ཁྲི་ཆེན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོའི་བཀའ་ འབུམ་གྱི་དཀར་ཆག་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-10-01 21:45:00     རྩོམ་པ་པོ།   འཇིགས་མེད་བརྩོན་འགྲུས།    ཀློག་ཐེངས།  

པར།

༡ བླ་ན་མེད་པའི་ཡོན་ཏན་གྱི་དབང་ཕྱུག་ཏུ་གྲུབ་པ་༧ ཡབ་གཅིག་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་བོའི་རྣམ་པར་ཐར་བ་ཐུན་མོང་དུ་བསྒྲགས་པར་རྗེས་སུ་གནང་བ་ལེགས་མཛད་གཏམ་གྱི་སྙིང་བོ་སྐལ་བ་བཟང་པོའི་རྣ་ཆ་ལ།

༢ བླ་ན་མེད་པའི་ཡོན་ཏན་གྱི་དབང་ཕྱུག་ཏུ་གྲུབ་པ་ཡབ་གཅིག་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་བ་ཐུན་མོང་མ་ཡིན་པ་གསང་བའི་གཏན་གྱི་སྙིང་བོ་སྐལ་བ་བཟང་བོའི་རྣ་ཆ་ལ།

༣ སྤྱན་རས་གཟིགས་དབང་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་བོས་ཚེ་རབས་ཀྱི་ཕྲེང་བར་རྗེས་སུ་འཛིན་པའི་སྨོན་ཚིག་ལ།

༤ རྗེ་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོས་ཚེ་རབས་རྗེས་སུ་འཛིན་པའི་སྨོན་ཚིག

༥ སྐྱབས་མགོན་དྲུག་པའི་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་ལ།

༦ སྟོན་པ་མཉམ་མེད་བུ་རམ་ཤིང་བའི་འཁྲུངས་རབས་སོ་བཞི་བའི་དོན་བསྡུ་བདྨ་དཀར་པོའི་ཕྲེང་མཛེས་སྐལ་བཟང་གཞོན་ནུའི་མགྲིན་རྒྱན་ལ།

༧ འཇམ་མགོན་སྨྲ་བའི་དབང་ཕྱུག་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་རྟོགས་བརྗོད་ཐོག་མཐའ་བར་དུ་དགེ་བ་ངོ་མཚར་སྤྲིན་གྱི་སྒྲ་དབྱངས་ལ།

༨ བླ་ཆེན་སེམས་དཔའ་ཆེན་པོ་དགོངས་པ་རབ་གསལ་གྱི་རྟོགས་པ་བརྗོད་པ་གསེར་གྱི་པདྨའི་ཆུན་པོ་ལ།

༩ རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་ལ་བཞད་པའི་རྡོ་རྗེའི་རྟོགས་པ་མདོ་ཙམ་བརྗོད་པ་སྐལ་བཟང་དད་པའི་པདྨོ་བཞད་པའི་ཉི་མ་ལ།

༡༠རྒྱལ་ཡུམ་མ་ཅིག་ལབ་ཀྱི་སྒྲོན་མའི་རྣམ་ཐར་མདོར་བསྡུས་དངོས་གྲུབ་ཀུན་འབྱུང་ལ།

༡༡ བྱ་བྲལ་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་དགེ་འདུན་བསྟན་འཛིན་དཔལ་བཟང་པོའི་

 རྟོགས་བརྗོད་མདོར་བསྡུས་དད་པའི་གུར་ཀུམ་བཞད་པའི་མེ་ཏོག་ལ།

༡༢ རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པ་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་དཔལ་བཟང་བོའིགསང་བའི་རྣམ་ཐར་གསོལ་འདེབས་བསྟོད་དབྱངས་སྤྲིན་གྱི་རོལ་མོ་ལ།

༡༣ ཁྱབ་བདག་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་དཔལབཟང་པོའི་རྣམ་ཐར་གསོལ་འདེབས་བསྡུས་པ་བྱིན་རླབས་རིན་ཆེན་འདྲེན་པའི་ཤིང་རྟ་ལ།

༡༤ རོང་བོ་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གི་ཁྲི་བཤད་མདོར་བསྡུས་པདྨ་དཀར་པོའི་ཕྲེང་མཛེས་ལ།

༡༥ ཁྲི་བཤད་མདོར་བསྡུས་རིན་ཆེན་ཕྲེང་མཛེས་ལ།

པར།

༡ རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྗེ་བཙུན་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་བ་ངོ་མཚར་རྩིབས་སྟོང་བཀྲ་བའི་གསེར་གྱི་འཁོར་ལོ་ཐུབ་བསྟན་མཛེས་རྒྱན་ལ།

པར།

༡ བཀའ་འགྱུར་རིན་པོ་ཆེའི་ཐོབ་ཡིག་གསལ་བར་བཀོད་པ་བདེ་གཤེགས་ཐུབ་ཆེན་མཉེས་བྱེད་ཀུན་བཟང་མཆོད་སྤྲིན་ལ།

༢ ཕྲེང་ཀྲི་དང་མི་ཏྲ་སྒྲུབ་ཐབས་རྒྱ་མཚོ་བཅས་ཀྱི་ཐོབ་ཡིག་ལ།

༣ ཕྲེང་ཀྲི་སྦྲགས་པའི་ལྷའི་འཁོར་ལོ་ཆེན་པོ་བཞི་བཅུ་ཞེ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་པའི་བརྒྱུད་རིམ་ཟུང་འཇུག་ནོར་བུའི་དོ་ཤལ་ལ།

མི་ཏྲ་བརྒྱ་རྩའི་ལྷའི་དཀྱིལ་འཁོར་ཆེན་པོ་དྲུག་ཅུ་རྩ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཐོབཔའི་མཚན་བྱང་དང་བརྒྱུད་རིམ་གསལ་བར་བཀོད་པ་པདྨ་དཀར་པོའི་ཕྲེང་མཛེས་ལ།

༥ སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་གི་ཐོབ་ཡིག་ལ།

 ༦ རྗེ་མང་ཐོས་ལུང་གི་མཛོད་འཛིན་ལྷ་བཙུན་དོན་གྲུབ་རྒྱལ་མཚན་གྱིས་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྒྲོལ་མའི་བེའུ་བུམ་སོགས་ཀྱི་ལུང་ཐོབ་པའི་དཀར་ཆག་བརྒྱུད་རིམ་དང་བཅས་པ་ལ།

པར།

༡ རྒྱལ་བ་ཉི་མའི་གཉེན་གྱི་གསུང་རབ་དྲི་མ་མེད་པ་བཀའ་འགྱུར་རིན་པོ་ཆེའི་བཀླག་ལུང་

 མནོས་པའི་ཐོབ་ཡིག་མདོར་བསྡུས་ཆོས་མཛོད་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ། ༢ བཀའ་འགྱུར་གྱི་ལུང་གི་བརྒྱུད་འདེབས་འདོན་ཆ་འདོན་འགྲིག་དང་བཅས་པ་ལ།

འཇམ་མགོན་རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་དཔལ་བཟང་པོའི་གསུང་འབུམ་གྱིཐོབ་ཡིག་གསལ་བར་བཀོད་པ་རིན་ཆེན་ཙིནྟ་མ་ཎིའི་ཕྲེང་མཛེས་ཐར་འདོད་རེ་སྐོང་ལ།

 ༤ རྒྱལ་བ་གཉིས་པའི་རྒྱལ་ཚབ་དམ་པ་རྗེ་བཙུན་དར་མ་རིན་ཆེན་དཔལ་བཟང་པོའི་གསུང་འབུམ་གྱི་ཐོབ་ཡིག་པདྨ་དཀར་པོའི་ཕྲེང་མཛེས་ལ།

༥ མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་པོའི་གསུང་འབུམ་གྱི་ཐོབ་ཡིག་ཨུཏྤལ་དཀར་པོའི་ཕྲེང་མཛེས་ལ།

༦ ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེ་ངག་དབང་བརྩོན་འགྲུས་དཔལ་བཟང་བོའི་གསུང་འབུམ་པོ་ཏི་ལྔ་ལྷག་གི་ལུང་ལེགས་པར་ཐོབ་པ་སོགས་ཀྱི་ཐོ་ཡིག་བརྒྱུད་རིམ་དང་བཅས་པ་ལ།

༧ རྗེ་བཙུན་དངུལ་ཆུ་བ་རིན་པོ་ཆེ་དྷརྨ་བྷ་དྲའམ་དབང་ཕྱུག་ཆོས་བཟང་དཔལ་བཟང་པོའི་གསུང་འབུམ་གྱི་ཐོབ་ཡིག་དངོས་གྲུབ་གྲུ་ཆར་གཡོ་བའི་སྤྲིན་ཕུང་ལ།

