རོང་ཐ་བློ་བཟང་དམ་ཆོས་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 10:13:24     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་གྲངས།

01068 ཀ་

1 རྗེ་བཙུན་བློ་བཟང་འཕྲིན་ལས་རྒྱལ་མཚན་གྱི་སྐྱེས་རབས་གསོལ་འདེབས་གདུང་སེལ་ནོར་བུའི་ཟླ་བ་ལ། 2

2 རྗེ་བཙུན་བློ་བཟང་ཆོས་འབྱོར་དོན་གྲུབ་ཀྱི་སྐྱེས་རབས་མདོ་ཙམ་བཀོད་པ་དག་སྣང་གྲུ་ཆར་འབེབས་པའི་སྤྲིན་ཕུང་ལ། 6

3 བླ་མ་མཆོད་པའི་ཚོགས་ཞིང་གསོལ་འདེབས་བྱ་བའི་ཚུལ་ཉུང་དུ་བློ་གསལ་དགའ་བྱེད་ལ། 3

4 འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྣམ་བཤད་འཇམ་དཔལ་དགྱེས་པའི་ལམ་བཟང་ཡོངས་འཛིན་དམ་པའི་ཞལ་ལུང་ལ། 66

5 ཞི་ལྷག་གི་དོན་སྙིང་པོ་བསྡུས་ཏེ་ཚིགས་བཅད་དུ་བསྡེབས་པ་ཟབ་དོན་གཟུགས་བརྙན་འཆར་བའི་མེ་ལོང་ཐར་འདོད་ཡིད་ཀྱི་གསོས་སྨན་ལ། 4

6 མདོ་སྡེ་ཀུན་གྱི་བླ་མར་གྱུར་པ་དཔལ་ལྡན་ཐར་པ་ཆེན་པོའི་ཆོ་ག་ཇི་ལྟར་བྱ་བའི་ཚུལ་སྡིག་ལྟུང་ནད་བརྒྱ་སེལ་བའི་སྨན་གཅིག་ལ། 7

7 རྣམ་རིག་པའི་ལུགས་ཀྱི་ཡིད་དང་ཀུན་གཞིའི་དོན་ཅུང་ཟད་བཤད་པ་ངོ་མཚར་གཟུགས་བརྒྱ་འཆར་བའི་མེ་ལོང་ལ།6

8 མངོན་པར་རྟོགས་པའི་གཞུང་འགྲེལ་པ་དང་བཅས་པ་ལ་ཐོས་བསམ་བྱ་བའི་ཚེ་ཉེ་བར་མཁོ་བའི་ཟིན་ཐོ་ཕར་ཕྱིན་གཞུང་བརྒྱ་གསལ་བའི་མེ་ལོང་ལ། 53

9 རྟགས་རིགས་དང་བློ་རིག་གི་རྣམ་གཞག་ཞར་བྱུང་དང་བཅས་པ་ཅུང་ཟད་བཤད་པ་བློ་གསལ་ཡིད་ཀྱི་དགའ་སྟོན་རིགས་པའི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ། 34

10 བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དགུ་པའི་འགྲེལ་པ་ཟབ་དོན་ལྟ་བའི་མིག་གཅིག་རྟེན་འབྱུང་གཏམ་གྱི་རིན་ཆེན་ལ། 52

11 ཕར་ཕྱིན་གྱི་གཞུང་ལ་ཐོས་བསམ་བྱེད་པའི་ཚེ་ཉེ་བར་མཁོ་བའི་ས་ལམ་གྱི་རྣམ་གཞག་ཉུང་ངུ་སོགས་མིང་དོན་འགའ་ཞིག་དང༌།ཞུགས་གནས་དང་བསམ་གཟུགས་སོ་སོའི་དོན་ཆེ་ལོང་ཙམ་བཤད་པ་བློ་གསལ་བགྲོད་པའི་ཐེམ་སྐས་ལ། 26

12 གནས་བརྟན་ཕྱག་མཆོད་མདོར་བསྡུས་ལ། 4

13 འཕགས་མ་གདུགས་དཀར་མོའི་སྒྲུབ་ཐབས་ཉུང་ངུ་ལ། 1

14 བཅོམ་ལྡན་འདས་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་རིག་སྔགས་ཀྱི་རྒྱལ་མོ་མཆོག་ཏུ་གྲུབ་པའི་འགྲེལ་པ་ཀུན་ཕན་བདུད་རྩིའི་བྲན་ཟླ་ཕྱིར་ཟློག་གདམས་པའི་རྒྱལ་པོ་ལ། 18

