རོང་ཐ་བློ་བཟང་ཆོས་འབྱོར་དོན་གྲུབ་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 10:05:42     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་གྲངས།

01061 ཀ

1 བཀའ་དྲིན་གསུམ་ལྡན་རྗེ་བཙུན་བློ་བཟང་ཆོས་འབྱོར་དོན་གྲུབ་དཔལ་བཟང་པོའི་རྣམ་ཐར་ལེགས་བཤད་གཏམ་གྱི་རྒྱ་མཚོ་ལ། 177

2 བཀའ་དྲིན་གསུམ་ལྡན་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་སྐྱེས་རབས་རྣམ་ཐར་དག་སྣང་ནོར་བུ་འདྲེན་པའི་ཤིང་རྟ་ལ། 103

3 རྗེ་བཙུན་སྒྲོལ་མ་ཉེར་གཅིག་ལ་བརྟེན་པའི་སྨྱུང་གནས་ཀྱི་ཆོ་ག་ཆ་ཚང་ཞལ་བཟང་ལྟ་བའི་འདྲེན་བྱེད་ལ། 31

4 རན་པ་བཅུ་གསུམ་གྱི་བཤད་སྦྱར་བློ་བཟང་དགོངས་པའི་པདྨོ་ཉིན་བྱེད་ལ། 25

5 བླ་མ་མགོན་པོ་སྒྲུབ་པའི་མན་ངག་མཁས་གྲུབ་ཞལ་ལུང་ལ། 5

6 དཔལ་རྡོ་རྗེ་འཇིགས་བྱེད་དམར་པོ་མདའ་གཞུ་འགེངས་པའི་སྒྲུབ་ཐབས་དང༌།སེར་པོའི་ཚེ་སྒྲུབ།ཟ་ཚོགས་འབུལ་པའི་ཚུལ་བཅས་ལ། 6

7 དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་ཚེ་ཡི་རྫིང་བུ་སྒྲུབ་ཚུལ་ཚེ་བཅུད་དྭངས་མའི་རྒྱུན་བཟང་དང་འཇམ་དཔལ་ནག་པོའི་སྒྲུབ་ཐབས་བཅས་ལ། 3

8 གྲུབ་པའི་དབང་ཕྱག་ཆེན་པོ་ལྰུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་མདོར་བསྡུས་བྱི་རུའི་ཐེམ་སྐས་ལ། 7

9 དཔལ་འཁོར་ལོ་བདེ་མཆོག་དང་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་གྲུ་ཆར་གཡོ་བའི་སྤྲིན་ཕུང་ལ། 4

10 མཆོད་སྡོང་མཐོང་བ་དོན་ཡོད་ཀྱི་དཀར་ཆག་ངོ་མཚར་ཆེ་ཀྱིས་ལ། 4

11 ཕྱུག་རབ་ཀྱི་ཆོ་ག་རྒྱས་བསྡུས་དུ་མ་ཐར་འདོད་བློ་ཡི་རེ་སྐོང་ལ། 7

12 བླ་མའི་རྣལ་འབྱོར་མེས་པོའི་ཐིག་གི་བྲན་ཟླ་སོགས་བླ་མའི་རྣལ་འབྱོར་འགའ་ཞིག་ཕྱོགས་གཅིག་ཏུ་བཀོད་པ་རྫོགས་ལྡན་སྣང་བྱེད་ལ། 8

13 དཔལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱེད་ཚུལ་སྡིག་སྒྲིབ་དག་བྱེད་ལ། 2

14 གྲུབ་ཆེན་དར་མ་འོད་ཟེར་ལུགས་སྲོལ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་དམ་པའི་ཞལ་ལུང་ལ། 14

15 བླ་མའི་རྣལ་འབྱོར་དུ་མ་ཕྱོགས་བསྒྲིགས་སྐུ་བཞིའི་གྲོང་དུ་བགྲོད་པའི་ཐེམ་སྐས་ལ། 6

16 དཔལ་གསང་བ་འདུས་པའི་བདག་བསྐྱེད་ཤིན་ཏུ་བསྡུས་པ་བརྒྱུད་ལྡན་དམ་པའི་བཞེད་གཞུང་མཆོག་ཐུན་འདོད་རྒུའི་བུམ་བཟང་ལ། 4

