འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-12-15 17:35:11     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་གྲངས།

01072 དང་པོ།

1 རྒྱལ་ཡུམ་མ་ཅིག་ལབ་ཀྱི་སྒྲོན་མའི་རྣམ་ཐར་མདོར་བསྡུས་དངོས་གྲུབ་ཀུན་འབྱུང་ལ། 14

2 གཅོད་གདན་ཐོག་གཅིག་པའི་ཁྲིད་ཡིག་མ་ཅིག་མཁའ་འགྲོའི་ཞལ་གྱི་བདུད་རྩི་ལ། 37

3 ཟབ་དོན་གཅོད་ཀྱི་གདམས་པ་ཕཊ་བདུན་མར་གྲགས་པའི་ཁྲིད་ཡིག་མདོར་བསྡུས་གནད་དོན་ཀུན་གསལ་ནོར་བུའི་སྒྲོན་མེ་ལ། 8

4 མ་ཅིག་ཁྲོས་མ་ནག་མོ་ལྷ་ལྔའི་སྒྲུབ་ཐབས་དངོས་གྲུབ་མཛོད་ཀྱི་ལྡེ་མིག་ལ། 4

5 མཁའ་འགྲོ་སྙན་བརྒྱུད་ལྟར་གྱི་མཚམས་ཆེན་མོ་འགྲིམས་ཚུལ་གྱི་ཡིག་ཆུང་སྙན་བསྐུལ་ལྔའི་རོལ་མོ་ལ། 8

6 མ་ཅིག་ཁྲོས་མ་ལྷ་ལྔའི་བདག་འཇུག་མདོར་བསྡུས་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ། 14

7 ལྷག་པའི་ལྷ་འགའ་ཞིག་གི་སྒྲུབ་ཐབས་ཕྱོགས་གཅིག་ཏུ་བཀོད་པ་དངོས་གྲུབ་ཀུན་འབྱུང་ལ། 13

8 འཇམ་དཔལ་ནྰ་ག་རཀྴའི་སྒྲུབ་ཐབས་ཀྱི་དམིགས་རིམ་མདོར་བསྡུས་བདུད་རྩིའི་སྙིང་པོ་ལ། 6

9 འཇམ་དཔལ་ནྰ་ག་རཀྴའི་སྒྲུབ་ཐབས་བཀྲུ་བྱབས་བསྲུང་གསུམ་དུག་དབྱུང་དང་བཅས་པ་དངོས་གྲུབ་འདོད་པ་འཇོ་བའི་བུམ་བཟང་ལ། 5

10 དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོའི་སྒྲུབ་ཐབས་བསྙེན་པའི་མན་ངག་དང་བཅས་པ་སྡིག་ལྟུང་ཚ་གདུང་སེལ་བའི་ཟླ་ཤེལ་ལ། 7

11 བཅོམ་ལྡན་འདས་མི་འཁྲུགས་པ་ལྷ་དགུའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་སྡིག་ལྟུང་ཚ་གདུང་སེལ་བའི་ཟླ་ཤེལ་ལ། 5

12 མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱུག་དྲུག་པའི་གཏོར་ཆོག་མདོར་བསྡུས་དངོས་གྲུབ་བུམ་བཟང་ལ། 3

13 བདེ་མཆོག་དཀར་པོའི་སྒོ་ནས་ཚེ་སྒྲུབ་བྱ་ཚུལ་མདོར་བསྡུས་ཚེ་དཔལ་མཆོག་སྦྱིན་ལ། 3

14 དཔལ་རྡོ་རྗེ་ནག་པོ་གུར་གྱི་མགོན་པོའི་ཐུན་མོང་མ་ཡིན་པའི་སྲུང་འཁོར་རྡོ་རྗེ་བྲག་རྫོང་གི་རྒྱུན་ཁྱེར་འཇིགས་མེད་རྡོ་རྗེའི་གུར་ཁང་ལ། 3

15 རྗེ་བཙུན་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་དངོས་གྲུབ་མཆོག་སྦྱིན་ལ། 4

16 དམ་ཅན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཕྱི་སྒྲུབ་ཀྱི་གཏོར་ཆོག་མདོར་བདུས་ནག་ཕྱོགས་བདུད་ལས་རྒྱལ་བའི་རུ་མཚོན་ལ། 3