15 སྐྱེས་བུ་ཆུང་ངུའི་ལམ་ཉམས་སུ་ལེན་པའི་ཚེ་བདུད་རྩི་འབེབས་སྦྱང་དང་གསོལ་བ་འདེབས་པའི་ཚུལ་ཞལ་ལུང་དང་མཐུན་པ་ལ། 2

16 དགེ་ཚུལ་གྱི་བསླབ་བྱ་གསལ་བར་བཤད་པ་དགེ་ལེགས་པདྨ་འབྱེད་པའི་སྣང་བ་ལ། 8

17 དཔལ་ལྡན་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་བཞེད་ཚུལ་ལས་བརྩམས་པའི་ཡི་གེ་ཉུང་ངུ་བློ་གྲོས་ཀུན་ད་འབྱོར་བའི་ཟླ་འོད་ཅེས་བྱ་བ་ལ། 17

18 གཞི་དུས་ཀྱི་འཆི་བ་ལ་མངོན་དུ་ཕྱོགས་པའི་ཚེ་ཕན་པ་སྒྲུབ་པའི་ཡི་གེ་དོན་ཆེན་གཏན་གྱི་གྲོགས་མཆོག་ཅེས་བྱ་བ་ལ། 9

19 དམ་པའི་ཆོས་འདུལ་བའི་སྡེ་སྣོད་ལས་བརྩམས་པའི་ལོ་ཟླ་འདྲེན་ཚུལ་སོགས་དུས་ཀྱི་རྣམ་པར་གཞག་པའི་ཡི་གེ་བློ་གསལ་དགའ་བྱེད་ལ། 5

20 རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་གཞག་ཅུང་ཟད་སྟོན་པའི་རེའུ་མིག་བློ་གསལ་ཡིད་ཀྱི་རེ་སྐོང་ལ། 4

21 བརྒྱལ་ལན་དྲང་པོའི་ཐིག་གི་བྲན་ཟླ་དག་སྣང་འོད་བརྒྱ་རྒྱས་པའི་ཉིན་བྱེད་ལ། 3

22 བྱང་ཆུབ་ལམ་གྱི་རིམ་པ་བདེ་ལམ་གྱི་གཞུང་དོན་གསལ་བར་བཤད་པ་ལེགས་བཤད་ནོར་བུའི་དོ་ཤལ་ལ། 50

01069 ཁ་

1 རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་གི་དོན་ཉུང་ངུར་གླེང་བ་ངོ་མཚར་སྣང་བ་ཐིག་ལེ་དད་གུས་པད་མ་བཞད་པའི་གཉེན་གཅིག་ལ། 62

2 སྟོན་པ་མཆོག་གི་སྐྱེས་རབས་སོ་བཞི་པའི་སྣང་བརྙན་ཇི་ལྟར་བཞེངས་ཚུལ་ཅུང་ཟད་བཀོད་པ་ཟླ་ཤེལ་གསར་བའི་མྱུ་གུ་ལ། 11

3 དམ་པའི་ཆོས་འདུལ་བའི་སྡེ་སྣོད་རྣམས་ལ་ཉེ་བར་མཁོ་བ་འགའ་ཞིག་དང་མིང་དོན་བརྡའ་བཀྲོལ་བཅས་བཀོད་པ་འདུལ་གཞུང་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ལ། 21

4 ཐིག་གི་ལག་ལེན་དུ་མ་གསལ་བར་བཤད་པ་བཟོ་རིག་མཛེས་པའི་ཁ་ལྡན་ལ། 13

5 ཤབྷ་ལར་ཆོས་རྒྱལ་རིགས་ལྡན་རྣམས་བྱོན་ཚུལ་དང་བསྟན་པའི་གནས་ཚད་བཅས་ལེགས་པར་བཤད་པ་བློ་ལྡན་རྣ་བར་མངར་བའི་བདུད་རྩི་ལ། 4

6 མདོ་སྔགས་ལམ་གྱི་སྙིང་པོ་ཐབས་ཤེས་དང་བདེ་སྟོང་གི་རྣམ་གཞག་ཅུང་ཟད་བརྗོད་པ་ལེགས་བཤད་ཉིན་བྱེད་འདྲེན་པའི་སྐྱ་རེངས་དགེ་ལེགས་སྣང་བ་དམ་པའི་འབྱུང་གནས་ལ། 11

7 སྔོམ་གསུམ་ལྡན་པའི་ཉིན་ཞག་ཕྲུགས་གཅིག་ལ་ཉམས་ལེན་ཇི་ལྟར་བྱ་བའི་ཚུལ་མདོ་ཙམ་བཤད་པ་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་ཞལ་ལུང་ལ། 6