17 ཛམྦྷ་ལའི་ཆེ་སྦྱིན་ལ། 1

18 བླ་མ་རྒྱང་འབོད་བྱིན་རླབས་མྱུར་གྲོལ་ལ། 3

19 བྱམས་མགོན་གྱི་ལོ་རྒྱུས་ལ། 3

20 ལྷག་པའི་ལྷ་མཚན་པདྨ་ཡང་གསང་ཁྲོས་པའི་སྒོ་ནས་ཚེ་ཡི་དངོས་གྲུབ་སྒྲུབ་པར་བྱེད་པའི་མན་ངག་མི་འགྱུར་རྡོ་རྗེའི་སྲོག་ཤིང་འཕོ་བྲལ་ཚེ་ཡི་མཆོག་སྦྱིན་ལ། 5

21 ཐེག་པ་ཆེན་པོའི་སེམས་བསྐྱེད་སྐབས་སུ་ཆོས་བཤད་ཇི་ལྟར་བྱ་བའི་ཚུལ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལ། 8

01062 ཁ་

1 དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་སུ་གཏོང་རྒྱུའི་རྗེ་ཙོང་ཁ་པའི་རྣམ་ཐར་ཉུང་བསྡུས་རྣ་བའི་བཅུད་ལེན་ཐོས་པའི་དོན་ལྡན་ཞེས་བྱ་བ་ལ། 4

2 རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བསྙེན་ཡིག་རབ་གསལ་ཤེལ་དཀར་མེ་ལོང་ལ། 13

3 འཕགས་པ་གཙུག་ཏོར་དྲི་མེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཟབ་མོ་ལ། 4

4 མཚུངས་བྲལ་མཁས་བཙུན་ཆེན་པོ་བློ་བཟང་སྦྱིན་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་མཐུ་རིན་ཆེན་འདྲེན་པའི་ཤིང་རྟ་ལ། 3

5ཞྭ་སེར་ཅོད་པན་འཆང་བ་རྣམས་ཀྱི་ཆ་ལུགས་དང་ཡོ་བྱད་འགའ་ཞིག་གི་རྒྱུ་མཚན་ཉུང་ངུར་གླེང་བ་ལ། 6

6 ཐར་པ་ཆེན་པོའི་མདོ་སྡེ་རིན་པོ་ཆེའི་བཀླག་ཆོག་མདོར་བསྡུས་ལ། 3

7 བཅོམ་ལྡན་འདས་པདྨ་ཡང་གསང་ཁྲོས་པའི་སྒོ་ནས་གནས་ལུང་གི་ཆོ་ག་ཇི་ལྟར་བྱ་བའི་ཚུལ་ལ། 15

8 དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་རྒྱས་པ་མ་གྲུབ་པའི་ཚེ་ཁྱེར་བདེ་བ་བྱ་ཚུལ་ལ། 3

9 དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཁྱེར་བདེ་བྱད་མ་གསོད་པའི་ལག་ཆ་ལ། 2

10 འཇམ་སྡུད་སྨོན་གསུམ་བཀླག་པའི་མན་ངག་ལ། 4

11 སྦྱོར་ཆོས་བྱ་ཚུལ་མདོར་བསྡུས་ཁྱེར་བདེ་དམ་པའི་ཞལ་ལུང་ལ། 3

12 རྗེ་བཙུན་ཡབ་གཅིག་འཇམ་དཔལ་དབྱངས་སྒྲུབ་པའི་ཐབས་འཇམ་མགོན་དགྱེས་པའི་རོལ་མཚོ་ལེགས་བཤད་ས་ཧྭ་ཀ་རིའི་མེ་ཏོག་ལ། 7

13 སངས་རྒྱས་གཉིས་པ་ཨོ་ལྡན་ཆེན་པོའི་སྐུ་ཡིད་ལ་བྱ་ཚུལ་གསལ་བར་བཀོད་པ་ལ། 3

14 འགྲོ་བའི་ལོ་ཏོག་སྲུང་བ་ལ་མཆོག་ཏུ་ཕན་པའི་སེར་སྲུང་དཔལ་ཆེན་རྟ་མགྲིན་ཡང་གསང་ཁྲོས་པ་ལ་བརྟེན་ནས་ཇི་ལྟར་བྱ་བའི་ཚུལ་ལ། 13

15 རྡོ་རྗེ་རྣམ་འཇོམས་ཀྱི་སྒོ་ནས་རྐང་བཞི་རྟ་ནོར་དང་བཅས་པའི་ཕྲ་ཁང་སོགས་ལ་ཁྲུས་ཇི་ལྟར་བྱ་བའི་ཚུལ་ལ། 5