༨ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་བཀའ་སྣ་ཚོགས་སོགས་ཀྱི་ཐོབ་ཡིག་སྐོར་ལ།

 ༼པར།

༡ བྱང་ཆུབ་ལམ་གྱི་རིམ་པའི་གདམས་པའི་གནད་དོན་ཚིགས་སུ་བཅད་པ་ལེགས་གསུང་བདུད་རྩིའི་སྙིང་བོ་ལ།

༢ མདོ་སྔགས་ཀྱི་ལམ་རིམ་གྱི་བསྡུས་དོན་ཚིགས་སུ་བཅད་པ་ཛཱ་ཏིའི་འཁྲི་ཤིང་ལ།

༣ གསལ་བྱེད་སུམ་སུ་དང་སྦྱར་བའི་གྲོས་འདེབས་དཔྱིད་ཀྱི་ཕོ་ཉའི་གླུ་དབྱངས་ལ།

༤ རང་ལ་གྲོས་སུ་འདེབས་པའི་གླུ་དབྱངས་ཚངས་པའི་ཐིག་གི་སྤུན་ཟླ་ལ།

༥ བསླབ་བྱ་སྙིང་གཏམ་བཅུ་གསུམ་མ་ལ།

༦ མགུར་འགའ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཐར་འདོད་རྨ་བྱ་དགའ་བའི་འབྲུག་སྒྲ་ལ།

དབེན་པའི་གནས་ཚུལ་ལས་བརྩམས་པའི་དྲི་བ་དྲིས་ལན་གྱི་མགུར་དཔྱོད་ལྡན་ཡིད་ཀྱི་ཕོ་ཉ་ལ།

༨ ཡི་གེ་བྲི་ཚུལ་གྱི་བསླབ་བྱ་མདོར་བསྡུས་སྙན་བསྐུལ་དྲི་ཟའི་གླིང་བུ་སོགས་ལ།

༩ མགུར་མ་དང་བསླབ་བྱའི་སྐོར་ཕྱོགས་གཅིག་ཏུ་བཀོད་པ་སྐལ་བཟང་ཐར་འདོད་ཡིད་ཀྱི་གདུང་སེལ་ལ།

༡༠ མགུར་མ་འགའ་ཞིག་ཕྱོགས་གཅིག་ཏུ་བཀོད་པ་བཞད་པ་རྡོ་རྗེ་མཉེས་པའི་གླུ་དབྱངས་ལ།

༡༡ སྙིང་གཏམ་མདོར་བསྡུས་ཡི་གེར་བཀོད་པ་པདྨ་དཀར་པོའི་ཕྲེང་མཛེས།

༡༢ པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོའི་ཞལ་གདམས་ཉུང་ངུའི་ཚིག་འགྲེལ་གནད་དོན་རབ་གསལ་ལ།

༡༣ སོ་སོར་ཐར་བའི་སྡོམ་པ་གཏན་ལ་དབབ་པ་འདུལ་བ་རྒྱ་མཚོའི་སྙིང་བོ་བསྡུས་པའི་ཚིག་འགྲེལ་པདྨ་དཀར་པོའི་ཆུན་པོ་ལ།

༡༤ སྡོམ་པ་གསུམ་གྱི་རྣམ་པར་གཞག་པ་ཁ་སྐོང་དང་བཅས་པ་ཐར་བ་མཆོག་གི་ལེགས་ལམ་ལ།

༡༥ གསོ་སྦྱོང་གི་སྡོམ་པ་འབོག་པའི་ཆོ་ག་པད་དཀར་ཕྲེང་བ་ལ།

༡༦ བཤགས་སྡོམ་སྨོན་ཚིག་གཞན་ཕན་ནོར་བུ།

 ༡༧ བྱང་ཆུབ་སེམས་དཔའི་བསླབ་བྱ་དང་དགེ་སློང་གི་བསླབ་བྱ། རྩ་ལྟུང་བཅུ་བཞི་དང་སྦོམ་པོ་བརྒྱད་ཐུན་དྲུག་གི་རྣལ་འབྱོར་བཅས་ལ། 

༡༨ རྒྱལ་བསྟན་སྲོག་ཤིང་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་རོང་བོ་དཔལ་གྱི་དགོན་ཆེན་དུ་ཕེབས་སྐབས་མཎྜལ་ཕུལ་དུས་ཀྱི་བཤད་པ་དམ་པ་དགྱེས་པའི་མཆོད་སྤྲིན་ལ།

པར།

༡ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མདོ་འགྲེལ་ཐར་ལམ་ལྟ་བའི་མིག་འབྱེད་ལ།

རྒྱལ་སྲས་ལག་ལེན་གྱི་ཚིག་འགྲེལ་མདོར་བསྡུས་སྐལ་བཟང་རྒྱལ་སྲས་བྱེ་བའི་འཇུག་ངོགས་ལ།

༣ དཔལ་ལྡན་སྲད་རྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་ཉུང་ངུར་

 བརྗོད་པ་སྙན་བརྒྱུད་གཏམ་གྱི་ཡང་ཞུན་ལ། 

༤ སྲད་རྒྱུད་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་མཆོད་ཆོག་སོགས་བླ་མའི་

 རྣལ་འབྱོར་རྣམས་ཕྱོགས་གཅིག་ཏུ་བཀོད་པ་ལ།

རིགས་གསུམ་སྤྱི་སྒྲུབ་ཀྱི་བདག་བསྐྱེད་རྒྱས་བསྡུས་ཉམས་སུ་ལེན་ཚུལ་དངོས་གྲུབ་ཀུན་འབྱུང་ལ།

༦ རྗེ་བཙུན་ཆོས་ཀྱི་རྒྱལ་བོ་དོན་གྲུབ་རིན་ཆེན་ལ་སྟོང་མཆོད་འབུལ་བའི་ཆོ་ག་ཚོགས་གཉིས་རིན་ཆེན་འདྲེན་པའི་ཤིང་རྟ་ལ།

༧ འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་ལ་རྒྱང་འབོད་ཀྱི་སྒོ་ནས་གསོལ་བ་འདེབས་པ་དངོས་གྲུབ་རིན་ཆེན་འདྲེན་པའི་ཤིང་རྟ་ལ།

༨ ཡབ་རྗེ་སྐལ་ལྡན་རྒྱ་མཚོ་ལ་རྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ལ།

༩ བླ་མའི་རྣལ་འབྱོར་མདོར་བསྡུས་ལ།

༡༠ བླ་མའི་བཀའ་དྲིན་དྲན་པའི་གསོལ་འདེབས་ལ།

༡༡ བླ་མའི་རྣལ་འབྱོར་དང་འབྲེལ་བར་མི་ཏྲ་རྡོར་ཕྲེང་གི་སྔགས་བཟླ་ཚུལ་དངོས་གྲུབ་མཆོག་སྩོལ་ལ།

༡༢ རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་བཀའ་དྲིན་མཉམ་མེད་རྗེ་བཙུན་བློ་བཟང་དཀོན་མཆོག་བསྟན་པ་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ལ་བསྟོད་པའི་ཚིགས་སུ་བཅད་པ་བྱིན་རླབས་རིན་ཆེན་འདྲེན་པའི་ཤིང་རྟ་ལ།

༡༣ གདུང་འབོད་ཀྱི་སྒོ་ནས་གསོལ་བ་འདེབས་པ་རྨད་བྱུང་ཐུགས་རྗེ་བསྐུལ་བའི་རོལ་མོ་ལ། 

༡༤ དྲིན་ཅན་རྩ་བའི་བླ་མ་རྣམས་ལ་བསམ་པ་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་བྱེད་ཚུལ་ལ།

༡༥ ཕྱག་ཆེན་བརྒྱུད་འདེབས་ཁ་སྐོང་དང་བཅས་པ་འའལ།

༡༦ དགེ་ལྡན་ཕྱག་རྒྱ་ཆེན་པོ་བསྒོམ་ཚུལ་གྱི་ཞལ་ཤེས་ཡིག་ཆུང་དོན་གསལ་སྒྲོན་མེ་ལ།

༡༧ མར་མེ་གཙོ་བོར་གྱུར་པའི་མཆོད་འབུལ་གྱི་རིམ་པ་ཇི་ལྟར་བྱ་བའི་ཚུལ་གསལ་བར་བཀོད་པ་བསོད་ནམས་རླབས་ཆེན་སྡུད་པའི་འཕྲུལ་འདེགས་ལ།