8 དཔྱད་མཆོག་མེ་བཙའི་གདམས་པ་གསལ་བར་བཤད་པ་ཟླ་ཤེལ་གཞོན་ནུའི་མྱུ་གུ་ལ། 5

9 རྫོང་ཆུང་ཚེ་དབང་བསྐུར་ཚུལ་ཆོ་ག་བྱིན་རླབས་བདུད་རྩིའི་ཟིལ་མངར་ལ། 8

10 འཕགས་པ་སྤྱན་རས་གཟིགས་ཕྱག་བཞི་པའི་རྗེས་གནང་ཇི་ལྟར་བྱ་བའི་ཚུལ་རབ་གསལ་བཀླགས་པས་འགྲུབ་པ་ལ། 6

11 བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བའི་ཕྱུག་རྒྱའི་རིམ་པ་མདོ་ཙམ་བཤད་པ་གདུང་སེལ་ནོར་བུའི་ཟླ་བ་ལ། 14

12 འདུལ་བའི་ལས་ཚོགས་ལ། 9

13 འབམ་བུ་དགོན་གྱི་གྲྭ་རིགས་ཚུལ་ཁྲིམས་བསྟན་འཛིན་ནས་སྔ་ཕྱིར་དྲི་བ་ཞུས་པའི་དྲིས་ལན་རྣམས་ཕྱོགས་གཅིག་ཏུ་བཀོད་པ་ལ། 414ཀྰ་ལི་སུམ་ཅུ་ལས་བརྩམས་པའི་བསླབ་བྱ་དབྱངས་ཀྱི་ངེས་པ་བྱ་དཀའ་བའི་འགྲེལ་པ་དགའ་བའི་གཏམ་སྙན་དྲི་ཟའི་སྒྲ་དབྱངས་ལ། 5

15 མཐུན་པ་རྣམ་བཞིའི་ལོ་རྒྱུས་ཅུང་ཟད་གླེང་བའི་གཏམ་རྣ་བའི་བཅུད་ལེན་ལ། 3

16 བསླབ་བྱ་ཉུང་དུ་གླེང་བ་བསྟན་ལ་རི་མོ་བགྱི་བའི་གཏམ་སྙན་ལ། 4

17 གསོལ་འདེབས་ལ། 1

18 རྡོར་སེམས་སྒོམ་བཟླས་ལ། 1

19 ཆོས་ལ་བསྐུལ་བའི་བསླབ་བྱ་རེ་ཚིག་བཅུ་པ་ལ། 1

20 གྲུ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར་ཚུལ་འཆི་མེད་རྡོ་རྗེའི་སྲོག་རྩ་ལ། 9

21 དཔལ་ལྡན་བླ་མ་དམ་པ་གནས་ལྔ་གཟིགས་པའི་པན་ཌི་ཏ་ཆེན་པོ་དྰ་ནའི་མཚན་ཅན་གྱི་རྣམ་ཐར་ཆ་ཤས་ཙམ་ཚིགས་བཅད་དུ་བསྡེབས་པ་མཚོ་བྱུང་འཕང་འགྲོའི་དབྱངས་སྙན་ཞེས་བྱ་བ་ལ། 11

22 བཀའ་དྲིན་གསུམ་ལྡན་གྱི་བླ་མ་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་ཆོས་འབྱོར་དོན་གྲུབ་ཀྱི་རྣམ་ཐར་ཉུང་བསྡུས་ལ། 8

23 བསྟན་བཅོས་མངོན་རྟོགས་ལྡན་གྱི་འགྲེལ་པ་ཕར་ཕྱིན་གཞུང་བརྒྱ་གསལ་བའི་སྒྲོན་མེ་ལ། 75

24 གསོལ་འདེབས་ལ། 1

25 མན་ཌལ་བཤད་པ་ལ། 2

26 རྩིས་གཞི་རྣམ་གསལ་འོད་ཐིག་གི་བུ་དཔེ་སྟོང་འཇུག་གི་རི་མོ་གསལ་བར་བཤད་པ་དགེ་ལེགས་སྣང་བ་གསར་པའི་སྒྲོན་མེ་ལ། 8

27 རྩིས་ཡིག་རྣམ་གསལ་འོད་ཐིག་གི་བུ་དེ་དཔེ་ལས་རེའུ་མིག་མཁོ་ཆེ་བ་འགའ་ཞིག་གསར་དུ་བསྒྲུབ་པའི་ཚུལ་ལག་ལེན་གོ་བདེ་བར་བཀོད་པ་བློ་གསར་ཡིད་ཀྱི་དགའ་སྟོན་ལ། 12