16 རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བརྟེན་པའི་འཕོ་བ་བདེ་ལྡན་ཞིང་གཡུ་ལོ་བཀོད་དུ་བགྲོད་པ་ལ། 3

17 ཞུ་འཕྲིན་གྱི་རིམ་པ་དང་ཡིག་བསྐུར་གྱི་ཆེ་བརྗོད་ཚིགས་སུ་བཅད་པ་ཉུང་ངུ་དང༌།དེབ་ཀྱི་མགོན་ལྡན་སོགས་དཀྱུས་གཅིག་ཏུ་བཀོད་པ་ལ།7

18 རྒྱལ་བ་འོད་དཔག་མེད་ཀྱི་སྒྲུབ་ཐབས་བདེ་ཆེན་ཞིང་དུ་བགྲོད་པའི་ཐེམ་སྐས་ལ། 5

19 མཆོད་རྟེན་བརྒྱ་རྩ་གདབ་པའི་ཆོ་ག་དྲི་མེད་ལམ་འཇུག་སྙིང་པོ་ལ། 8

20 བཟང་སྤྱོད་ཉལ་སྒོམ་དུ་གྲགས་པའི་གདམས་པ་གོ་བདེར་བཀོད་པ་ལེགས་བཤད་སྙིང་གི་ནོར་གཅིག་ལ། 7

21 གསུང་མགུར་གྱི་རིམ་པ་དུ་མ་ཕྱོགས་གཅིག་ཏུ་བཀོད་པ་ངེས་འབྱུང་དར་ཆེན་དཀར་པོ་ལ། 12

22 གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་བྱིན་རླབས་ཉིན་གཅིག་ལ། 23

23 འཕགས་མཆོག་ཕྱུག་ན་པདྨོའི་སྒོ་ནས་སད་སེར་སྲུང་བའི་མན་ངག་དོན་ཚང་རྡོ་རྗེ་ལ། 4

24 མགར་མགོན་བདེ་བ་ཆེན་པོའི་གླིང་གི་རྟེན་དང་བརྟེན་པར་བཅས་པའི་ལོ་རྒྱུས་དཀར་ཆག་གསལ་བར་བཀོད་པ་ལ། 18

25 བླ་མའི་ཐུགས་རྗེ་སྐུལ་བའི་གསོལ་འདེབས་ཐར་པའི་ལམ་བཟང་ལ། 2

26 ནོར་གྱི་དབང་ཕྱུག་ཛམྦྷ་ལ་སེར་པོ་སྒྲུབ་པའི་མན་ངག་མདོ་ཙམ་བཀོད་པ་ལ། 3

27 གྲུབ་ཆེན་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ལ། 5

28 འཕགས་པ་རྒྱལ་བ་རྒྱ་མཚོ་གཙོ་རྐྱང་སྒྲུབ་པའི་ཚུལ་གྱི་རྒྱུན་ཁྱེར་དང༌།བསྙེན་པ་ཇི་ལྟར་བྱ་བའི་ཚུལ་བཅས་གསལ་བར་བཤད་པ་མཁས་གྲུབ་དམ་པའི་ཞལ་ལུང་ལ། 9

29 རྗེ་བཙུན་བླ་མ་དཔལ་ལྡན་ཚེ་རིང་རྒྱ་མཚོའི་སྐྱེས་ཕྲེང་གསོལ་འདེབས་དང༌།བླ་མ་རྒྱང་འབོད་སོགས་གསོལ་འདེབས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་ལ། 9

30 འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱུད་སྐྱེ་བཀླག་ཐབས་ངོ་མཚར་སྣང་བ་ལ། 4

31 སྡེ་ལྔའི་ལྟུང་བ་བཤགས་པར་བྱ་བའི་ཚུལ་དང༌།མནའ་བཤགས་བསྡུས་པ་ཉེས་སྡིག་བཅས་ལ། 4

32 གསེར་སྐྱེམས་འབུལ་ཚུལ་གྱི་རིམ་པ་ཕྱོགས་བསྒྲིགས་འཕྲིན་ལས་མྱུར་མགྱོགས་ལ། 4

33 བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས་མང་པོ་ཕྱོགས་གཅིག་ཏུ་བཀོད་པ་ལ། 7