17 རྒྱལ་བའི་བསྟན་སྲུང་ཆེན་པོ་དཔལ་མགོན་ཞལ་བཞི་པའི་གཏོར་ཆོག་བསྡུས་པ་དངོས་གྲུབ་ཀུན་གྲོལ་ལ། 3

18 བླ་མ་འཇམ་དཔལ་གཤིན་རྗེའི་གཤེད་ལ་རྩ་སྔགས་དང་འབྲེལ་བར་བསྟོད་ཅིང་འདོད་དོན་གསོལ་བའི་ཚིགས་སུ་བཅད་པ་བདུད་ལས་རྣམ་རྒྱལ་བཞད་པའི་སྒྲ་དབྱངས་ལ། 2

19 འཇམ་དབྱངས་ཨ་ར་པ་ཙ་ན་དཀར་པོ་ལྷ་ལྔའི་སྒྲུབ་ཐབས་ཤེས་རབ་པད་མོ་བཞད་པའི་ཉིན་བྱེད་ལ། 4

20 བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་གདམས་པ་ཉམས་སུ་ལེན་ཚུལ་གསལ་བར་བཀོད་པ་མི་འགྱུར་སྲོག་གི་ཀ་བ་ལ། 5

21 བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་དམིགས་ཁྲིད་ཉམས་སུ་ལེན་ཚུལ་གསལ་བར་བཀོད་པ་འཆི་མེད་བདུད་རྩིའི་ཡང་སྙིང་ལ། 10

22 སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོ་དང་འབྲེལ་བར་རང་གཞན་གྱི་དོན་དུ་ཚེའི་དངོས་གྲུབ་སྒྲུབ་པའི་ཚུལ་ཚེ་དཔལ་བདུད་རྩིའི་ཟ་མ་ཏོག་ལ། 6

23 བཅོམ་ལྡན་འདས་རིག་པའི་རྒྱལ་པོ་འཇམ་དཔལ་ནྰ་ག་རཀྴའི་ཞི་བའི་སྦྱིན་སྲེག་བདུད་རྩིའི་བུམ་བཟང་ལ། 4

24 རྗེ་བཙུན་བཅོམ་ལྡན་འདས་མ་རིག་བྱེད་པ་ལྷ་བཅོ་ལྔ་མའི་ཆོ་ག་བསྡུས་པ་ཉམས་སུ་ལེན་ཚུལ་པད་མ་ར་ཀའི་ཕྲེང་མཛེས་ལ། 4

25 རྗེ་བཙུན་འཇམ་པའི་དབྱངས་ཨ་ར་པ་ཙ་ན་དང་འབྲེལ་བའི་མཆོད་ཆོག་ཤེས་རབ་ཉིན་བྱེད་འདྲེན་པའི་ཤིང་རྟ་ལ། 4

26 རྒྱལ་བ་གཉིས་པའི་བསྟན་སྲུང་ཆེན་པོ་ཆོས་རྒྱལ་ཡང་གསང་དུག་རི་ནག་པོའི་གཏོར་ཆོག་གསོལ་ཁ་བསྐུལ་བ་དང་བཅས་པ་བདུད་སྡེ་འཇོམས་པའི་འཁྲུལ་འཁོར་ལ། 4

27 གྲུབ་པའི་དབང་ཕྱུག་གཉན་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་དང་འབྲེལ་བར་སྐྱེ་བ་སྔ་ཕྱི་སོགས་བརྟག་པའི་གདམས་པ་ཀུན་གསལ་ནོར་བུའི་མེ་ལོང་ལ། 5

28 སོ་སོ་ཐར་པའི་སྡོམ་པ་གཏན་ལ་དབབ་པ་འདུལ་བ་རྒྱ་མཚོའི་སྙིང་པོ་བསྡུས་པའི་ཚིག་འགྲེལ་པད་མ་དཀར་པོའི་ཆེན་པོ་ལ། 11

29 བླ་མ་གྲྭ་སྟོན་ཆེན་པོའི་གཏོར་བྱོན་ཛམྦྷ་ལ་དམར་པོའི་བསྙེན་སྒྲུབ་ལས་སྦྱོར་གྱི་ཡི་གེ་གསལ་བར་བཀོད་པ་འདོད་རྒུའི་གཏེར་མཛོད་ལ། 22

30 སྟག་ཕུའི་དག་སྣང་སྒྲོལ་མའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ལ། 7