28 གཟའ་ལྔའི་སྤྱི་རྐང་རེའུ་མིག་ལ། 1

29 ཐོད་བཤད་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ། 2

30 གཅོད་ལུགས་ཀྱི་ཚོགས་མཆོད་བརྒྱ་ཚར་སོགས་གྲངས་གསོག་བྱེད་པའི་ཚེ་ཁྱེར་བདེ་བར་ཉམས་སུ་བླངས་པའི་ཚུལ་ལ། 3

01070 ག་

1 ལྷག་པའི་ལྷ་མཆོག་པད་མ་ཡང་གསང་ཁྲོས་པའི་བསྐྱེད་རིམ་གྱི་རྣམ་པར་གཞག་པ་སྐུ་གསུམ་གཞལ་མེད་ཁང་དུ་བགྲོད་པའི་ཐེམ་སྐས་དངོས་གྲུབ་འདོད་པ་འཇོ་བའི་བུམ་བཟང་ལ། 29

2 དཔལ་ཆེན་རྟ་མཆོག་ཡང་གསང་ཁྲོས་པའི་དབང་བཤད་སྐུ་གསུམ་རིན་ཆེན་བགྲོད་པའི་ཐེམ་སྐས་དབང་ཆེན་བཞད་པའི་སྒྲ་དབྱངས་ལ། 42

3 རྟ་མཆོག་ཡང་གསང་ཁྲོས་པའི་དཀྱིལ་འཁོར་གྱི་ཆོ་ག་གསལ་བར་བཀོད་པ་མཆོག་ཐུན་འགུགས་པའི་ལྕགས་ཀྱུ་ལ།10

4 རྗེ་ཙོང་ཁ་པ་ལ་བརྟེན་པའི་དམ་རྫས་རིལ་བུ་སྒྲུབ་པའི་ཆོ་ག་གདུང་སེལ་ནོར་བུའི་ཟླ་བ་ལ། 7

5 ལྷག་པའི་ལྷ་མཆོག་པད་མ་ཡང་གསང་ཁྲོས་པའི་བསྙེན་པ་ཇི་ལྟར་བྱ་ཚུལ་དངོས་གྲུབ་འདོད་པ་འཇོ་བའི་བུམ་བཟང་ལ། 5

6 ལྷ་མཆོག་རྒྱལ་བ་རྒྱ་མཚོའི་ཚོགས་ཀྱི་མཆོད་པ་བྱ་བའི་ཚུལ་དངོས་གྲུབ་འདབ་སྟོང་བཞད་པའི་ཉིན་བྱེད་ལ། 3

7 བླ་མ་རྒྱང་འབོད་བྱིན་རླབས་མྱུར་སྒྲོལ་ལ། 3

8 འཕགས་མཆོག་ཕྱུག་ན་པད་མོའི་དཀྱིལ་འཁོར་དུ་དབང་ཇི་ལྟར་བསྐུར་བའི་རིམ་པ་མདོ་ཙམ་བཤད་པ་དག་སྣང་ནོར་བུ་འདྲེན་པའི་གྲུ་གཟིངས་འཇུག་པ་བདེ་བའི་ལམ་བཟང་ལ། 14

9 ཐེག་པ་ཆེན་པོའི་གསོ་སྦྱོང་གི་དོན་ཅུང་བཤད་པའི་ཚུལ་དགེ་ལེགས་པད་མ་བཞད་པའི་ཉིན་བྱེད་ཐེག་མཆོག་ཆོས་ཀྱི་སྒྲ་དབྱངས་ལ། 8

10 འཇིགས་བྱེད་སྒྲུབ་ཐབས་བསྡུས་པ་ལ། 2

11 འཇམ་དབྱངས་དམར་སེར་གཙོ་རྐྱང་ལ་བརྟེན་པའི་སྨྱུང་བར་གནས་པའི་ཆོ་ག་ཉེས་སྡིག་འཁྲུས་པའི་བདུད་རྩི་ལ།18

12 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཀྱི་ཚེ་ཉེ་བར་མཁོ་བའི་དབང་བཤད་སྐལ་ལྡན་ཐར་སར་བགྲོད་པའི་ལམ་གཅིག་དངོས་གྲུབ་འདབ་སྟོང་བཀྲ་བའི་པད་མ་ལ། 13