༡༨ ཡུལ་ཁྱད་པར་ཅན་ལ་ལྷ་བཤོས་འབུལ་ཚུལ་ལ།

༡༩ མགོན་པོ་འོད་དཔག་མེད་ལ་སྟོང་མཆོད་འབུལ་ཚུལ་དཔག་བསམ་ཤིང་གི་སྙེ་མ་ལ།

༢༠ འོད་དཔག་མེད་ཀྱི་འཕོ་བ་དཔའ་བོ་གཡུལ་འཇུག་མའི་དམིགས་ཁྲིད་སྐྱོང་ཚུལ་བསྡུས་པ་ལ།

༢༡ ཚེ་ལྷ་རྣམ་གསུམ་ལ་སྟོང་མཆོད་འབུལ་ཚུལ་གྱི་ཆོ་ག་བཀྲ་ཤིས་ཆོས་དུང་དཀར་པོའི་

 དབྱངས་སྙན་ལ། 

༢༢ ཚེ་དཔག་མེད་ཀྱི་རྒྱུན་འཁྱེར་དང་འབྲེལ་བར་བུམ་སྒྲུབ་མདོར་བསྡུས་བྱ་ཚུལ་ལ།

༢༣ རྗེ་བཙུན་འཇམ་པའི་དབྱངས་ཨ་ར་པ་ཙ་ན་དང་འབྲེལ་བའི་མཆོད་ཆོག་ཤེས་རབ་ཉིན་བྱེད་འདྲེན་པའི་ཤིང་རྟ་ལ། 

༢༤རྗེ་བཙུན་འཇམ་པའི་དབྱངས་ལ་མར་མེ་འབུལ་ཚུལ་ཤེས་རབ་ཉི་འོད་གསལ་བྱེད་ལ།

༢༥ འཇམ་དབྱངས་དཀར་པོ་ཤེས་རབ་བློ་འཕེལ་གྱི་སྒྲུབ་ཐབས་ཡེ་ཤེས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ།

༢༦ འཇམ་དབྱངས་ཨ་ར་པ་ཙ་དཀར་པོ་ལྷ་ལྔའི་སྒྲུབ་ཐབས་ཤེས་རབ་པདྨོ་བཞད་པའི་ཉིན་བྱེད་ལ།

༢༧ འཇམ་དབྱངས་ཀུན་གཟིགས་ཞིང་དུ་སྐྱེ་བའི་སྨོན་ལམ་ལ།

༢༨ གསང་བདེ་འཇིགས་གསུམ་དང་དུས་འཁོར་འཁོར་ཆེན་རྣམས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འདོད་རྒུའི་རེ་སྐོང་རིན་པོ་ཆེའི་ཟ་མ་ཏོག་ལ།

 ༢༩ རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཟབ་མོ་ལ་བརྟེན་ནས་ཡི་གེ་བརྒྱ་བའི་སྒོམ་བཟླས་བྱ་ཚུལ་གསལ་བར་བཀོད་པ་མན་ངག་བདུད་རྩིའི་སྙིང་བོ་ལ།

༣༠ དོན་ཡོན་རྡོ་རྗེའི་སྒོམ་བཟླས་ཀྱི་དམིགས་ཁྲིད་ཉམས་སུ་ལེན་ཚུལ་སྡིག་ལྟུང་མུན་པ་སེལ་བའི་ཉིན་བྱེད་ལ།

༣༡ ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་གི་ཁྲིད་ཡིག་སྡིག་ལྟུང་ཚ་གདུང་སེལ་བའི་ཟླ་ཤེལ་ལ།

༣༢ རྡོ་རྗེ་འཇིགས་བྱེད་ཀྱི་ལས་རུང་གི་བསྙེན་པ་བྱེད་ཚུལ་ཐོ་ཙམ་བཀོད་པ་འཇིགས་མཛད་རྡོ་རྗེའི་ཞལ་ལུང་སོགས་ལ། སྦྱིན་སྲེག་གི་འདོད་གསོལ། མཚམས་ཐོའི་བསྐྱེད་ཆོག

༣༣ དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྙེན་ཆེན་གྱི་ཟབ་ཁྲིད་གནང་སྐབས་ཀྱི་ཟིན་བྲིས་དངོས་གྲུབ་ནོར་བུའི་ཟ་མ་ཏོག་ལ།

༣༤ འཇིགས་མཛད་དཔའ་བོ་གཅིག་པའི་བསྐྱེད་རིམ་དང་སྦྱར་བའི་མགུར་དབྱངས་ཙིནྟ་མ་ཎིའི་ཕྲེང་མཛེས་ལ།

༣༥ འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་མན་ངག་ཐུན་མོང་བ་ངག་འདོན་བཀླག་ཆོག་གི་ཚུལ་དུ་བཀོད་པ་དྲི་མེད་ཤེས་རབ་མིག་འབྱེད་ལ། 

༣༦ འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཐུན་མོང་མ་ཡིན་པ་ཉམས་སུ་ལེན་ཚུལ་འདྲ་མིན་གཉིས་ལ།

༣༧ བླ་མ་འཇམ་དཔལ་གཤིན་རྗེ་བཤེད་ལ་རྩ་སྔགས་དང་འབྲེལ་བར་བསྟོད་ཅིང་འདོད་དོན་གསོལ་བའི་ཚིགས་སུ་བཅད་པ་བདུད་ལས་རྣམ་རྒྱལ་བཞད་པའི་སྒྲ་དབྱངས་ལ།

༣༨ དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་བཀའ་བསྒོ་དང་རྒྱུན་འཁྱེར་ཏིལ་རྐྱང་བ་ལ་བརྟེན་པའི་སྦྱིན་སྲེག་བྱེད་ཚུལ་སོགས་ལ།

༣༩ དཔལ་རྡོ་རྗེ་འཇིགས་བྱེད་དམར་པོ་མདའ་འགེང་ལ་བརྟེན་པའི་དུག་སྦྱོང་གི་གདམས་པ་ཟབ་མོ་བདུད་རྩིའི་སྙིང་བོ་ལ།

༤༠ བླ་མ་འཇམ་དབྱངས་ཞི་ཁྲོའི་གསོལ་འདེབས་སྨོན་ལམ་དང་བཅས་པ་མཁྱེན་གཏེར་ཐུགས་རྒྱུད་བསྐུལ་བའི་རོལ་མོ་ལ།

༤༡ འཇིགས་བྱེད་ཀྱི་གདུང་འབོད་སོགས་ལ། ངག་བྱིན་རླབས་མདོར་བསྡུས། འཇིགས་བྱེད་ཀྱི་སྨོན་ལམ་བསྡུས་པ་འཇིགས་རུང་མི་བཟད་མ།

༤༢ ངག་བྱིན་རླབས་ཀྱི་གདམས་པ་ཟབ་མོ་ཉམས་སུ་ལེན་ཚུལ་དང་། ལྗགས་བྱིན་རླབས་དང་ཁོང་ཁྲོས་དགེ་རྩ་མི་གཞོམ་པའི་སྔགས་སོགས་ཀྱི་འདོན་ཐབས་ལ།

༤༣ གསང་འདུས་མི་བསྐྱོད་རྡོ་རྗེའི་རྒྱུན་འཁྱེར་སོགས་ཡི་དམ་འགའི་སྒྲུབ་ཐབས་རྣམས་ཕྱོགས་གཅིག་ཏུ་བཀོད་པ་ལ།བདེ་མཆོག་ལཱུ་ཨི་བའི་སྒྲུབ་ཐབས་མདོར་བསྡུས། དུས་འཁོར་རྒྱུན་ཁྱེར། ཀུན་རིག་གི་རྒྱུན་འཁྱེར། གནས་ཁང་འདུག་གནས་སོགས་ལ་བྱིན་རླབས་བྱེད་ཚུལ། འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཀུན་གསལ་ནོར་བུའི་མེ་ལོང་སོགས། འཇམ་དབྱངས་དམར་སེར་གྱི་སྒྲུབ་ཐབས་མདོར་བསྡུསའཇམ་དབྱངས་ནག་པོའི་སྒྲུབ་ཐབས་མདོར་

 བསྡུས། བྱང་ཆུབ་ལྟུང་བཤགས་ཀྱི་འདོན་ཐབས་བསྡུས་པ། འཕགས་པ་དོན་ཡོད་ཞགས་པའི་སྒྲུབ་ཐབས། ཙཀྲ་ཕྱིར་ཟློག་འཁོར་ལོ་འབར་བའི་སྒྲུབ་ཐབས། ལྷ་མོ་འོད་ཟེར་ཅན་མའི་སྒྲུབ་ཐབས་བསྡུས་པ། ནོར་རྒྱུན་མའི་མངོན་རྟོགས། ནོར་རྒྱུན་མའི་མངོན་རྟོགས་བསྡུས་པ། ལྷ་མོ་ནོར་རྒྱུན་མ་ལ་ཆུ་སྦྱིན་འབུལ་ཚུལ། འཕགས་པ་ཛམ་བྷ་ལ་ནག་པོའི་སྒྲུབ་ཐབས་བསྡུས་པ།

