སྟག་བྲག་ངག་དབང་གསུང་རབ་མཐུ་སྟོབས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-12-15 17:43:38     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་གྲངས།

01087 དང་པོ།

ཀསོ་ཐར་དགེ་ཚུལ་སློང་གི་སྡོམ་པ་བཞེས་པའི་སྐོར་ལ། 8

ཁགསང་བདེ་འཇིགས་གསུམ་གྱི་གཙོས་ལྷག་ལྷ་རྣམས་ཀྱི་ཉིན་བྱེད་དབང་གི་སྐོར་ལ། 36

གཉིན་བྱེད་དབང་གི་སྐོར་ལས་དག་སྣང་གསང་བ་རྒྱ་ཅན་ལ། 6

ངབྱིན་རླབས་རྗེས་གནང་གི་སྐོར་ལ། 54

ཅཁྲིད་ཀྱི་སྐོར་ལས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྒོ་ནས་འཕྲུལ་འཁོར་གྱི་སྐོར་དང༌།བརྒྱད་སྟོང་འགྲེལ་ཆེན།དཀོན་མཆོག་རྗེས་དྲན།བྱང་ཆུབ་ལམ་སྒྲོན།གླང་རི་ཐང་པའི་བློ་སྦྱོང༌།ལམ་རིམ་ཆེ་ཆུང་བཅས་ལ། 21

ཆརྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་བསྟན་འགྱུར་གཉིས་ཀྱི་ལུང་གསན་པའི་སྐོར་ལ། 33

ཇབརྒྱུད་པ་ཟམ་མི་ཆད་པ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་གསུང་རྒྱུན་ལུང་གི་སྐོར་ལ། 268

01088 གཉིས་པ།

ཀགོང་ས་ལྷ་མིའི་རྣམ་འདྲེན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་རབ་བྱུང་གསན་བཞེས་མཛད་སྒོའི་ཟིན་བྲིས་ལ།10

ཁགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོར་བསྡུས་ཚད་ཕར་ཕྱིན་དབུ་སོགས་ཀྱི་གསན་བཞེས་སྤྲུལ་བའི་སྐོར་ལ། 34

གགོང་ས་མཆོག་གི་འཁྲུངས་ལྷ་སྐྱེས་རི་གཉེན་པོའི་གསོལ་མཆོད་ཀུན་བཟང་མཆོད་སྤྲིན་ལ། 3

ངགོང་ས་མཆོག་དང་གཞན་ཡང་སྐྱེས་ཆེན་དམ་པ་རྣམས་ཀྱི་་བརྟན་བཞུགས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 36

ཅརྗེ་བཙུན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་བསྐུར་ཚུལ་བླ་མ་དམ་པའི་མན་ངག་འཆི་མེད་བདུད་རྩིའི་ཆུ་རྒྱུན་ལ། 30

ཆདམ་ཅན་ཆོས་ཀྱི་རྒྱལ་པོའི་སྒོ་ནས་དབྱུ་གུ་དྲུག་ཅུ་རྩ་བཞིའི་དབང་ཆོག་ཙིཏྟ་དམར་འབྱིན་ལ། 7

ཇདཔལ་འཇིགས་མཛད་རྡོ་རྗེའི་གཞི་བསྙེན་ཆེན་མོ་འདུག་ཚུལ་གྱི་གསུང་བཤད་ཟིན་བྲིས་བླ་མ་དམ་པའི་མན་ངག་དངོས་གྲུབ་ཅི་དགར་གྲོལ་བའི་བསམ་འཕེལ་དབང་རྒྱལ་ལ། 10

ཉམན་ཌལ་བཤད་ཟིན་སྣ་ཚོགས་ལ། 43

ཏཆོ་འཕྲུལ་སྨོན་ལམ་ཆེན་མོའི་གསུང་བཤད་ཁག་ལ། 42

ཐརབ་བྱུང་བཅུ་དྲུག་པའི་ཤིང་བྱ་ལོ་གཞུང་ས་མཆོག་ནས་ལྷ་ལྡན་ཇོ་བོ་ཆེན་པོས་དབུས་རྟེན་གཙོ་ཁག་ལ་དབུ་ལྡན་དང༌།སྙན་ལྡན།ན་བཟའ་སོགས་འབུལ་གནང་མཛད་པའི་སྨོན་ཚིག་ཁག་ལ། 18