34 བྱམས་ཆེན་ཆོས་རྗེའི་རྣམ་ཐར་ཉུང་ངུ་སྙན་འགྱུར་དཔྱིད་ཀྱི་དཔལ་མོའི་སྒྲ་དབྱངས་ལ། 3

35 ཟབ་ལམ་འཕོ་བའི་གདམས་པ་ལེ་ཚན་གཉིས་ཕྱོགས་གཅིག་ཏུ་བཀོད་པ་ལ། 4

36 བཅོམ་ལྡན་འདས་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་དམིགས་པ་བྱ་ཚུལ་དང༌།འཕགས་མ་ལ་བརྟེན་པའི་སྲུང་འཁོར་འབྲི་སྒྲུབ་སོགས་ཇི་ལྟར་བྱ་བའི་ཚུལ།རྒྱལ་བ་གཉིས་པ་ཀླུ་སྒྲུབ་ཀྱི་ཞལ་ལུང་འདོད་དོན་གཏེར་སྒྲུབ་མ་བཅས་ལ། 9

37 ལྷ་ཆེན་སྲིད་སྤངས་རྡོ་རྗེ་ལ་མཆོད་བསྟོད་བྱ་ཚུལ་ལ། 14

38 འགྲོ་བའི་ལོ་ཏོག་འཕེལ་བྱེད་སེར་སྲུང་གནམ་ལྕགས་གུར་ཁང་རྡོ་ཆར་གཏོར་བའི་རྡོ་རྗེའི་འཕྲུལ་སྒྱོགས་ལ། 5

39 གསོལ་འདེབས་ལ། 1

40 གསུར་གཏོང་ཚུལ་མདོར་བསྡུས་ལ། 1

41 མཁའ་སྤྱོད་མའི་བདག་བསྐྱེད་རྒྱུན་ཁྱེར་མདོར་བསྡུས་ལ། 3

42 དམ་པའི་ཆོས་ལ་བསྐུལ་བའི་མགུར་མ་འགའ་ཙམ་ཕྱོགས་བསྒྲིགས་བགྱིས་པ་ལ། 11

43 དཔལ་གསང་བ་འདུས་པ་དང་དུས་ཀྱི་འཁོར་ལོའི་སྨོན་ལམ་ཉུང་བསྡུས་དོན་ཚང་དུ་བཀོད་པ་ལ། 4

44 དཔལ་རྡོ་རྗེ་སེམས་དཔའི་བསྙེན་པ་ཇི་ལྟར་བྱ་བའི་ཚུལ་ཞིབ་ཏུ་བཤད་པ་ལ། 9

45 སྔོན་འགྲོའི་ཆོས་ཀྱི་གཏམ་དུ་བྱ་བ་མདོར་བསྡུས་ངེས་འབྱུང་ལ། 5

46 གཅོད་ཀྱི་ཉམས་ལེན་མདོར་བསྡུས་ཚོགས་གཉིས་རིན་ཆེན་ལ། 4

47 ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་ཆེན་པོ་ངག་དབང་བློ་བཟང་འཇམ་དཔལ་རྣམ་རྒྱལ་དཔལ་བཟང་པོ་ལ་གསོལ་འདེབས་བྱ་ཚུལ་ལ། 5

48 གསས་མཁར་གྱི་ཆོ་ག་བདེ་ལེགས་ཀུན་འབྱུང་ལ། 5

49 དཔལ་ལྡན་ཆོས་ཀྱི་སྒྲོལ་མ་འཁོར་བཅས་དགྱེས་བསྐྱེད་བསྐང་མདོས་ཕྱོགས་བསྒྲིགས་ལ། 13

50 དམ་པའི་ཆོས་ལ་བསྐུལ་བའི་བསླབ་བྱ་ཤུགས་འབྱུང་སྐྱོ་སྒྲའི་ཕྲེང་བ་དམ་པ་མཉེས་པའི་མཆོད་སྤྲིན་སོགས་གསུང་མགུར་བསླབ་བྱའི་རིམ་པ་དུ་མ་དཀྱུས་གཅིག་ཏུ་བཀོད་པ་ལ། 12

51 བློ་སྦྱོང་བཀླག་ཆོག་སོགས་གསུང་ཐོར་བུ་ཕྱོགས་བསྒྲིགས་པ་ལ། 9

52 བསྟན་པའི་སྲུང་མ་འགའ་ཞིག་ལ་གཏོར་མ་འབུལ་བའི་ཚུལ་དུ་མ་དང༌།

གཟའ་ནད་ལས་གྲོལ་བའི་འདོད་གསོལ་བཅས་ཕྱོགས་གཅིག་ཏུ་བཀོད་པ་ལ། 6

53 འཛམ་གླིང་སྐྱེས་མཆོག་རིན་པོ་ཆེའི་འཁོར་དང་བཅས་པ་ལ་མཆོད་བསྟོད་ཆོ་ག་དངོས་གྲུབ་འདོད་འཇོ་ལ། 18