31 བྱམས་ཆེན་མཐོང་བ་དོན་ལྡན་གྱི་དཀར་ཆག་ཀུན་གསལ་ཤེལ་དཀར་མེ་ལོང་ལ། 17

32 རིགས་གསུམ་སྤྱི་སྒྲུབ་སྐྱེ་བདག་བསྐྱེད་རྒྱས་བསྡུས་ཉམས་སུ་ལེན་ཚུལ་དངོས་གྲུབ་ཀུན་འབྱུང་ལ། 4

33 སྨྱུང་གནས་དང་འབྲེལ་བར་བཅུ་གཅིག་ཞལ་གྱི་བསྙེན་པ་བྱེད་ཚུལ་དངོས་གྲུབ་མཆོག་སྦྱིན་ལ། 9

34 ཁྲོ་བཅུའི་སྒྲུབ་ཐབས་བདུད་སྡེའི་གཡུལ་ལས་རྒྱལ་བའི་འཕྲུལ་འཁོར་ལ། 3

35 ཁྲོ་བཅུའི་སྦྱིན་སྲེག་བྱེད་ཚུལ་ལག་ཏུ་བླངས་བདེ་བར་བཀོད་པ་དངོས་གྲུབ་འདོད་འཇོ་ལ། 8

36 བླ་མའི་རྣལ་འབྱོར་དང་འབྲེལ་བའི་མི་ཏྲ་རྡོར་ཕྲེང་གི་སྔགས་བཟླ་ཚུལ་དངོས་གྲུབ་མཆོག་གྲོལ་ལ། 10

37 སྙིང༷་དང་འདྲ་བའི་སློབ་མ་ལ།།སྙིང་ནས་གདམས་པའི་བསླབ་བྱ་ནི།།སྙིང༷་གཏམ་བཅུ་གསུམ་ཞེས་བྱ་བ།།སྙིང༷་གི་རི་མོ་མཚོན་བྱེད་ལ།།6

38 རྨད་བྱུང་གྲུབ་པའི་ཞིང་མཆོག་ཤབྷ་ལའི་སྣོད་བཅུད་ཀྱི་ཡོན་ཏན་ཅུང་ཟདབརྗོད་པ་ཞིང་མཆོག་བགྲོད་པའི་བདེ་ལམ་ལ། 24

39 དབེན་པའི་གནས་ཚུལ་ལས་བརྩམས་པའི་དྲི་བ་དྲིས་ལན་གྱི་མགུར་དཔྱོད་ལྡན་ཡིད་ཀྱི་ཕོ་ཉ་ལ། 9

40 རྒྱལ་སྲས་ལག་ལེན་གྱི་ཚིག་འབྲེལ་མདོར་བསྡུས་སྐལ་བཟང་རྒྱལ་སྲས་བྱེ་བའི་འཇུག་ངོགས་ལ། 27

41 མདོ་སྔགས་ཀྱི་ལམ་རིམ་གྱི་བསྡུས་དོན་ཚིགས་སུ་བཅད་པ་ཛ་ཏིའི་འཁྲི་ཤིང་ལ། 5

42 སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དབྱངས་ཅན་དགྱེས་པའི་མཆོད་སྤྲིན་ལ། 4

43 རྗེ་བཙུན་འཇམ་པའི་དབྱངས་དཀར་པོ་ཞི་ཁྲོ་སྦྲགས་སྒྲུབ་བྱ་ཚུལ་གྱི་མན་ངག་ཞལ་ཤེས་གོ་བདེར་ངག་འདོན་ཚིགས་བཅད་དུ་བཀོད་པ་མཁྱེན་རབ་རལ་གྲི་འབར་བའི་འཁོར་ལོ་ལ། 6

44 ལྷག་པའི་ལྷ་འགའ་ཞིག་གི་སྒྲུབ་ཐབས་ཕྱོགས་གཅིག་ཏུ་བཀོད་པ་དངོས་གྲུབ་ཀུན་འབྱུང་ལ། 13

45 བླ་མ་འཁོར་ལོ་སྡོམ་པའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་དངོས་གྲུབ་གསེར་གྱི་འབྱུང་ཁུངས་ལ། 11

46 རྗེ་བཙུན་ནྰ་རོ་མཁའ་སྤྱོད་མའི་སྙིང་པོའི་སྔགས་དོན་ཕན་ཡོན་དང་བཅས་པ་མཁའ་སྤྱོད་སྒྲུབ་པའི་གཏམ་སྙན་ལ། 4