13 འཕགས་མ་མཚོ་བྱུང་མའི་བསྙེན་ཡིག་རབ་གསལ་ནོར་བུའི་ཟླ་བ་ལ། 5

14 དྲིལ་བུ་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་བསྙེན་ཡིག་དམ་པའི་བཞེད་གཞུང་བློ་ལྡན་དགའ་བའི་ཉེར་འཚོ་ལ། 5

15 རྗེ་བླ་མ་ལ་བརྟེན་པའི་འཕོ་བ་དང་འཆི་བའི་མཚམས་སྦྱོར་བྱ་བའི་ཚུལ་ཏེ་ལེ་ཚན་གཉིས་ལ། 3

16 བྱང་ཆུབ་ལམ་གྱི་རིམ་པའི་བསྡུས་དོན་གྱི་ཚིག་འགྲེལ་བློ་ལྡན་འཇུག་ངོགས་ལ། 11

17 འཕགས་མཆོག་སྤྱན་རས་གཟིགས་ལ་བརྟེན་པའི་བུམ་དབང་བསྐུར་ཚུལ་གདུང་སེལ་ནོར་བུའི་ཟླ་བ་ལ། 4

18 འཕགས་མ་མཚོ་ལྡན་མའི་སྒོ་ནས་རྫས་སྦྱོར་གྱི་རིལ་བུ་སྒྲུབ་པའི་ཚུལ་ལ། 3

19 དབྱངས་ཅན་མ་ལ་བསྟོད་པའི་ཀུན་འཁོར་ལ། 1

20 དཔལ་རྡོ་རྗེ་འཇིགས་བྱེད་ལ་བསྙེན་པ་ཇི་ལྟར་བྱ་བའི་ཚུལ་གསལ་བར་བཤད་པ་དོན་ཟབ་བདུད་རྩི་དགྱེས་པའི་ཟླ་བ་བློ་ལྡན་ཀུནྡ་དགའ་བྱེད་ལ། 8

21 གྲུབ་པའི་དབང་ཕྱག་ཆེན་པོ་རྡོ་རྗེ་དྲིལ་བུ་པའི་ལུགས་ཀྱི་འཁོར་ལོ་སྡོམ་པ་ལྷ་ལྔའི་བསྐྱེད་རིམ་གྱི་རྣམ་གཞག་གསལ་བར་བསྟན་པ་སྐུ་བཞིའི་གྲོང་དུ་བགྲོད་པའི་ཐེམ་སྐས་ལ། 31

22 དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་པའི་ལུགས་ཀྱི་རྫོགས་རིམ་ཟབ་མོ་ཉམས་སུ་ལེན་པའི་ཚུལ་ལེགས་པར་བཤད་པ་མཁའ་འགྲོའི་སྙིང་ཐིག་ལ། 10

23 ཆོས་མངོན་མཛོད་ཀྱི་གནས་གསུམ་པའི་འགྲེལ་པ་ཆོས་མངོན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ལ། 37

24 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་བཤད་འཇུག་པ་བདེ་བའི་ལམ་བཟང་སྐུ་གསུམ་གྲོང་དུ་བགྲོད་པའི་ཐེམ་སྐས་ལ། 33

25 གྲུབ་བརྙེས་ལྰུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚུལ་གསལ་བར་བཤད་པ་སྐུ་གསུམ་རིན་ཆེན་གྲོང་དུ་ཁྲིད་པའི་དེད་དཔོན་ལ། 42

26 རྗེ་བཙུན་འཇམ་དབྱངས་ཀྱི་སྒོ་ནས་སྨྱུང་བར་གནས་པ་ཉམས་སུ་བླངས་པའི་ཕན་ཡོན་དང༌།གཟུགས་སྔགས་ཀྱི་ཕན་ཡོན་བཅས་མདོ་ཙམ་བཀོད་པ་དྲི་མེད་ཟླ་ཤེལ་གཙང་མའི་མེ་ལོང་ལ། 7

27 བཅོམ་ལྡན་འདས་ཐམས་ཅད་རིག་པའི་བསྙེན་ཡིག་མདོར་བསྡུས་སྐལ་བཟང་ཡིད་སྐྱེ་བདུད་རྩི་ལ། 6

28 འཕགས་མ་དབྱངས་ཅན་མའི་སྦྱིན་སྲེག་གི་ཆོ་ག་མཐུ་བྱིན་སྣང་བ་རྫོགས་པའི་ཉིན་བྱེད་ལ། 4

29 བཅོམ་ལྡན་འདས་ཚེ་དཔག་ལྷ་དགུའི་དཀྱིལ་འཁོར་གྱི་ཆོ་ག་ཀླུ་ཆོག་ཞར་བྱུང་དང་བཅས་པ་གསལ་བར་དགེ་མཚན་འདབ་བརྒྱ་བཞད་པའི་ཉིན་བྱེད་ལ། 11