༤༤ ལྷག་པའི་ལྷ་འགའ་ཞིག་གི་སྒྲུབ་ཐབས་ཕྱོགས་གཅིག་ཏུ་བཀོད་པ་དངོས་གྲུབ་ཀུན་འབྱུང་ལ། འཇམ་དབྱངས་དཀར་པོའི་སྒྲུབ་ཐབས། འཇམ་དབྱངས་དམར་སེར་གྱི་སྒྲུབ་ཐབས་མདོར་བསྡུས། རྗེ་བཙུན་འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས། ལྷ་མོ་དབྱངས་ཅན་མ་དམར་མོའི་སྒྲུབ་ཐབས་བསྡུས། དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་མདོར་བསྡུས། དབྱངས་ཅན་མ་དམར་མོའི་སྒྲུབ་ཐབས་མདོར་བསྡུས། དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས། སྒྲོལ་དཀར་གྱི་བུམ་ཆོག་མདོར་བསྡུས། མི་འཁྲུགས་པའི་སྒྲུབ་ཐབས། ནཱ་ག་རཀྴའི་བསྒོམ་བཟླས། ཁྱུང་ཁྲའི་རྒྱུན་འཁྱེར། ཁྱུང་ཁྲའི་མངོན་རྟོགས་བསྡུས། ནོར་རྒྱུན་མའི་མངོན་རྟོགས། ཀུན་སློང་བཅའ་ཚུལ་བསྡུས་པ། མི་འཁྲུགས་པའི་མངོན་རྟོགས། མི་འཁྲུགས་པའི་སྒོ་ནས་སྐྲའམ་རུས་བུ་ལ་སྦྱངས་ཆོག་བསྡུས་པ། མི་འཁྲུགས་པའི་རྒྱུན་འཁྱེར་ཤིན་ཏུ་བསྡུས། ཀུན་རིག་གི་རྒྱུན་ཁྱེར་ཤིན་ཏུ་བསྡུས་པ། རྡོ་རྗེ་རྣམ་འཇོམས་ཀྱི་སྒྲུབ་ཐབས་མདོར་བསྡུས། སེངྒེ་སྒྲའི་བསྙེན་པའི་སྐབས་སུ་གཏོར་འབུལ་བྱེད་ཚུལ་ནི། མ་ཅིག་ཁྲོས་མའི་མངོན་རྟོགས།

༤༥ དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུས་དཀྱིལ་གྱི་སྒྲུབ་ཐབས་མདོར་བསྡུས་བདེ་ཆེན་དཔལ་སྟེར་ལ། 

༤༦ བདེ་མཆོག་དཀར་པོའི་སྒོ་ནས་ཚེ་སྒྲུབ་བྱ་ཚུལ་མདོར་བསྡུས་ཚེ་དཔལ་མཆོག་སྦྱིན་ལ།

༤༧ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་བསྡུས་པ་བདེ་ཆེན་བདུད་རྩིའི་སྙིང་བོ་ལ།

༤༨ ནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་མཁའ་སྤྱོད་བགྲོད་པའི་ཐེམ་སྐས་ཟུར་འདེབས་དང་བཅས་པ་ལ།

༤༩ མཁའ་སྤྱོད་ཞལ་བཟང་ལྟ་བའི་སྨོན་ལམ་གྱི་ཚིག་འགྲེལ་མདོར་བསྡུས་མཁའ་སྤྱོད་ཞིང་གི་སྒོ་འབྱེད་ལ།

༥༠ རྗེ་བཙུན་ནཱ་རོ་མཁའ་སྤྱོད་མའི་སྔགས་དོན་ཕན་ཡོན་དང་བཅས་པ་མཁའ་སྤྱོད་འགྲུབ་པའི་གཏམ་སྙན་ལ།

༥༡ མཁའ་སྤྱོད་དག་པའི་ཞིང་དུ་སྐྱེ་བའི་སྨོན་ལམ་ཞིང་མཆོག་བགྲོད་པའི་ཐེམ་སྐས་དང་མཁའ་སྤྱོད་དག་པའི་ཞིང་དུ་སྐྱེ་བའི་སྨོན་ལམ་ཐུགས་རྗེའི་ལྕགས་ཀྱུ་ལ།

༥༢ ནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་ཉུང་ངུ་འདྲ་མིན་གཉིས་ལ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་མདོར་བསྡུས་ལ།

༥༣ རྗེ་བཙུན་སྒྲོལ་མའི་རྣལ་འབྱོར་བ་འགའ་ཞིག་གིས་གྲུབ་པ་བརྒྱད་སྒྲུབ་མ་དགོས་པར་གྲུབ་པའི་ལོ་རྒྱུས་ལྷའི་རོལ་མོ་ལ། 

༥༤ སྟག་ཕུའི་དག་སྣང་སྒྲོལ་མའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་སོགས་ལ། ༡ ཁྱབ་བདགསྟག་ཕུ་པའི་དག་སྣང་གི་སྒྲོལ་མ་བླ་མེད་ལུས་དཀྱིལ་ཅན་གྱི་སྒྲུབ་ཐབས་མདོར་བསྡུས་ཉམསསུ་ལེན་ཚུལ། ༢ སྟག་ཕུ་སྒྲོལ་མའི་དབང་གི་བརྒྱུད་འདེབས། ༣ སྟག་ཕུ་སྒྲོལ་མའི་རྒྱུན་འཁྱེར་བསྡུས་པ། ༤ སྟག་ཕུ་སྒྲོལ་མའི་ཚོགས་མཆོད་མདོར་བསྡུས། ༥ གཡུ་ལོ་བཀོད་པའི་ཞིང་དུ་སྐྱེ་བའི་སྨོན་ལམ་ཐུང་ངུ་།སྟག་ཕུ་སྒྲོལ་མའི་ཚོགས་མཆོད་མདོར་བསྡུས།

༥༥ རྗེ་བཙུན་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་དངོས་གྲུབ་མཆོག་སྦྱིན་ལ།

༥༦ གྲུབ་པའི་དབང་ཕྱུག་རྗེ་བཙུན་སྟག་ཕུ་བ་རིན་པོ་ཆེ་ལ་རྗེ་བཙུན་མས་དངོས་སུ་གནང་བའི་བླ་མེད་ལུགས་ཀྱི་སྒྲོལ་མའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་བདུད་རྩིའི་བུམ་བཟང་ལ།

༥༧ རྗེ་བཙུན་སྒྲོལ་མའི་རྫོགས་རིམ་འཕགས་མའི་ཞལ་གྱི་བདུད་རྩི་ལ།

༥༨ སྟག་ཕུ་སྒྲོལ་མའི་སྒོ་ནས་ཞི་རྒྱས་དབང་གསུམ་གྱི་འཁོར་ལོ་སྒྲུབ་པའི་ཆོ་ག་གསལ་བར་བཀོད་པ་དགོས་འདོད་ཀུན་འབྱུང་ལ།

༥༩ རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བརྟེན་ནས་གཏེར་སྒྲུབ་བྱ་ཚུལ་དངོས་གྲུབ་གྲུ་ཆར་གཡོ་བའི་སྤྲིན་ཕུང་ལ།

༦༠ རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བརྟེན་པའི་གཡང་འབོད་བྱ་ཚུལ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་དང་རླུང་རྟའི་འདོད་གསོལ་བསྡུས་པ་ལ།

༦༡ སྒྲོལ་མའི་རླུང་རྟ་བསྡུས་པ་ལ།

༦༢ ཐུགས་རྗེ་གཏེར་ཆེན་རྗེ་བཙུན་འཕགས་མ་སྒྲོལ་མ་ཡིད་ལ་དྲན་ཅིང་བསྟོད་པ་དང་གསོལ་འདེབས་བྱས་པའི་ཕན་ཡོན་དངོས་གྲུབ་བདུད་རྩིའི་བུམ་བཟང་ལ། ༡ སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་གི་བསྟོད་པའི་འདོན་ཐབས།

 ༦༣ རྒྱལ་ཡུམ་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་ཀྱི་གདམས་པ་འཆི་མེད་དཔལ་སྟེར་ལ།

༦༤ རྗེ་བཙུན་བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་ལ་བརྟེན་པའི་རང་སྲུང་འཁོར་ལོའི་མན་ངག་ཡིག་ཆུང་རྡོ་རྗེའི་གོ་ཆ་ལ།

༦༥ རྗེ་བཙུན་བཅོམ་ལྡན་འདས་མ་ཀུ་རུ་ཀུལླེའི་འཁོར་ལོའི་མན་ངག་ཡིག་ཆུང་དོན་ཡོད་ཞགས་པ་ལ།

༦༦ རྗེ་བཙུན་བཅོམ་ལྡན་འདས་མ་རིག་བྱེད་མ་ལ་བརྟེན་ནས་ཤེས་རབ་སྒྲུབ་པའི་ཚུལ་ཡེ་ཤེས་མཛོད་ཀྱི་ལྡེ་མིག་ལ།