47 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནྰ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་བསྡུས་པ་བདེ་ཆེན་སྙིང་པོ་ལ། 4

48 ཐུགས་རྗེ་ཆེན་པོ་ཚེམ་བུ་དམར་ཁྲིད་ཀྱི་རྒྱུན་ཁྱེར་མདོར་བསྡུས་ནོར་བུ་པད་མའི་ཞལ་ལུང་ལ། 3

49 ཐུགས་རྗེ་ཆེན་པོ་ཚེམ་བུ་དམར་ཁྲིད་ཉམས་སུ་ལེན་ཚུལ་མདོར་བསྡུས་འཕགས་པའི་ཞལ་བཟང་བལྟ་བའི་མེ་ལོང་ལ། 3

50 གྲུབ་དབང་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཁྱེར་བདེ་དངོས་གྲུབ་གཏེར་མཛོད་ལ། 5

51 འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕུར་ཚུགས་ཀྱི་སྒོ་ནས་གསོལ་བ་འདེབས་པ་ཐུགས་རྗེ་བསྐུལ་བའི་རོལ་མོ་ལ། 3

51 ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་སྒྲུབ་ཐབས་དངོས་གྲུབ་བདུད་རྩིའི་ཡང་སྙིང་ལ། 4

52 མགོན་པོ་འོད་དཔག་མེད་ལ་སྟོང་མཆོད་འབུལ་ཚུལ་དཔག་བསམ་ཤིང་གི་སྙེ་མ་ལ། 5

53 ཡུལ་རེབ་གོང་གི་གྲུབ་པའི་གནས་ཆེན་བརྒྱད་སོགས་ཀྱི་ལོ་རྒྱུས་བཀོད་པ་དྭངས་གསལ་ཤེལ་གྱི་མཁར་བ་ལ། 18

01073གཉིས་པ།

1 དཔལ་རྡོ་རྗེ་འཇིགས་བྱེད་དམར་པོ་མདའ་འགེང་ལ་བརྟེན་པའི་དུག་སྦྱོང་གི་གདམས་པ་ཟབ་མོའི་བདུད་རྩིའི་སྙིང་པོ་ལ། 3

2 འཁོར་འདས་ཀྱི་མགྲོན་ལ་བསངས་མཆོད་འབུལ་ཚུལ་འདོད་རྒུའི་དཔལ་སྟེར་དང༌།གཉན་ཕོ་བ་རོག་པོའི་གསོལ་ཁ་འཕྲིན་ལས་མྱུར་སྒྲུབ་དང་གསེར་སྐྱེམས་འཕྲིན་ལས་དོན་གྲུབ་སོགས་སྡེ་ཚན་ལྔ་ལ། 8

3 དཔའ་བོ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་གཏོར་ཆོག་མདོར་བསྡུས་འཕྲིན་ལས་མྱུར་འགྲུ་ཅེས་བྱ་བ་ལ། 3

4 ཐུགས་རྗེ་ཆེན་པོ་ཕྱག་བཞི་ལ་བརྟེན་ནས་མར་མེའི་སྦྱིན་སྲེག་བྱེད་ཚུལ་སྡིག་ལྟུང་མུན་སེལ་ཉི་འོད་ལ། 4

5 རང་གཞན་གཟུངས་མཆོག་ཡི་གེ་དྲུག་མ་བཟླ་བར་བསྐུལ་བའི་བདེན་གཏམ་འཕགས་པའི་ཐུགས་རྗེ་སྐུལ་བྱེད་གཡས་འཁྱིལ་དུང་དཀར་སྒྲ་དབྱངས་ལ། 5

6 རྒྱལ་ཡུམ་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་ཀྱི་གདམས་པ་འཆི་མེད་དཔལ་སྟེར་ལ། 6

7 དཔལ་སྲད་བརྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་ཉུང་ངུར་བརྗོད་པ་སྙན་བརྒྱུད་གཏམ་གྱི་ཡང་ཞུན་ལ། 18

8 འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ལ་རྒྱང་འབོད་ཀྱི་སྒོ་ནས་གསོལ་བ་འདེབས་པ་དངོས་གྲུབ་རིན་ཆེན་འདྲེན་པའི་ཤིང་རྟ་ལ། 3