དཆབ་ཤོག་དྲིས་ལན་སྐོར་ལ། 19

ནར་ཆེ་ཇོ་བོ་དང༌།རྒྱུད་སྨད་རྗེ་ཡབ་སྲས།རྩེ་མཚན་གཟིམ་ལྷ་མོ་ཁང༌།

བླ་ཕོ་བྲང༌།ཀུན་དགའ་ར་བཅས་ཀྱི་དབུ་ལྡན་དང༌།ན་བཟའ།

སྙན་ཤལ་སོགས་ཀྱི་སྨོན་ཚིག་སྐོར་ལ། 42

པསྟག་བྲག་ཕན་བདེ་བསམ་གཏན་གླིང་སོགས་ཀྱི་་བཅའ་ཡིག་ཟིན་བྲིས་ཕྱོགས་བསྒྲིགས་ལ། 21

ཕསྟག་བྲག་བསམ་གཏན་གླིང་གི་སྐོར་ཚད་ལ། 3

བསྐྱེས་ཆེན་དམ་པ་རྣམས་ཀྱི་མྱུར་བྱོན་གསོལ་འདེབས་ཀྱི་རིམ་པར།19

མདཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱུག་བཞེས་དམ་ཅན་ཆོས་ཀྱི་རྒྱལ་པོའི་འཕྲིན་ལས་ལ་བརྟེན་ནས་སྲི་ངན་གདོན་བགེགས་མནན་པའི་ཆོ་ག་རྡོ་རྗེ་རི་རབ་བརྩེགས་པའི་འཁྲུལ་འཁོར་ལ། 28

དཀར་ཆག་ལ། 5

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།སྟག་བྲག་ངག་དབང་གསུང་རབ་མཐུ་སྟོབས་ནི་ལྷ་སའི་ནུབ་ངོས་ཤུན་ཁུལ་གྲོང་ཆུང་གཞིས་སུ་ཡབ་ནང་མ་དང༌།ཡུམ་ཚེ་བརྟན་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་ཤིང་ཁྱི་1874ལོ་ལ་འཁྲུངས།དགུང་ལོ་དྲུག་ཙམ་ལ་ཁྲི་སྤྲུལ་སྐུ་ཕྲེང་གསུམ་པའི་སྤྲུལ་སྐུར་ངོས་འཛིན་གྱིས་གྱིས་བླ་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད།ཡོངས་འཛིན་འབུལ་སྡུད་བློ་བཟང་བསྟན་པའི་རྒྱལ་མཚན་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད།དགུང་ལོ་ཉི་

ཤུ་ལ་ཡོངས་འཛིན་འབུལ་སྡུད་པའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།མཚན་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་དུ་གསོལ།ཕུར་ཅོག་བྱམས་པ་རྒྱ་མཚོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན།དགུང་ལོ་སུམ་ཅུ་པར་ལྷ་ལྡན་སྨོན་ལམ་ཆེན་མོར་ལྷ་རམས་གྲྭ་སྐོར་གྱི་མཚན་རྟགས་བཞེས།དགུང་ལོ་ཞེ་དགུ་ལ་ནོར་བུ་གླིང་ཁར་བཀའ་འགྱུར་པར་ཤིང་གསར་བརྐོའི་ཕྱུག་ལས་གནང༌།དགུང་ལོ་ང་གསུམ་ལ་གོང་ས་བཅུ་གསུམ་པའི་མཚན་ཞབས་གནང༌།གདུང་ལོ་ང་དགུ་ལ་གོང་ས་སྐུ་ཕྲེང་བཅུ་གསུམ་པ་སྐུ་གཤེགས་པའི་གདུང་ཆོག་དང་གསེར་སྡོང་དགེ་ལེགས་འདོད་འཇོའི་ཐིག་འདེབས་སོགས་གསར་བཞེངས་ཀྱི་ཐུགས་འགན་བཞེས་པ་དང༌།གསེར་སྡོང་དེའི་དཀར་ཆག་ཀྱང་བརྐོ་གནང་མཛད།དགུང་ལོ་རེ་ལྔ་ལ་གོང་ས་སྐུ་ཕྲེང་བཅུ་བཞི་པའི་ཡོངས་འཛིན་གཞོན་པ་མཛད།དགུང་ལོ་རེ་བདུན་ལ་ཡོངས་འཛིན་བེས་པ་དང་སྲིད་སྐྱོང་གི་ཐུགས་འགན་བཞེས།རྗེ་འདིས་མདོ་སྔགས་ཀྱི་ཆོས་དཔེ་པར་ཤིང་སྐུལ་ཟད་མང་དག་ཅིག་པར་ཤིང་གསར་བརྐོ་མཛད།དགུང་ལོ་དོན་བདུན་ལ་སྲིད་སྐྱོང་དགོངས་ཞུ་མཛད།དགུང་ལོ་དོན་དགུ་སྟེ་ཆེ་འབྲུག 1952 ལོ་ལ་སྐུ་གཤེགས།གསུང་འབུམ་པོད་གསུམ་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།