54 དཔལ་ལྡན་ལྷ་མོའི་བསྐང་བ་དང་ལྷུག་གསོལ་དོན་ལྡན་ལྷའི་ཞབས་བསིལ་ལ། 7

55 གསུང་ཐོར་བུའི་སྐོར་འགའ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 4

56 རྗེ་བཙུན་རྣལ་འབྱོར་མ་ཞལ་གཉིས་པའི་སྒྲུབ་ཐབས་ཉུང་ངུ་མཁའ་སྤྱོད་གྲོང་དུ་བགྲོད་པའི་ཐེམ་སྐས་ལ། 5

57 འཇམ་མགོན་སྒྲུབ་པའི་མན་ངག་བློ་གྲོས་མཆོག་གྲོལ་ལ། 6

58 ཚོགས་མཆོད་འབུལ་བའི་ཚུལ་བདུད་རྩིའི་རྒྱ་མཚོ་ལ། 3

59 དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་བརྟེན་པའི་དགྲ་བགེགས་ཕྱེ་མར་འཐག་པའི་གནམ་ལྕགས་རལ་གྲི་ལ། 6

60 གུ་ར་ཝ་ཡི་རྣལ་འབྱོར་ལ། 1

61 གསོལ་འདེབས་ལ། 1

62 བསྟན་སྲུང་དབྱིངས་ཕྱུག་མའི་ལྷུག་གསོལ་བསྡུས་པ་དང༌།སྒྲོལ་མའི་བསྟོད་སྒྲུབ་བརྒྱ་དུང་གཏོང་ཚུལ་གྱི་དམིགས་པ་བྱ་བའི་རིམ་པ་བཅས་པ།3

63 གཏོར་མ་འབུལ་བའི་རིམ་པ་དུ་མ་ཕྱོགས་གཅིག་ཏུ་བཀོད་པ་ཆོས་ལྡན་འཕྲིན་ལས་ལ། 8

64 ཀུན་སློང་དང་བསྔོ་བ་ཇི་ལྟར་བྱ་བའི་ཚུལ་རྒྱལ་སྲས་སྨོན་ལམ་ལ། 3

65 འཕགས་མ་ཉི་སྦས་ལུགས་ཀྱི་ཚོགས་འཁོར་བདུད་རྩིའི་སྤྲིན་ཕུང་ལ། 3

66 འཛམ་ཉག་མཆོད་སྡོང་ཆེན་མོའི་དཀར་ཆག་དང་སྐོར་ཚད་ཞིབ་ཏུ་བཀོད་པ་ཚངས་པའི་སྒྲ་སྙན་ལ། 11