9 རྗེ་བཙུན་འཇམ་པའི་དབྱངས་ལ་མར་མེ་འབུལ་ཚུལ་ཤེས་རབ་ཉི་འོད་གསལ་བྱེད་ལ། 4

10 བླ་མ་འཇམ་དབྱངས་ཞི་ཁྲོའི་གསོལ་འདེབས་སྨོན་ལམ་དང་བཅས་པ་མཁྱེན་གཏེར་ཐུགས་རྒྱུད་བསྐུལ་བའི་རོལ་མོ་ལ། 3

11 སྙིང་གཏམ་གལ་ཆེ་བ་རྣམས་བསླབ་བྱའི་ཚུལ་དུ་བཀོད་པ་དགོས་འདོད་རེ་བ་སྐོང་བའི་དཔག་བསམ་ཤིང་གི་སྙེ་མ་ལ། 6

12 སྟོན་པ་མཉམ་མེད་བུ་རམ་ཤིང་པའི་འཁྲུངས་རབས་སོ་བཞི་པའི་དོན་བསྡུས་པད་མ་དཀར་པོའི་ཕྲེང་མཛེས་སྐལ་བཟང་གཞོན་ནུའི་མགྲིན་ལྡན་ལ། 4

13 ཡུལ་ཁྱད་པར་ཅན་ལ་ལྷ་བཤོས་འབུལ་ཚུལ་ལ། 3

14 མཁའ་སྤྱོད་ཞལ་བཟང་ལྟ་བའི་སྨོན་ལམ་གྱི་ཚིག་འགྲེལ་མདོར་བསྡུས་མཁའ་སྤྱོད་ཞིང་གི་སྒོ་འབྱེད་ལ། 6

15 མར་མེ་གཙོ་བོར་གྱུར་པའི་མཆོད་འབུལ་གྱི་རིམ་པ་ཇི་ལྟར་བྱ་བའི་ཚུལ་གསལ་བར་བཀོད་པ་བསོད་ནམས་རླབས་ཆེན་སྡུད་པའི་འཁྲུལ་འདེགས་ལ། 16

16 ངག་བྱིན་རླབས་ཀྱི་གདམས་པ་ཟབ་མོ་ཉམས་སུ་ལེན་ཚུལ་ལ། 3

17 རྟེན་ཡིག་དགེ་ལེགས་གཡས་འཁྱིལ་དུང་གི་སྒྲ་དབྱངས་ལ། 6

18 རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་བཀའ་དྲིན་མཉམ་མེད་རྗེ་བཙུན་བློ་བཟང་དཀོན་མཆོག་འཕྲིན་

ལས་བསྟན་པ་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ལ་བསྟོད་པའི་ཚིགས་སུ་བཅད་པ་བྱིན་རླབས་ལ། 4

19 རྒྱལ་བསྟན་སྲོག་ཤིང་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་རོང་པོ་དཔལ་གྱི་དགོན་ཆེན་དུ་ཕེབས་སྐབས་མན་ཌལ་ཕུལ་དུས་ཀྱི་བཤད་པ་དམ་པ་དགྱེས་པའི་མཆོད་སྤྲིན་ལ། 10

20 བྱ་བྲལ་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་དགེ་འདུན་བསྟན་འཛིན་དཔལ་བཟང་པོའི་རྟོགས་བརྗོད་མདོར་བསྡུས་དད་པའི་གུར་ཀུམ་བཞད་པའི་མེ་ཏོག་ལ། 14

21 སྐུ་བརྙན་མཐོང་བ་དོན་ལྡན་གྱི་དཀར་ཆག་ནོར་བུའི་སྒྲོན་མེ་ལ། 8

22 འཇམ་དབྱངས་དཀར་པོ་ཤེས་རབ་བློ་འཕེལ་གྱི་སྒྲུབ་ཐབས་ཡེ་ཤེས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ། 8

23 དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུས་དཀྱིལ་གྱི་སྒྲུབ་ཐབས་མདོར་བསྡུས་བདེ་ཆེན་དཔལ་སྟེར་ལ། 4

24 སྨན་བྱིན་རླབས་བྱ་ཚུལ་སོགས་ལ། 4

25 ཞབས་བརྟན་གསོལ་འདེབས་ཀྱི་འགྲེལ་པ་གདངས་སྙན་གན་ཌའི་སྒྲ་དབྱངས་ལ། 17

26 གསང་བདེ་འཇིགས་གསུམ་དང་དུས་འཁོར་འཁོར་ཆེན་རྣམས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འདོད་རྒུའི་རེ་སྐོང་རིན་པོ་ཆེའི་ཟ་མ་ཏོག་ལ། 7

