས་ལྷུན་པོར་གདན་ཞུ་གནང་སྟེ་བཀྲས་ལྷུན་དུ་ལོ་ཤས་རིང་ཆོས་འཁོར་བསྐོར།དེ་ནས་སྤྱི་ལོ་1926 ལོ་ཙམ་ལ་དབུས་སུ་ཕེབས་རྗེས་ཕ་བོང་ཁ་བྱམས་པ་བསྟན་འཛིན་མཆོག་ནས་རྗེ་ཉིད་བཀྲ་ཤིས་ཆོས་གླིང་དུ་གདན་དྲངས་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་གསོལ།ལོ་ཤས་བཞུགས་རྗེས་སྤྱི་ལོ་1930 ལོར་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་བཀའ་ཡིག་གསོལ་ཏེ་ཁྱེད་མཁྱེན་ཡོན་ལྡན་པ་རི་ཁུག་ཏུ་བཞུགས་པ་མི་འོས་པས་ནོར་གླིང་དུ་བཀའ་འགྱུར་དཀར་ཆག་རྩོམ་འབྲི་གནང་བར་ཕེབས་དགོས་པའི་བཀའ་གནང་སྟེ་རྗེ་ཉིད་ནོར་གླིང་དུ་ཕེབས་ནས་ལོ་གཉིས་ཙམ་སོང་རྗེས་སྐུ་གཤེགས།སྐུ་ཚེ་ཇི་བཞུགས་དང་གཤེགས་ཚེས་མི་གསལ།གསུང་འབུམ་པོད་གཅིག་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།