༦༧ ལྷ་མོ་རིག་བྱེད་མའི་སྒྲུབ་ཐབས་མདོར་བསྡུས་ལ།

༦༨ རྗེ་བཙུན་བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་ལྷ་མོ་བཅོ་ལྔའི་ཆོ་ག་མདོར་བསྡུས་པདྨ་རཱ་གའི་ཕྲེང་མཛེས་དང་ལྷ་མོ་རིག་བྱེད་མའི་སྒྲུབ་ཐབས་མདོར་བསྡུས་བཅས་ལ།

༦༩ རྗེ་བཙུན་རིག་བྱེད་མ་ལ་བརྟེན་ནས་དགེ་འདུན་འདུ་བའི་འཁོར་ལོ་སྒྲུབ་ཚུལ་གྱི་འདོན་འགྲིག་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ།

༧༠ རྗེ་བཙུན་རིག་བྱེད་མ་ལ་བརྟེན་ནས་གཏེར་སྒྲུབ་ཀྱི་ཆོ་ག་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ།

༧༡ རྗེ་བཙུན་རིག་བྱེད་མ་ལ་བརྟེན་པའི་གཡང་འབོད་དང་འདོད་གསོལ་ནོར་བུ་དོན་ཡོད་ལྕགས་ཀྱུ་ལ།

༧༢ རྗེ་བཙུན་རིག་བྱེད་མ་ལ་འདོད་དོན་གསོལ་བའི་ཚིགས་སུ་བཅད་པ་ནོར་བུ་དོན་ཡོད་ལྕགས་

 ཀྱུ་ལ།

༧༣ རྗེ་བཙུན་མའི་འཁོར་ལོའི་མན་ངག་ཟབ་མོ་ཨུཏྤལ་དམར་པོའི་ཞགས་པ་ལ། 

༧༤ རིག་བྱེད་མའི་ཚོགས་མཆོད་བསྡུས་པ་ཨཏྤལ་དམར་པོའི་ལྕགས་ཀྱུ་ལ། 

༧༥ རྗེ་བཙུན་ཀུ་རུ་ཀུལླེའི་སྒྲུབ་ཐབས་དངོས་གྲུབ་འདོད་པ་འཇོ་བའི་བུམ་བཟང་ལ།

༧༦ སངས་རྒྱས་སྟོང་གི་མཚན་སྒྲོག་སྡིག་སྒྲིབ་ཀུན་འཇོམས་ཀྱི་མཇུག་ཏུ་སྐྱོར་རྒྱུའི་སྨོན་ཚིག་སོགས་ ཐོར་བུ་འགའ་ལ། མུ་ནིའི་སྔགས་བཟླ་ཐབས། བྲག་དཀར་གསེར་ཁང་གི་བཀའ་བསྟན་གསར་ བཞེངས་སྨོན་ཚིག རྒྱུད་པ་གྲྭ་ཚང་གི་གསང་འདུས་གསེར་སྐུའི་གཟུངས་གཞུག་སྨོན་ཚིག ཚོ་ བཞིའི་སྔགས་ཁང་གི་སྐོར་ཚད། ཐོ་རྒྱའི་དམ་ཅན་འདྲ་སྐུའི་གཟུངས་གཞུག་འདོད་གསོལ།  འཁྲུངས་རབ་གསོལ་འདེབས་ཁ་སྐོང་འཇིགས་མེད་བསྟན་དར་གྱིས་བསྐུལ་བ། ཨོཾ་སྭ་སྟི།  མཆོག་གསུམ་ཀུན་འདུས་དྲིན་ཅན་བླ་མ་དང་། ཞེས་པའི་དབུ་ཅན་གྱི་གསོལ་འདེབས་སློབ་བུ་ དགེ་སློང་དཔལ་ལྡན་གྱིས་བསྐུལ་བ། གནས་བཅུའི་ཕྱག་མཆོད་སོགས་ཀྱི་མཇུག་ཏུ་སྦྱོར་རྒྱུའི་ སྨོན་ཚིག་འདོད་དོན་མྱུར་འགྲུབ། མཆོད་པ་དང་མར་མེའི་སྨོན་ལམ་མདོར་བསྡུས། རྗེ་ཉིད་ཀྱི་ སྐུ་བསྟོད་འཇམ་དབྱངས་བླ་མའི་མདོ་སྔགས་བཤད་སྒྲུབ་བསྟན། །ཞེས་པའི་དབུ་ཅན་ཤླཽ་ཀ་ གཅིག་མཚན་སྔགས་དང་བཅས་པ། སྨན་ཆོག་ཆེན་མོའི་པར་བྱང་སྨོན་ཚིག བཟའ་བཏུང་ རྣལ་འབྱོར་འབྲུ་གསུམ་ལན་གསུམ་གྱིས། ཞེས་པའི་དབུ་ཅན་གྱི་ཟས་མཆོད་མདོར་བསྡུས།  རྟ་མགྲིན་དང་སེང་གདོང་སོགས་ཡི་དམ་གང་རུང་གི་ཚོགས་འཁོར་གྱི་མཇུག་ཏུ་སྦྱོར་རྒྱུའི་སྨོན་ ཚིག་མདོར་བསྡུས་མཆོག་ཐུན་དངོས་གྲུབ་རིན་ཆེན་བྱེ་བའི་བང་མཛོད། སྐུ་ལ་མཚན་དཔེ་

 དཔལ་འབར་ཞིང་། །ཞེས་པའི་ཤིས་བརྗོད་ཤླཽ་ཀ་གཅིག དབུས་གཙང་རྟེན་གཙོ་ཁག་གི་ གསོལ་འདེབས་དང་མཇལ་བསྐོར་བྱས་པའི་དགེ་བསྔོའི་སྨོན་ཚིག་སློབ་བུ་དགེ་སློང་དཔལ་་་་་ ལྡན་གྱིས་བསྐུལ་བ། བྲག་དཀར་སྣང་མཛད་རྡོ་རྗེས་བསྐུལ་བའི་སྨོན་ཚིག ཨོཾ་སྭ་སྟི། ཕྱོགས་ བཅུ་དུས་གསུམ་དབུ་ཅན་དང་། ཡིད་ལ་ཇི་ལྟར་བསམ་བཞིན་འགྲུབ་པར་ཤོག་གི་མཐའ་ཅན།

པར།

༡ རྨད་བྱུང་གྲུབ་པའི་ཞིང་མཆོག་ཤམྦྷ་ལའི་སྣོད་བཅུད་ཀྱི་ཡོན་ཏན་ཅུང་ཟད་བརྗོད་པ་ཞིང་མཆོག་བགྲོད་པའི་བདེ་ལམ་ལ།

༢ རྗེ་བཙུན་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བསྙེན་སྒྲུབ་ཀྱི་མན་ངག་བཅུ་ཆའི་སྦྱིན་སྲེག་དང་བཅས་གསལ་བར་བཀོད་པ་ནོར་བུ་པདྨའི་ཞལ་གྱི་བདུད་རྩི་ལ།

༣ གྲུབ་དབང་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་ཕྱག་བཞི་བའི་བསྙེན་སྒྲུབ་སྦྲགས་མ་དང་བཅུ་ཆའི་སྦྱིན་སྲེག་སོགས་ཀྱི་ཞལ་ཤེས་ཟིན་བྲིས་དངོས་གྲུབ་ནོར་བུའི་བང་མཛོད་ཅེས་བྱ་བ།  གསང་བ་རྒྱ་ཅན་ལ།

༤ ཐུགས་རྗེ་ཆེན་པོ་ཚེམ་བུ་དམར་ཁྲིད་ཉམས་སུ་ལེན་ཚུལ་མདོར་བསྡུས་འཕགས་པའི་ཞལ་བཟང་བལྟ་བའི་མེ་ལོང་ལ།

༥ ཐུགས་རྗེ་ཆེན་པོ་ཚེམ་བུ་དམར་ཁྲིད་ཀྱི་རྒྱུན་འཁྱེར་མདོར་བསྡུས་ནོར་བུ་པདྨའི་ཞལ་ལུང་ལ། 

༦ གྲུབ་དབང་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་ཕྱག་བཞི་བའི་ཚོགས་འཁོར་མདོར་བསྡུས་དངོས་གྲུབ་མཆོག་སྦྱིན་ལ།

༧ གྲུབ་དབང་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་འཁྱེར་བདེ་དངོས་གྲུབ་གཏེར་མཛོད་ལ།

༨ གཉན་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་སོགས་ཐོར་བུ་འགའ་ཞིག་ལ། ༡ འཕགས་པ་ཐུགས་རྗེ་ཆེན་པོ་ལ་བསྟོད་པ་ཐུགས་རྗེ་བསྐུལ་བའི་རོལ་མོ། ༢ ཚེམ་བུ་པའི་དམར་ཁྲིད་དང་འབྲེལ་བའི་ཟས་མཆོད་མདོར་བསྡུས། ༣ ཐུགས་རྗེ་ཆེན་པོ་ཚེམ་བུ་དམར་ཁྲིད་དང་འབྲེལ་བར་ཚོགས་མདོར་བསྡུས།