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།རོང་ཐ་བློ་བཟང་ཆོས་འབྱོར་དོན་གྲུབ་ནི་སྨད་མདོ་ཁམས་ཀྱི་ཆར་གཏོགས་པའི་འབྲི་ཟླ་ཟལ་མོ་སྒང་རྒྱལ་བཟང་གི་འབྲོག་སྡེར་ཡབ་བཀྲ་ཤིས་དཔལ་ལྡན་དང༌།ཡུམ་སྨན་ལྷ་ཚེ་རིང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་མོ་སྦྲུལ་1857 ལོ་ལ་འཁྲུངས།དགུང་ལོ་དྲུག་ལ་ཕེབས་སྐབས་རྗེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་གྱིས་གདན་ས་རོང་ཐ་རྭ་ཉག་ཐེག་ཆེན་གླིང་དུ་གདན་དྲངས་ཏེ་ཁྲི་ལ་གསོལ།དེ་ནས་རྗེ་བླ་མ་རྒྱལ་མཚན་བཟང་པོ་ཡོངས་འཛིན་དུ་བསྟེན་པར་མཛད།རྗེ་བློ་བཟང་འཕྲིན་ལས་རྒྱལ་མཚན་མཆོག་ནས་གཙུག་ཕུད་བཞེས་པ་དང༌།དགེ་བསྙེན་དུ་བསྒྲུབས་ནས་མཚན་ལ་བློ་བཟང་ཆོས་འབྱོར་དོན་གྲུབ་ཅེས་གསོལ།ལོ་གསུམ་གྱི་རིང་ལ་ཡོངས་འཛིན་ཉིད་ནས་ཀ་ཁ་ཀློག་སློབ་མཛད།དགུང་ལོ་བཅུ་ལ་ཕེབས་སྐབས་ཡོངས་འཛིན་རྗེ་འཕྲིན་ལས་རྒྱལ་མཚན་གྱི་དགོངས་རྫོགས་ཀྱི་ཆེད་དབུས་གཙང་དུ་ཕེབས།རྒྱལ་དབང་ཐམས་ཅད་མཁྱེན་པ་འཕྲིན་ལས་རྒྱ་མཚོ་དང༌།པཎ་ཆེན་ཐམས་ཅད་མཁྱེན་པ་མཇལ།ཁྱབ་བདག་འཇོག་རི་པ་ཆེན་པོ་དང་ཀེའུ་ཚང་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་ཡེ་ཤེས་གཉིས་ཀྱི་དྲུང་དུ་གསང་བདེ་འཇིགས་གསུམ་གྱི་དབང་ལུང་དུ་མ་གསན།དགུང་ལོ་བཅུ་གཅིག་ལ་ཕེབས་སྐབས་ཕུར་བུ་ལྕོག་བྱང་ཆེབ་གླིང་དབེན་གནས་སུ་བྱམས་མགོན་བླ་མ་རིན་པོ་ཆེའི་དྲུང་ནས་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་དང་བཅས་པའི་སྡོམ་པ་བཞེས།མཚན་ཡང་སྔར་ཡོད་ཀྱི་གོང་དུ་བྱམས་པ་ཞེས་སྣོན་པ་ཙམ་ལས་གཞན་སོར་བཞག་མཛད་དེ་ཕ་ཡུལ་ཕྱོགས་སུ་འབྱོན།དགུང་ལོ་བཅུ་གསུམ་ལ་ཕེབས་དུས་ཀོ་རྫོང་གི་པན་ཌི་ཏ་དྰ་ནའི་མཚན་ཅན་སྤྱན་དྲངས་ཏེ་སྙན་ངག་

སུམ་རྟགས་དང་བརྡ་གསར་རྙིང་ལ་སོགས་རིག་པའི་གནས་ལ་གསན་སྦྱངས་མཛད།དགུང་ལོ་བཅུ་དྲུག་ལ་དཔལ་སྤུངས་དགོན་དུ་ཕེབས།ཡང་དབེན་དུ་བསྟན་པའི་རྩ་ལག་དམ་པ་མཧྰ་པན་ཌི་ཏ་ཆེན་པོ་རྗེ་ཀོང་སྤྲུལ་རིན་པོ་ཆེ་མཇལ་བར་ཕེབས།དགུང་ལོ་བཅུ་བདུན་ལོར་སླར་ཡང་དཔལ་སྤུངས་དགོན་དང་དྲན་ཐང་སོགས་ལ་གནས་མཇལ་ཞིང་དེ་ནས་རྭ་ཉག་ཏུ་ཕྱུག་ཕེབས་ཏེ།རེ་ཞིག་སྐུ་མཚམས་སུ་བཞུགས།དགུང་ལོ་བཅུ་དགུར་དབུས་སུ་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་སུ་ཕེབས།ལྷ་རམས་པའི་དམ་བཅའ་སོགས་ལ་ཕེབས།ལོ་དེའི་ཟླ་བ་གཉིས་པར་རྗེ་བློ་གྲོས་མཐའ་ཡས་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།དགུང་ལོ་ཉི་ཤུ་རྩ་དྲུག་ལ་རྭ་ཉག་དགོན་གྱི་བྱམས་ཁང་དང་ཕོ་བྲང་ཞིག་གསོ་གནང༌།དགུང་ལོ་སུམ་ཅུར་ཕེབས་སྐབས་རྗེ་བླ་མ་དངུལ་ཆུ་པ་ཆེན་པོར་བསྟོད་པ་ཀུན་ཏུ་བཟང་པོའི་འཁོར་ལོ་བརྩམས་པར་མཛད།དེ་ནས་དགུང་ལོ་ཞེ་ལྔ་བར་དབུས་གཙང་དུ་ཐེངས་ཁ་ཤས་ཕེབས་རྗེས་གཙོ་བོར་སྐུ་མཚམས་སུ་སྒྲུབ་པ་སྙིང་པོར་མཛད།དགུང་ལོ་ཞེ་ལྔ་ལྕགས་གླང་1901 ལོར་སྐུ་གཤེགས།གསུང་འབུམ་པོད་གཉིས་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།