30 བཅོམ་ལྡན་འདས་ཚེ་དཔག་ལྷ་དགུའི་བསྙེན་པ་བྱ་ཚུལ་གསལ་བར་བཤད་པའི་འཆི་མེད་རིག་འཛིན་གྲུབ་པའི་བཅུད་ལེན་ལ། 7

31 བཅོམ་ལྡན་འདས་ཚེ་དཔག་ལྷ་དགུའི་སྒོ་ནས་ཞི་བའི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་སྡིག་ལྟུང་བ་མོ་འཇོམས་པའི་ཉིན་བྱེད་ལ། 7

32 ལྷ་མཆོག་ཡང་གསང་ཁྲོས་པའི་སྒྲུབ་ཐབས་ཁྱེར་བདེ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ངོ་མཚར་ཨུཏྤལ་དམར་པོའི་ཕྲེང་བཟང་ལ། 3

33 རྣལ་འབྱོར་མ་ཞལ་གཉིས་མའི་ཚོགས་མཆོད་མཁའ་འགྲོ་མཉེས་བྱེད་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ། 2

34 འཇམ་དབྱངས་གསོལ་འདེབས་ལ། 2

01071 ང་

1 བླ་མའི་རྣལ་འབྱོར་ཟབ་མོ་དང་འབྲེལ་བའི་བར་དོའི་འཁྲུལ་སྣང་ཞི་བའི་སྨོན་ལམ་ལ། 3

2 བླ་མ་རྣམས་ལ་གསོལ་བ་འདེབས་པའི་ཚུལ་ལེ་ཚན་འགའ་རེ་ལ། 5

3 དབུ་མ་འཇུག་པའི་བསྟན་བཅོས་ཀྱི་དགོངས་པ་རབ་ཏུ་གསལ་བའི་མེ་ལོང་ལ་སླར་ཡང་མཆན་གྱིས་གསལ་བར་བགྱིས་པ་ཀུན་ཕན་ཟླ་བའི་འོད་སྣང་ལ། 74

4 དབུ་མའི་བསྟན་བཅོས་རྩ་བ་ཤེས་རབ་ཀྱི་ངག་དོན་བཤད་པ་རིན་པོ་ཆེའི་ཕྲེང་བ་ལ་སླར་ཡང་མཆན་འགྲེལ་བཏབ་པ་ཟབ་དོན་གཟུགས་བརྒྱ་འཆར་བའི་མེ་ལོང་ལ། 71

5 རྡོར་སེམས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དངོས་གྲུབ་ནོར་བུ་འདྲེན་པའི་ཤིང་རྟ་ལ། 3

6 དབེན་པར་དགའ་བའི་གཏམ་རབ་སྙན་དྲི་ཟའི་འཕང་འགྲོ་ལ། 4

7 དགའ་ལྡན་ཕུན་ཚོགས་གླིང་གི་བྱམས་ཆེན་མཐོང་བ་དོན་ལྡན་གྱི་དཀར་ཆག་ངོ་མཚར་དད་གུས་རྒྱས་པའི་པད་མོ་བློ་ལྡན་ཡིད་ཀྱི་རེ་སྐོང་ལ། 17

8 བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ་ལ་བརྟེན་པའི་མན་ཌལ་བཞི་པའི་ཆོ་ག་ཀུན་ཕན་བདུད་རྩིའི་བྲན་ཟླ་ལ། 4

9 འཇམ་དབྱངས་སྒྲུབ་ཐབས་ལེན་ཚན་གཉིས་ལ། 2

10 འཇམ་དབྱངས་སྒྲུབ་ཐབས་ཀྱི་གོ་དོན་རྣམ་པར་གཞག་པ་ཐེག་མཆོག་ལམ་དུ་བགྲོད་པའི་ཐེམ་སྐས་ལ། 12

11 འཇམ་དབྱངས་སྒྲུབ་ཐབས་ཀྱི་མཇུག་ཏུ་གཏོར་མ་འབུལ་ཚུལ་དགོས་འདོད་འབྱུང་བའི་རིན་ཆེན་ལ། 2

12 མགུར་མ་ཆོས་ལ་སྐུལ་བའི་གྲོས་འདེབས་སོགས་གསུང་མགུར་གྱི་ཚོགས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ།5