༩ གྲུབ་པའི་དབང་ཕྱུག་གཉན་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་ཕྱག་བཞི་བའི་བསྙེན་ཡིག་དངོས་གྲུབ་འདོད་འཇོ་ལ།

༡༠ གྲུབ་པའི་དབང་ཕྱུག་གཉན་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་ཕྱག་བཞི་བའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་བཀླགས་པས་དོན་གྲུབ་ལ།

༡༡ གྲུབ་དབང་གཉན་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་དང་འབྲེལ་བར་སཱཙྪ་འདེབས་ཚུལ་ལེགས་ཚོགས་ལྷུན་འགྲུབ་ལ།

༡༢ གྲུབ་པའི་དབང་ཕྱུག་གཉན་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་དང་འབྲེལ་བར་སྐྱེ་བ་སྔ་ཕྱི་སོགས་བརྟག་པའི་གདམས་པ་ཀུན་གསལ་ནོར་བུའི་མེ་ལོང་ལ།

༡༣ རྗེ་བཙུན་ཚེམ་བུ་བའི་ཐུགས་བཅུད་འཕགས་མཆོག་ཕྱག་བཞི་བའི་སྒོ་ནས་རུས་ཆོག་བྱེད་ཚུལཁྱེར་བདེར་བཀོད་པ་སྡིག་ལྟུང་མུན་སེལ་ཉི་མ་ལ།

 ༡༤ འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་བསྡུས་པ་དང་ཐེག་ཆེན་གསོ་སྦྱོང་ལེན་ཚུལ་བསྡུས་པ་ལ།

༡༥ སྨྱུང་གནས་དང་འབྲེལ་བར་བཅུ་གཅིག་ཞལ་གྱི་བསྙེན་པ་བྱེད་ཚུལ་དངོས་གྲུབ་མཆོག་སྦྱིན་ལ།

༡༦ འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕུར་ཚུགས་ཀྱི་སྒོ་ནས་གསོལ་བ་འདེབས་པ་ཐུགས་རྗེ་བསྐུལ་བའི་རོལ་མོ་ལ།

༡༧ ཐུགས་རྗེ་ཆེན་པོ་ཕྱག་བཞི་བ་ལ་བརྟེན་ནས་མར་མེ་སྦྱིན་སྲེག་བྱེད་ཚུལ་སྡིག་ལྟུང་མུན་སེལ་ཉིའོད་དང་ཏིལ་རྐྱང་བས་སྦྱིན་སྲེག་བྱ་ཚུལ་བཅས་ལ།

༡༨ ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་སྒྲུབ་ཐབས་དངོས་གྲུབ་བདུད་རྩིའི་ཡང་སྙིང་ལ།

༡༩ རང་གཞན་ལ་གཟུངས་མཆོག་ཡི་གེ་དྲུག་མ་བཟླ་བར་བསྐུལ་བའི་བདེན་གཏམ་འཕགས་པའི་ཐུགས་རྗེ་སྐུལ་བྱེད་གཡས་འཁྱིལ་དུང་དཀར་སྒྲ་དབྱངས་ལ།

༢༠ ཐུགས་རྗེ་ཆེན་པོ་ཕྱག་བཞི་བའི་བླ་མའི་རྣལ་འབྱོར་དངོས་གྲུབ་ནོར་བུའི་ཟ་མ་ཏོག་དང་། སྨྱུང་གནས་ཆོ་ག་བདུད་རྩིའི་བུམ་བཟང་ལ།

༢༡ ཐུགས་རྗེ་ཆེན་པོ་ཚེམ་བུ་དམར་ཁྲིད་དང་འབྲེལ་བའི་འཕོ་བའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ངོ་མཚར་བདེ་ལྡན་ཞིང་གི་སྒོ་འབྱེད་ལ། 

༢༢ ཡི་གེ་དྲུག་མ་བཟླ་བར་བསྐུལ་བའི་སྙིང་གཏམ་བསྡུས་པ་ལ།

༢༣ བཅོམ་ལྡན་འདས་མི་འཁྲུགས་པ་ལྷ་དགུའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་སྡིག་ལྟུང་ཚ་གདུང་སེལ་བའི་ཟླ་ཤེལ་ལ། 

༢༤ བཅོམ་ལྡན་འདས་མི་འཁྲུགས་པའི་སྒོ་ནས་རུས་ཆོག་བྱ་ཚུལ་དང་སེང་གེ་སྒྲའི་མངོན་རྟོགས་སོགས་ལ། །

༢༥ དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་བོའི་སྒྲུབས་ཐབས་བསྙེན་པའི་མན་ངག་དང་བཅས་པ་སྡིག་ལྟུང་ཚ་གདུང་སེལ་བའི་ཟླ་ཤེལ་ལ། 

༢༦ འཇལ་དཔལ་ནཱ་ག་རཀྴའི་སྒྲུབ་ཐབས་བཀྲུ་བྱབས་སྲུང་གསུམ་དུག་དབྱུང་དང་བཅས་པ་དངོས་གྲུབ་འདོད་འཇོའི་བུམ་བཟང་ལ།

༢༧ འཇམ་དཔལ་ནཱ་ག་རཀྴའི་སྒྲུབ་ཐབས་ཀྱི་དམིགས་རིམ་མདོར་བསྡུས་བདུད་རྩིའི་སྙིང་པོ་ལ།

༢༨ བཅོམ་ལྡན་འདས་རིག་པའི་རྒྱལ་བོ་འཇམ་དཔལ་ནཱ་ག་རཀྴའི་ཞི་བའི་སྦྱིན་སྲེག་བདུད་རྩིའི་བུམ་བཟང་ལ།

༢༩ ཁྱུང་ཁྲ་སོགས་ལྷག་ལྷ་འགའ་ཞིག་གི་སྒྲུབ་ཐབས་ཉུང་ངུ་ཕྱོགས་གཅིག་ཏུ་བཀོད་པ། གསང་བདག་འབྱུང་བོ་འདུལ་བྱེད་ཀྱི་མངོན་རྟོགས། འཕགས་པ་ཛམ་བྷ་ལ་དམར་པོའི་སྒྲུབ་ཐབས། ནཱ་ག་རཀྴའི་སྒྲུབ་ཐབས་མདོར་བསྡུས། གྲིབ་སེལ་བའི་བུམ་སྒྲུབ་ཤིན་ཏུ་བསྡུས་པ། ཁྲོ་བོ་བདུད་རྩི་འཁྱིལ་བའི་མངོན་རྟོགས།

༣༠ མ་ཅིག་ཁྲོས་མ་ནག་མོ་ལྷ་ལྔའི་སྒྲུབ་ཐབས་དངོས་གྲུབ་མཛོད་ཀྱི་ལྡེ་མིག་ལ།

༣༡ མ་ཅིག་ཁྲོས་མ་ལྷ་ལྔའི་བདག་འཇུག་མདོར་བསྡུས་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ།

༣༢ དགེ་ལྡན་དབེན་ས་སྙན་རྒྱུད་པའི་གཅོད་ཀྱི་ཉམས་ལེན་དང་འབྲེལ་བར་གཉན་ཁྲོད་འགྲིམ་ཚུལ་ཡིག་ཆུང་རྒྱལ་སྲས་གཞུང་ལམ་ལ།

༣༣ མཁའ་འགྲོ་སྙན་བརྒྱུད་ལྟར་ཕྱི་མཚམས་ཆེན་མོ་འགྲིམ་ཚུལ་གྱི་ཡིག་ཆུང་སྙན་བསྐུལ་ལྷའི་རོལ་མོ་ལ།

༣༤ ཟབ་དོན་གཅོད་ཀྱི་གདམས་པ་ཕཊ་བདུན་མར་གྲགས་པའི་ཁྲིད་ཡིག་མདོར་བསྡུས་གནད་དོན་ཀུན་གསལ་ནོར་བུའི་སྒྲོན་མེ་ལ།

༣༥ གཅོད་གདན་ཐོག་གཅིག་མའི་ཁྲིད་ཡིག་མ་ཅིག་མཁའ་འགྲོའི་ཞལ་གྱི་བདུད་རྩི་སོགས་ལ། མ་ཅིག་ལབ་ཀྱི་སྒྲོན་མས། ཅི་ཡང་ཡིད་ལ་མ་བྱས་ན། །གོལ་སར་ལྟུང་བ་ཅི་ལས་འབྱུང་། ། དྲན་མེད་སྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །ཅེས་པའི་འགྲེལ་བ། ཁྲོས་ནག་རྒྱུན་ཁྱེར།

