སྟག་ཕུ་འཇམ་དཔལ་བསྟན་པའི་དངོས་གྲུབ་བམ་པདྨ་བཛྲའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-12-15 17:44:22     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་གྲངས།

01089 དང་པོ།

1 དཔལ་སྟག་ཕུའི་གསང་ཆོས་རྒྱ་ཅན་བཅུ་གསུམ་གྱི་ཉིན་བྱེད་དབང་ཆོག་ཆེ་འབབས་སུ་བཀོད་པ་དོན་གཉིས་བླ་བུས་བརྗིད་པའི་ཡོངས་འདུའི་དབང་པོ་ཞེས་བྱ་བ་ལ། 219

2 མཁས་གྲུབ་ཚད་ལྡན་རྣམས་ཀྱིས་མཛད་པའི་གཏད་རུལ་གྱི་ཆོ་གའི་གདམས་པ་ཟབ་མོ་མཐུ་སྟོབས་རྡོ་རྗེའི་འཕྲུལ་འཁོར་ལ། 21

01090 གཉིས་པ།

1 གར་གྱི་དབང་ཕྱག་བཞི་པའི་འཁྲུལ་འབྱམས་གསང་བའི་ལོ་རྒྱུས་རྒྱ་ཅན་སྐོར་ལ། 119

2 རྟ་ཞལ་ཡིད་བཞིན་རྒྱ་ཅན་ལས་རྗེ་བཙུན་སྒྲོལ་དཀར་གཙོ་འཁོར་གསུམ་པའི་ཚེ་སྒྲུབ་འཆི་མེད་འགྲུབ་པའི་ཉེ་ལམ་ལ།5

3 བདེ་གཤེགས་སྟོན་པ་སོ་ལྔ་མཆོད་པའི་མདོ་ཆོག་ཁྱེར་བདེ་ལ། 16

4 སྟག་ཕུ་པདྨ་བཛྲའི་གསུང་ལས་བླ་མའི་རྣལ་འབྱོར་གསོལ་འདེབས་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 19

5 སྒྲོལ་མ་སེང་ལྡེང་ནགས་སྒྲོལ་ལ་བརྟེན་པའི་ལྟུང་གནོན་མན་ངག་ཤིན་ཏུ་ཟབ་པ་ལ། 2

6 པདྨ་བཛྲའི་གསུང་ལས་ཚོགས་འཁོར་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 9

7 མཆོག་དམན་མགྲོན་ལ་བསངས་དང་གསེར་སྐྱེམས་འབུལ་ཚུལ་དང༌།འཕྲིན་བཅོལ།སྙན་དར་སྨོན་ཚིག་སོགས་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 29

8 ཡང་གསང་གནས་མཆོག་མཁའ་འགྲོ་སྙིང་རྫོང་མཆོད་ཡུལ་དམིགས་བསལ་དུ་བགྱིས་པའི་མཆོག་དམན་མགྲོན་ལ་བསངས་མཆོད་བྱ་ཚུལ་ལ། 22

9 ཡང་གསང་མཁའ་འགྲོ་སྙིང་རྫོང་ལ་བསངས་མཆོད་འབུལ་ཚུལ་བདེ་དཔལ་ལ། 10

10 ཡང་གསང་མི་ཤིགས་ཐིག་ལེ་འབར་བའི་གནས་ཆེན་པོར་བསངས་མཆོད་འབུལ་ཚུལ་ལ། 9

11 མ་ཆགས་དོན་གྲུབ་གནས་ཡུལ་ཆེན་པོར་བཞུགས་པའི་རྩ་གསུམ་ལྷ་ཚོགས་ལ་མཆོད་གཏོར་འབུལ་ཚུལ་ལ། 10

12 རྒྱལ་ཆེན་སྐུ་ལྔའི་གཏོར་བཟློག་གི་བཅའ་བསྒྲིགས་ཟིན་བྲིས་ལ། 6

13 གནས་མགོན་རི་བོ་དཔལ་འབར་གྱི་ཆོས་སྡེའི་སྲུང་མ་དང་པདྨ་དགེ་བསྙེན་རྡོ་རྗེ་ཀླུ་བཙན་གྱི་ཐུགས་དམ་རྒྱས་པར་བསྐང་བའི་རིམ་པ་ལ། 11

14 གནོད་སྦྱིན་བྲེལ་ཕོངས་ཅན་མནན་ཆོག་ལ། 4

15 ཀུན་འདུས་པདྨ་ལྷ་རྩེའི་གནས་ཡིག་སྐལ་ལྡན་རེ་སྐོང་ལ། 3

16 རྡོ་རྗེ་འཆང་ཕ་བོང་ཁ་པའི་སྤྲུལ་སྐུ་རིན་པོ་ཆེའི་འཁྲུངས་རབས་གསོལ་འདེབས།སྐུ་ཚེའི་བར་ཆད་ཞི་བའི་གསོལ་འདེབས་ལེ་ཚན་ལ། 10

17 ཞལ་གདམ་གསུང་གྲུ་རིམ་པ་ལ། 15

18 རྣལ་འབྱོར་གསང་མཐའི་ཉམས་ལེན་གྱི་ཆ་ལག་ལ། 7

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།སྟག་ཕུ་འཇམ་དཔལ་བསྟན་པའི་དངོས་གྲུབ་བམ་པད་མ་བཛྲ་ནི་རབ་བྱུང་བཅོ་ལྔ་པ་པའི་མེ་བྱི་1876 ལོ་ལ་འཁྲུངས།དགུང་ལོ་བཅུ་གསུམ་ལ་བླ་བྲང་སུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད།དགུང་ལོ་བཅུ་དགུ་ལ་ནགས་ཤོད་གདན་སར་ཕྱིར་ཕེབས།དགུང་ལོ་སུམ་ཅུ་ལ་དབུས་ཁུལ་དུ་གནས་མཇལ་དུ་ཕེབས།དགུང་ལོ་སོ་དགུ་ལོ་སླར་ཡང་དབུས་རི་བར་བསྐོར་ལ་ཕེབས་ནས་མྱང་ཕུག་གུ་རུའི་གྲུབ་ཕུག་ལ་བཅད་རྒྱར་

བཞུགས་སྐབས་ཚེས་ཉེར་ལྔ་ཉིན་མཁའ་འགྲོའི་བརྡ་ཡིག་གི་ཆར་ལན་གསུམ་བབས་ཏེ་གུ་རུ་ཡབ་དང༌།རྗེ་འབངས་ཉེར་ལྔའི་ཞལ་གཟིགས་བྱུང་ཞེས་འཁོད་པ་དང་དེ་རྗེས་ཕ་བོང་ཁ་བྱམས་པ་བསྟན་འཛིན་མཆོག་ལ་གསང་ཆོས་རྒྱ་ཅན་བཅུ་གསུམ་གྱི་དབང་ལུང་སོགས་གནང༌།དགུང་ལོ་ཞེ་གསུམ་སྐབས་གསང་རྫོང་ཨེ་ཝམ་ལྕོག་ཏུ་ཕེབས་སྐབས་བཤད་སྒྲ་སྲིད་བློན་དང་མཇལ།དགུང་ལོ་ཞེ་དྲུག་ལོ་གསང་སྔགས་དཔལ་གྱི་སྒྲུབ་སྡེ་གསར་བཞེངས་མཛད།དགུང་ལོ་ཞེ་བདུན་ཆེ་ཁྱི་1922 ལོ་ལ་སྐུ་གཤེགས།གསུང་འབུམ་པོད་གཉིས་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།