13 ཉ་དང་གྲོག་མ་བྱ་བྱི་སོགས་སྲོག་ཆགས་ཅི་རིགས་ལ་སྦྱིན་གཏོང་བྱ་ཚུལ་ལ། 1

14 གསང་སྔགས་རྡོ་རྗེ་ཐེག་པའི་ས་ལམ་གྱི་རྣམ་གཞག་དང༌།གཞན་ཡང་ཉེར་མཁོ་ཅི་རིགས་པ་དངོས་གྲུབ་རྒྱ་མཚོར་འཇུག་པའི་གྲུ་གཟིངས་གཞུང་དོན་འབྱེད་པའི་ལྡེ་མིག་ལ། 14

15 སྡོམ་གསུམ་བསླབ་བྱ་དང་བླ་མ་ལྔ་བཅུ་པའི་སྡོམ་ཚིག་ལ་མཆན་བུ་ཅུང་ཟད་བཏབ་པ་ལ། 24

16 ལྕགས་མཁར་ཟུར་དགུ་པའི་ལག་ལེན་ཇི་ལྟར་བྱ་བའི་ཚུལ་རབ་བརྗིད་རྡོ་རྗེའི་ཐོག་མདའ་ལ། 8

17 ཚེ་ལྷ་རྣམ་གསུམ་གྱི་མངོན་རྟོགས་ལ། 2

18 འཕགས་པ་ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་འཕོ་བ་བདེ་ཆེན་ཞིང་དུ་བགྲོད་པའི་ཐེམ་སྐས་ལ། 2

19 བླ་མ་མཆོད་པ་དང་འབྲེལ་བའི་གསོན་གཤིན་གྱི་བྱང་སྲེག་བྱ་བའི་ཚུལ་སྡིག་ལྟུང་བ་མོ་འཇོམས་པའི་ཉིན་བྱེད་ལ།3

20 རྗེ་བླ་མ་ལ་བརྟེན་པའི་གཏོར་མ་གཏོང་བའི་ཆོ་ག་ཕན་བདེའི་ཆར་རྒྱུན་ལ། 3

21 མཁའ་སྤྱོད་མའི་བསྟོད་འགྲེལ་རྡོ་རྗེའི་གྲོང་དུ་བགྲོད་པའི་བྱི་རུའི་ཐེམ་སྐས་ལ། 7

22 སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཉམས་ཐག་དབུགས་འབྱིན་ལ།10

23 དྲག་པོ་གསུམ་བསྒྲིལ་གྱི་སྒྲུབས་ཐབས་ལ། 1

24 ཞིང་ལ་གནོད་པ་སྲུང་བར་ཡུག་པོ་འབུད་པར་བྱེད་པ་དང་བཙའ་འབུད་པའི་ལས་ཚོགས་ཀྱི་འགྲོས་བཞིན་དུ་བྱ་བ་ལ། 1

25 རྗེ་བཙུན་རྣལ་འབྱོར་མའི་འཕོ་བ་བྱ་ཚུལ་མཁའ་སྤྱོད་ཞིང་དུ་འཁྲིད་པའི་དེད་དཔོན་ལ། 1

26 སྡོམ་རྒྱུན་གསོལ་འདེབས་ལ། 1

27 ནོར་སྦྱིན་མའི་ཆུ་རྒྱུན་ལ། 1

28 གཡུ་ཐོག་སྙིང་ཐིག་གི་བླ་བརྒྱུད་གསོལ་འདེབས་ལ། 1

29 འཕགས་མ་སྒྲུབ་པའི་ཡི་གེ་ཉུང་ངུ་ཟླ་བ་གཞོན་ནུའི་འཁྲི་ཤིང་ལ། 1

30 གཏོར་མའི་རིམ་པ་སྣ་ཚོགས་ལ། 8

31 བླ་མའི་རྣལ་འབྱོར་གྱི་སྐོར་ཕྱོགས་གཅིག་ཏུ་བསྒྲིལ་པ་ལ།12

32 ཟབ་ལམ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ལ། 6

33 འཕགས་མ་སྒྲ་དབྱངས་ལྷ་མོ་སྒྲུབ་པའི་ཆོ་ག་དངོས་གྲུབ་ཕྲང་རྩི་ཆགས་པའི་པད་མ་སྐལ་བཟང་རྐང་དྲུག་དགའ་བའི་བདུད་རྩི་ལ། 6