༣༦ ལྷ་མོ་དབྱངས་ཅན་མའི་འདོད་གསོལ་སོགས་ལ། ཀླུ་དབང་རྒྱལ་བོའི་ཆུ་འབོད། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་མར་མེ་འབུལ་ཚུལ།

༣༧ འཕགས་མཆོག་སེང་གེ་སྒྲའི་བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་བསྡུས་པ་ཏིལ་རྐྱང་པ་ལ་བརྟེན་ནས་འབུལ་བའི་ཚུལ་ལ།

༣༨ ཀུན་རིག་གི་བསྙེན་པའི་འདོན་འགྲིག་བསྡུས་པ་ལ།

༣༩ འཆི་མེད་རང་གཟུངས་ཀྱི་ཚེ་སྒྲུབ་མདོར་བསྡུས་ལ། 

༤༠ བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་གདམས་པ་ཉམས་སུ་ལེན་ཚུལ་གསལ་བར་བཀོད་པ་མི་འགྱུར་སྲོག་གི་ཀ་བ་ལ།

༤༡ བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་དང་འབྲེལ་བར་རང་གཞན་གྱི་དོན་དུ་ཚེའི་དངོས་གྲུབ་སྒྲུབ་པའི་ཚུལ་ཚེ་དཔལ་བདུད་རྩིའི་ཟ་མ་ཏོག་ལ། 

༤༢ བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་དམིགས་ཁྲིད་ཉམས་སུ་ལེན་ཚུལ་གསལ་བར་བཀོད་པ་འཆི་མེད་བདུད་རྩིའི་ཡང་སྙིང་ལ།

༤༣ཤམ་བྷ་ལའི་སྨོན་ཚིག་ཁག་གཉིས་དང་བསྔོ་སྨོན་སྟོང་གསུམ་རྒྱ་མཚོ་མ་བཅས་ལ།

 ༼པར།

༡ ཐུབ་དབང་གནས་བརྟན་བཅུ་དྲུག་དང་བཅས་པའི་རྟེན་ཡིག་དཀར་ཆག་མདོར་བསྡུས་དྲི་མེད་པདྨ་དཀར་པོའི་ཕྲེང་མཛེས་ལ།

༢ མཆོད་སྡོང་མཐོང་བ་དོན་ལྡན་གྱི་དཀར་ཆག་ཐོག་མཐའ་བར་དུ་དགེ་བའི་གཏམ་གཡས་འཁྱིལ་ཆོས་དུང་དཀར་པོའི་སྒྲ་དབྱངས་ལ། 

༣ བཤད་སྒྲུབ་བསྟན་པའི་གསལ་བྱེད་རྗེ་བཙུན་ངག་དབང་བསྟན་དར་བའི་སྐུ་གདུང་མཆོད་རྟེན་གྱི་དཀར་ཆག་བྱིན་རླབས་འོད་འབར་ལ།

༤ སངས་རྒྱས་སྟོང་སྐུའི་ལྷ་ཁང་གི་སྐོར་ཚད་ཕན་ཡོན་དང་བཅས་པ་ལ། 

༥ བྱམས་ཆེན་མཐོང་བ་དོན་ལྡན་གྱི་དཀར་ཆག་ཀུན་གསལ་ཤེལ་གྱི་མེ་ལོང་ལ། 

༦ སྐུ་བརྙན་མཐོང་བ་དོན་ལྡན་གྱི་དཀར་ཆག་ནོར་བུའི་སྒྲོན་མེ་ལ།

༧ རྟེན་ཡིག་དགེ་ལེགས་གཡས་འཁྱིལ་དུང་གི་སྒྲ་དབྱངས་ལ།

༨ རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་བཀའ་དྲིན་མཉམ་མེད་རྗེ་བཙུན་བློ་བཟང་ལུང་རིགས་རྒྱ་མཚོ་དཔལ་བཟང་བོའི་གསུང་འབུམ་གྱི་དཀར་ཆག་རིན་ཆེན་ཕྲེང་མཛེས་ལ། 

༩ ཡུལ་མཆོག་དམན་དུ་མ་ལ་ཕུལ་བའི་འཕྲིན་ཡིག་སྣ་ཚོགསཕྱོགས་གཅིག་ཏུ་བཀོད་པ་དབྱངས་ཅན་འཛུམ་པའི་མེ་ཏོག་ལ།

༡༠ ཡུལ་རེབ་གོང་གི་གྲུབ་པའི་གནས་ཆེན་བརྒྱད་སོགས་ཀྱི་ལོ་རྒྱུས་བཀོད་པ་དྭངས་གསལ་ཤེལ་གྱི་འཁར་བ་ལ།

༡༡ ཀུན་གཟིགས་པཎ་ཆེན་སྣང་བ་མཐའ་ཡས་མཐོང་བ་དོན་ལྡན་གྱི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་འཕྲིན་ལས་ཕྱོགས་མཐར་རྒྱས་པའི་གསོལ་འདེབས་བཀྲ་ཤིས་དུང་དཀར་གཡས་སུ་འཁྱིལ་བའི་སྒྲ་དབྱངས་ལ། 

༡༢ རྗེ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་བརྟན་བཞུགས་གསོལ་འདེབས་སོགས་ཞབས་བརྟན་གསོལ་འདེབས་སྐོར་ལ། སྐྱབས་མགོན་དྲུག་པའི་ཞབས་བརྟན་གསོལ་འདེབས། སྐྱབས་མགོན་བདུན་པའི་བརྟན་གསོལ། ཀིརྟི་ངག་དབང་བློ་བཟང་བསྟན་པ་ཚེ་རིང་མཆོག་གི་བརྟན་གསོལ། ཞབས་བརྟན་གསོལ་འདེབས། སྒོ་དམར་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བསྟན་འཛིན་རྒྱ་མཚོའི་གསོལ་འདེབས་ཞབས་བརྟན་སྨོན་ཚིག་དང་བཅས་པ། སྐྱབས་མགོན་དྲུག་པའི་མཆོག་སྤྲུལ་མྱུར་དུ་འབྱོན་པའི་སྨོན་ཚིག་དང་མཚན་སྔགས།

༡༣ ཞབས་བརྟན་གསོལ་འདེབས་ཀྱི་འགྲེལ་བ་གདངས་སྙན་གཎྜཱའི་སྒྲ་དབྱངས་ལ། 

༡༤ རྟ་མཆོག་རོལ་བ་གསང་སྒྲུབ་ཀྱི་སྒྲུབ་ཐབས་བདུད་འཇོམས་དཔའ་བོའི་གད་རྒྱངས་ལ། 

༡༥ དཔལ་རྟ་མཆོག་རོལ་བ་གསང་སྒྲུབ་ལ་བསྟོད་པའི་ཚིགས་སུ་བཅད་པ་ཁྲག་འཐུང་བཞད་

 པའི་སྒྲ་དབྱངས་ལ།

༡༦ ཁྲོ་རྒྱལ་གཙུག་ཏོར་འབར་བའི་སྒྲུབ་ཐབས་མདོར་བསྡུས་བདུད་སྡེ་འཇོམས་པའི་འཁྲུལ་འཁོར་སོགས་ལ། ཁྱུང་ནག་གི་བསྒོམ་བཟླས་བྱ་ཚུལ། རྡོ་རྗེ་ཁྱུང་ནག་གི་རྒྱུན་ཁྱེར།

༡༧ ཁྲོ་བཅུའི་སྒྲུབ་ཐབས་བདུད་སྡེའི་གཡུལ་ལས་རྒྱལ་བའི་འཕྲུལ་འཁོར་ལ།

༡༨ ཁྲོ་བཅུའི་སྦྱིན་སྲེག་བྱེད་ཚུལ་ལག་ཏུ་བླངས་བདེ་བར་བཀོད་པ་དངོས་གྲུབ་འདོད་འཇོ་ལ། ༡༩ ཛམ་དཀར་ལྷ་ལྔའི་གཏེར་སྒྲུབ་ཚུལ་ཤིན་ཏུ་འཁྱེར་བདེ་བར་བཀོད་པ་དངོས་གྲུབ་གྲུ་ཆར་གཡོ་བའི་སྤྲིན་ཕུང་ལ།

༢༠ ཛམ་དཀར་གཏེར་སྒྲུབ་བསྡུས་པ་དངོས་གྲུབ་མཛོད་ཀྱི་ལྡེ་མིག་ལ། 

༢༡ འཕགས་པ་ཛམ་བྷ་ལྷ་དཀར་པོའི་གཡང་འབོད་བསངས་དང་བཅས་པ་འདོད་རྒུའི་རེ་སྐོང་ལ།

༢༢ ལྷ་མོ་ནོར་རྒྱུན་མ་དང་འཕགས་པ་ཛམ་བྷ་ལ་ནག་པོ་གཉིས་ལ་བརྟེན་པའི་གཏེར་སྒྲུབ་དངོས་གྲུབ་ཀུན་འབྱུང་ལ།