27 དཔལ་རྟ་མཆོག་རོལ་བ་གསང་སྒྲུབ་ལ་བསྟོད་པའི་ཚིགས་སུ་བཅད་པ་ཁྲག་འཐུང་བཞད་པའི་སྒྲ་དབྱངས་ལ། 3

28 རྟ་མཆོག་རོལ་བ་གསང་སྒྲུབ་ཀྱི་སྒྲུབ་ཐབས་བདུད་འཇོམས་དཔའ་བོའི་གད་རྒྱངས་ལ། 3

29 འཆི་མེད་རང་གཟུངས་ཀྱི་ཚེ་སྒྲུབ་མདོར་བསྡུས་ལ། 3

30 ཁྱབ་བདག་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་བསྟན་པ་རྒྱ་མཚོ་དཔལ་བཟང་པོའི་རྣམ་ཐར་གསོལ་འདེབས་བསྡུས་པ་རིན་ཆེན་འདྲེན་པའི་ཤིང་རྟ་ལ། 4

31 ཐུགས་རྗེ་ཆེན་པོ་ཚེམ་བུ་དམར་ཁྲིད་དང་འབྲེལ་བའི་འཕོ་བའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ངོ་མཚར་བདེ་ལྡན་ཞིང་གི་སྒོ་འབྱེད་ལ། 5

32 གདུང་འབོད་ཀྱི་སྒོ་ནས་གསོལ་བ་འདེབས་པ་རྨད་བྱུང་ཐུགས་རྗེ་བསྐུལ་བའི་རོལ་མོ་ལ། 3

33 གྲུབ་དབང་གཉན་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་དང་འབྲེལ་བར་སཙྪ་འདེབས་ཚུལ་ལེགས་ཚོགས་དོན་གྲུབ་ལ། 3

34 རྗེ་བཙུན་ཚེམ་བུ་བའི་ཐུགས་བཅུད་འཕགས་མཆོག་ཕྱག་བཞི་བའི་སྒོ་ནས་རུས་ཆོག་བྱེད་ཚུལ་ཁྱེར་བདེར་བཀོད་

པ་སྡིག་སྒྲིབ་མུན་སེལ་ཉི་མ་ལ། 3

35 གྲུབ་པའི་དབང་ཕྱུག་གཉན་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་བཀླགས་པས་དོན་གྲུབ་ལ། 7

36 གཉན་ཚེམ་བུ་བའི་ལུགས་ཀྱི་སྒྲུབ་ཐབས་སོགས་ཐོར་བུ་འགའ་ཞིག་ལ། 5

37 འཇམ་དབྱངས་ཀུན་གཟིགས་ཞིང་དུ་སྐྱེ་བའི་སྨོན་ལམ་ལ། 2

38 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མདོ་འགྲེལ་ཐབས་ལམ་བལྟ་བའི་མིག་འབྱེད་ལ། 22

39 རོང་པོའི་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གི་ཁྲི་བཤད་མདོར་བསྡུས་པད་མ་དཀར་པོའི་ཕྲེང་མཛེས་ལ།10

40 ཛམ་དཀར་གཏེར་སྒྲུབ་བསྡུས་པ་དངོས་གྲུབ་མཛོད་ཀྱི་ལྡེ་མིག་ལ། 5

41 ཛམ་དཀར་ལྷ་ལྔའི་གཏེར་སྒྲུབ་ཚུལ་ཤིན་ཏུ་ཁྱེར་བདེ་བར་བཀོད་པ་དངོས་གྲུབ་གྲུ་ཆར་གཡོ་བའི་སྤྲིན་ཕུང་ལ། 4

42 རྗེ་བཙུན་རིག་བྱེད་མ་ལ་བརྟེན་པའི་གཡང་འབོད་དང་འདོད་གསོལ་ནོར་བུ་དོན་ཡོད་ལྕགས་ཀྱུ་ལ། 3

43 རྗེ་བཙུན་རིག་བྱེད་མ་ལ་བརྟེན་པའི་གཏེར་སྒྲུབ་ཀྱི་ཆོ་ག་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ། 7

44 འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་མན་ངག་ཐུན་མོང་ངག་འདོན་བཀླག་ཆོག་པའི་ཚུལ་དུ་བཀོད་པ་དྲི་མེད་ཤེས་རབ་མིག་འབྱེད་ལ། 5