34 བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་སྦྱང་ཆོག་ཇི་ལྟར་བྱ་བའི་ཚུལ་བརྒྱུད་ལྡན་བླ་མའི་ཞལ་ལུང་དག་པའི་ཞིང་དུ་བགྲོད་པའི་ཐེམ་སྐས་ལ། 16

35 འཕགས་མཆོག་ཕྱུག་ན་པད་མའི་བསྟོད་པ་ཚིགས་སུ་བཅད་པའི་འགྲེལ་པ་ཀུན་ཕན་བདུད་རྩིའི་ཐིག་ལེ་ལ། 12

36 བསྟན་སྲུང་ཆོས་ཀྱི་སྒྲོལ་མའི་སྒོ་ནས་དྲག་པོའི་གཏོར་མའི་ལས་ཇི་ལྟར་བྱ་བའི་ཚུལ་རབ་བརྗིད་མཚོན་ཆ་དམ་ཉམས་དགྲ་སྲོག་གཅོད་པའི་རལ་གྲི་ལ། 14

37 ཨ་ཕྱིའི་སྒྲུབ་ཐབས་མདོར་བསྡུས་ལ། 1

38 བསྒྲལ་ཆོག་གི་དམིགས་པ་བྱ་ཚུལ་བགྲ་བགེགས་བྱད་མ་བཟློག་པའི་རྡོ་རྗེའི་མཚོན་ཆ་ལ། 7

39 མགོན་པོ་ཡིད་བཞིན་ནོར་བུ་སོགས་ཆོས་སྐྱོང་རྣམས་ཀྱི་སྒྲུབ་ཐབས་ཕྱོགས་གཅིག་ཏུ་བཀོད་པ་འཕྲིན་ལས་མྱུར་འགུགས་ལ། 7

40 རྒྱུན་བསངས་ལ། 2

41 རྒྱུན་བསངས་བྱ་ཚུལ་དང་རླུང་རྟའི་བསངས་མདོར་བསྡུས་བཅས་ལ། 3

42 ཡུལ་ལྷ་ཆེན་པོ་འབྲོམ་བུ་ཇོ་བོ་ལ་བསངས་མཆོད་བྱ་ཚུལ་མཆོད་ཡུལ་མཉེས་པའི་སྤྲིན་ཕུང་ལ། 2

43 རྟེན་ཐུགས་འཛུགས་པའི་ཆོ་ག་དམ་ཅན་ཆོས་སྲུང་མཉེས་པའི་མཐུན་རྫས་ལ། 4

44 གསོལ་འདེབས་ལ། 2

45 བསླབ་བྱ་མགུར་དབྱངས་ཀྱི་ཚུལ་དུ་བསྡེབས་པ་སྙིང་གཏམ་བཅུ་གཉིས་ལ། 2

46 མགོན་པོ་མི་འཁྲུགས་པའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་དང་སྒྲོལ་མའི་བྱིན་རླབས་བཅས་ལ། 2

47 རྗེ་བཙུན་རྣལ་འབྱོར་མའི་དབང་གི་ཆོ་ག་ཉུང་བསྡུས་སུ་བཀོད་པ་པཎ་ཆེན་ཆོས་ཀྱི་རྒྱལ་བོའི་ཞལ་ལུང་ལ། 6

48 ཤབྷ་ལར་སྐྱེ་བའི་སྨོན་ལམ་རིག་འཛིན་གྲོང་དུ་བགྲོད་པའི་ཐེམ་སྐས་ལ། 4

49 ཟབ་མོ་གཅོད་ཀྱི་འགྲེལ་པ་མཐོང་བས་འཛུམ་ཤོར་ལ། 1

50 སྒྲོལ་དཀར་ཚེ་སྒྲུབ་ལ། 1

དཀར་ཆག་ལ། 4

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།རོང་ཐ་བློ་བཟང་དམ་ཆོས་རྒྱ་མཚོ་ནི་མདོ་སྨད་སྒ་ལུང་དུ་རབ་བྱུང་བཅུ་བཞི་པའི་ཤིང་གླང་1865 ལོ་ལ་འཁྲུངས།དགུང་ལོ་དགུ་ཙམ་ལ་ཕེབས་སྐབས་ལྡན་མ་རྭ་ཉག་ཐེག་ཆེན་གླིང་དུ་ཆོས་ཞུགས་མཛད།དགུང་ལོ་ཞེ་བདུན་སྐབས་འཇིགས་བྱེད་དབང་ཆོག་བརྩམས།དེ་རྗེས་ཀྱི་ལོ་རྒྱུས་རྙེད་སོན་མ་བྱུང༌།འདིར་གསུང་འབུམ་པོད་བཞི་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།