༢༣ ལྷ་མོ་ནོར་རྒྱུན་མའི་གཏེར་སྒྲུབ་དཔག་བསམ་ལྗོན་པ་ལ།

 ༢༤. སྨན་བྱིན་རླབས་བྱ་ཚུལ་སོགས་ལ། སྨན་བྱིན་རླབས་བྱ་ཚུལ། སྨན་གྱི་བཀའ་སྲུང་ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་གྱི་གསོལ་ཁ་མདོར་བསྡུས། ཞིང་བློན་གསེར་སྐྱེམས། གུར་གྱི་གསོལ་འདེབས་བསྡུས་པ།

༢༥ བླ་མ་གྲྭ་སྟོན་ཆེན་པོའི་གཏེར་བྱོན་ཛམ་བྷ་ལ་དམར་པོའི་བསྙེན་སྒྲུབ་ལས་སྦྱོར་གྱི་ཡི་གེ་གསལ་བར་བཀོད་པ་འདོད་རྒུའི་གཏེར་མཛོད་ལ།

༢༦ དཔལ་རྡོ་རྗེ་ནག་པོ་གུར་གྱི་མགོན་པོའི་ཐུན་མོང་མ་ཡིན་པའི་སྲུང་འཁོར་རྡོ་རྗེ་བྲག་རྫོང་གི་རྒྱུན་འཁྱེར་འཇིགས་མེད་རྡོ་རྗེའི་གུར་ཁང་ལ།

༢༧ དཔལ་གུར་གྱི་མགོན་པོ་རྡོ་རྗེ་བྲག་རྫོང་མའི་བསྙེན་ཡིག་བསྡུས་པ་མགོན་པོའི་ཞལ་བཟང་བལྟ་བའི་མེ་ལོང་དང་ཚོགས་མཆོད་འབུལ་ཚུལ་སོགས་ལ། གུར་གྱི་ཚོགས་མཆོད། གུར་གྱི་རླུང་རྟ། གསེར་སྐྱེམས་ཚིག་བཞི། བུ་ཊའི་གསེར་སྐྱེམས་བསྡུས་པ།

༢༨ མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་ཆོག་མདོར་བསྡུས་དངོས་གྲུབ་བུམ་བཟང་ལ།

༢༩ རྒྱལ་བའི་བསྟན་སྲུང་ཆེན་པོ་དཔལ་མགོན་ཞལ་བཞི་བའི་གཏོར་ཆོག་བསྡུས་པ་དངོས་གྲུབ་ཀུན་སྩོལ་ལ།

༣༠ དཔའ་བོ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་གཏོར་ཆོག་མདོར་བསྡུས་འཕྲིན་ལས་མྱུར་འགྲུབ་ལ།

༣༡ དམ་ཆེན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཕྱི་སྒྲུབ་ཀྱི་གཏོར་ཆོག་མདོར་བསྡུས་ནག་ཕྱོགས་བདུད་ལས་རྒྱལ་བའི་རུ་མཚོན་ལ།

༣༢ རྒྱལ་བ་གཉིས་པའི་བསྟན་སྲུང་ཆེན་པོ་ཆོས་རྒྱལ་ཡང་གསང་དུག་རི་ནག་པོའི་གཏོར་ཆོག་གསོལ་ཁ་བསྐུལ་བ་དང་བཅས་པ་བདུད་སྡེ་འཇོམས་པའི་འཕྲུལ་འཁོར་ལ།

༣༣ དཔལ་ལྡན་ལྷ་མོ་ལ་གསེར་སྐྱེམས་འབུལ་ཚུལ་ལས་བཞི་ལྷུན་འགྲུབ་ལ།

༣༤ མ་ཅིག་དཔལ་ལྡན་ལྷ་མོ་དམག་ཟོར་མའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་གཏེར་མཛོད་ལ།

༣༥ ཆོས་སྐྱོང་དྲེགས་པ་ལྕམ་སྲིང་ལ་ཞི་བའི་སྦྱིན་སྲེག་འབུལ་ཚུལ་ལ།

༣༦ འཁོར་འདས་ཀྱི་མགྲོན་ལ་བསངས་མཆོད་འབུལ་ཚུལ་འདོད་རྒུའི་དཔལ་སྟེར་ལ།

༣༧ དམ་ཅན་སྐྱེས་བུ་ཆེན་པོའི་གསོལ་ཁ་མདོར་བསྡུས།

༣༨ བསྟན་སྲུང་རྒྱ་མཚོའི་གཙོ་མོ་མཁའ་འགྲོ་ཤ་ཟ་ཧོར་མོའི་ཕུད་མཆོད་བསྟན་སྲུང་དགྱེས་པའི་མཆོད་སྤྲིན་ལ།

༣༩ དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་ཆེན་པོ་ལྭ་རྨོག་འཁོར་བཅས་ལ་གསོལ་མཆོད་བྱེད་ཚུལ་ཆ་ལག་ཚང་བ་ལྷ་ཆེན་དགྱེས་པའི་རོལ་མོ་ལ།

༤༠. དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་ཆེན་པོ་རྩེ་འདུས་རིའི་ཆོ་ག་བཀྲ་ཤིས་དུང་དཀར་སྒྲ་དབྱངས་སོགས་ལ། ཧཱུཾ་ཕུན་ཚོགས་བྱིན་རླབས་འདོད་རྒུའི་དབུ་ཅན་དང་། གཉན་གྱི་གསོལ་ཁ་ཤླཽཀ་གཅིག དགེ་བསྙེན་ར་རྫོངས་ཀྱི་གསོལ་ཁ་བསྡུས་པ་ཕུན་ཚོགས་བྱིན་རླབས་མ། བྲག་དཀར་སྤྲེལ་རྫོང་གི་གནས་བདག་རྣམས་ལ་དམ་བཞག་མཛད་པ་དགེ་ལེགས་གཟི་བྱིན་འཕྲིན་ལས་ཆུ་བོ་འབུམ་ཞེས་པའི་དབུ་ཅན་བཅས་སོ།། །།

༄༅།།རོང་བོའི་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ནི་མདོ་སྨད་མགོན་ཤུལ་སྒར་བ་རུ་ལྡོང་གི་རིགས་ལས་ཕྱི་ལོ༡༨༦༦ལོར་སྐུ་འཁྲུངས།   དགུང་ལོ་བརྒྱད་ཀྱི་སྟེང་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ་ལས་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་འཇམ་དབྱངས་བསྟན་འཛིན་རྒྱ་མཚོར་གསོལ།   དགུང་ལོ་བཅུ་གཅིག་པར་རོང་བོ་དགོན་ཆེན་གྱི་ཆོས་གྲྭར་ཞུགས་ནས་གཞུང་ཆེན་མོར་ཐོས་བསམ་མཛད།   ཕྱིས་སུ་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ་ལས་བསྙེན་པར་རྫོགས་ནས་མཚན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོར་སྤོས།   དེ་ནས་སྐྱབས་མགོན་སྐུ་ཕྲེང་དྲུག་པ། ཤིང་བཟའ་བསྟན་པའི་དབང་ཕྱུག   གྲུབ་དབང་འཇིགས་མེད་བསམ་གཏན།   ཞྭ་དམར་དགེ་འདུན་བསྟན་འཛིན།   ཀིརྟི་བློ་བཟང་འཕྲིན་ལས།   བླ་བྲང་ཨ་ལགས་རིན་པོ་ཆེ་སོགས་བསྟེན་ནས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན།  རོང་བོ་ཐོས་བསམ་གླིང་གི་གསེར་ཁྲིར་བྱོན་ནས་ཆོས་འཆད་སྤ྄ེལ་བྱ་བ་རྒྱ་ཆེར་མཛད། ཕྱི་ལོ་༡༩༢༢ལོར་གདན་ས་འཇིགས་མཛད་རྡོ་རྗེ་རྫོང་ཕྱག་འདེབས་མཛད།    སྐྱབས་མགོན་བདུན་པ་ཆེན་པོ་དང་།  རེབ་གོང་སྐུ་ཕྱོགས་རྣམ་གཉིས།   ཀིརྟི་སྐུ་ཕྲེང་སྔ་ཕྱི།   ཡོངས་འཛིན་པཎྜིཏ་སོགས་བུ་སློབ་བགྲང་ལས་འདས་པ་བྱུང་།ཕྱི་ལོ༡༩༢༨ལོར་དགོངས་པ་གཞན་དུ་གཏད།   གསུང་འབུམ་པོད་བཅུ་བཞི་ལྷག་བཞུགས་པར་བཤད་ཀྱང་ད་ལྟ་པོད་བརྒྱད་ཙམ་ལས་ལག་ཏུ་མ་སོན།           

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།