45 ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་གི་ཁྲིད་ཡིག་སྡིག་ལྟུང་ཚ་གདུང་སེལ་བའི་ཟླ་ཤེལ་ལ། 5

46 དོན་ཡོད་རྡོ་རྗེའི་སྒོམ་བཟླས་ཀྱི་དམིགས་ཁྲིད་ཉམས་སུ་ལེན་ཚུལ་སྡིག་ལྟུང་མུན་པ་སེལ་བའི་ཉིན་བྱེད་ལ། 8

47 རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བརྟེན་པའི་གཡང་འབོད་བྱ་ཚུལ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་དང་རླུང་རྟའི་འདོད་གསོལ་བཅས་ལ། 3

48 རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བརྟེན་ནས་གཏེར་སྒྲུབ་བྱ་ཚུལ་དངོས་གྲུབ་གྲུ་ཆར་གཡོ་བའི་སྤྲིན་ཕུང་ལ། 5

49 མགུར་འགའ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཐར་འདོད་རྨ་བྱ་དགའ་བའི་འབྲུག་སྒྲ་ལ། 13

50 མ་ཅིག་དཔལ་ལྡན་ལྷ་མོ་དམག་ཟོར་མའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་གཏེར་མཛོད་ལ། 7

51 སངས་རྒྱས་སྟོང་སྐུའི་ལྷ་ཁང་གི་སྐོར་ཚད་ཕན་ཡོན་དང་བཅས་པ་ལ། 3

52 སྡོམ་པ་གསུམ་གྱི་རྣམ་པར་གཞག་པ་ཁ་སྐོང་དང་བཅས་པ་ཐར་པ་མཆོག་གི་ལེགས་ལམ་ལ། 185

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ནི་མདོ་སྨད་དགོན་ཤུལ་དུ་ལྡོང་གི་རིགས་ལས་ཡབ་སྐར་མ་དང༌།ཡུམ་མཚོ་མོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་སྟག 1866 ལོ་ལ་འཁྲུངས།དགུང་ལོ་བརྒྱད་ལ་ཕེབས་སྐབས་ཨོ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས།མཚན་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ་གསོལ།དགུང་ལོ་བཅུ་གཅིག་ཐོག་བདེ་ཆེན་ཆོས་འཁོར་གླིང་གི་ཆོས་གྲྭར་ཞུགས་ནས་གཞུང་ཆེན་མོར་ཐོས་བསམ་མཛད།དགུང་ལོ་ཉི་ཤུ་ཐམ་པར་ཨོ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་དྲུང་དུ་བསྙེན་པར་རྫོགས།མཚན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ།དེ་ནས་ཤིང་བཟའ་བསྟན་པའི་དབང་ཕྱུག་དང༌།བློ་བཟང་དཔལ་ལྡན་རྒྱ་མཚོ།གྲུབ་དབང་འཇིགས་མེད་བསམ་གཏན།ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན།དགུང་ལོ་ཉེར་བརྒྱད་ལ་གྲྭ་སྐོར་མཛད།དགུང་ལོ་ཞེ་གཉིས་ལ་ཕེབས་སྐབས་གོང་ས་སྐུ་ཕྲེང་བཅུ་གསུམ་པ་གོང་མ་ཀོང་ཞུ་མཇལ་བར་ཕེབས་སྐབས་ཁོང་སྐུ་འབུམ་དུ་ཕེབས་ནས་གོང་ས་མཆོག་དང་མཇལ།དགུང་ལོ་ང་གཉིས་ལ་ཕེབས་སྐབས་པན་ཌི་ཏ་བློ་བཟང་དཔལ་ལྡན་དང༌།དུས་ཞབས་པ་མཚོ་བྱུང་དགྱེས་པའི་དྲུང་ནས་རིག་གནས་སྙན་སུམ་སོགས་གསན།དགུང་ལོ་ང་དགུར་ཕེབས་སྐབས་ཀིརྟི་བློ་བཟང་འཕྲིན་ལས་ཀྱི་རྣམ་ཐར་བརྩམས།དགུང་ལོ་དྲུག་ཅུ་ལ་ཉེ་བའི་སྐབས་རོང་པོ་སྐུ་ཕྲེང་བདུན་པའི་ཡོངས་འཛིན་མཛད།གཤེགས་ལོ་མ་གསལ།འདིར་གསུང་འབུམ་པོད་གཉིས་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།