གསེར་ཀོང་ངག་དབང་ཚུལ་ཁྲིམས་དོན་ལྡན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 10:04:10     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་གྲངས།

01060

ཀབདེ་གསང་འཇིགས་གསུམ་གྱི་བསྙེན་ཆེན་སོགས་ཀྱི་སྔོན་འགྲོའི་རིམ་པ་རྣམས་བླ་མཆོད་བདེ་སྟོང་དབྱེར་མེད་ཀྱི་

སྟེང་ནས་གསོག་ཚུལ་དངོས་གྲུབ་ཀུན་འབྱུང་ལ། 19

ཁའཇམ་མགོན་སྙན་བརྒྱུད་ཀྱི་མན་ངག་ཐུན་མོང་མ་ཡིན་པ་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་གསང་ཆེན་བཅུད་ཐིག་དངོས་གྲུབ་ནོར་བུའི་གཏེར་མཛོད་ལ། 16

གབྱིན་རླབས་ཆེས་མྱུར་བ་དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་བསྙེན་སྒྲུབ་སྐབས་ཉེ་བར་མཁོ་བའི་ལག་ལེན་རིམ་པར་བསྒྲིགས་པ་སྙན་བརྒྱུད་ནོར་བུའི་ཕྲེང་བ་ལ། 14

ངབདེ་མཆོག་ལྰུ་ཨི་པའི་ཆོ་ག་བསྡུས་པ་འདོན་ཚུལ་ནག་འགྲོས་སུ་བཀོད་པ་བདེ་ཆེན་འབྱུང་གནས་ལ། 24

ཅདཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་བུམ་སྒྲུབ་དང་དབང་བཞི་ལེན་ཚུལ་ཉེས་ལྟུང་དག་བྱེད་བདེ་ཆེན་བདུད་རྩིའི་ཆུ་རྒྱུན་ལ། 17

ཆདེའི་ཞི་བའི་སྦྱིན་སྲེག་ལ། 10

ཇདེའི་ཟུར་རྒྱན་བློ་གསར་དོན་གཉེར་ཅན་རྣམས་ལ་ཉེ་བར་མཁོ་བའི་ཕྲེང་བ་ལ། 5

ཉདེའི་བསྙེན་ཡིག་ཡང་གསལ་སྒྲོན་མེ་དང༌།བསྙེན་ཆེན་གྱི་ཐོ་ཡིག་བདེ་ཆེན་མཆོག་སྦྱིན་ལ། 11

ཏདེའི་མེ་ལྷའི་བསྙེན་པ་གཏོང་ཚུལ་བདེ་ཆེན་རབ་གསལ་ལ། 3

ཐདེའི་བཅུ་ཆའི་སྦྱིན་སྲེག་བྱེད་ཚུལ་ཡེ་ཤེས་རབ་འབར་ལ། 4

དབདེ་མཆོག་ལ་བརྟེན་པའི་བསྙེན་སྒྲུབ་སྦྲགས་མའི་ཆོ་ག་དངོས་གྲུབ་གཏེར་མཛོད་ལ། 7

ནདེའི་བཟླས་པ་རྫོགས་ནས་དངོས་གྲུབ་ཀྱི་རྫས་སྒྲུབ་ཚུལ་མཆོག་སྦྱིན་ལ། 3

པདེའི་ལྷ་དབང་དུ་བྱེད་པའི་བཅུ་ཆའི་སྦྱིན་སྲེག་མཆོག་ཐུན་དངོས་གྲུབ་ལ། 7

ཕདེའི་བཀའ་སྲུང་རྣམས་ཀྱི་གཏོར་འབུལ་འཕྲིན་བཅོལ་བྱེད་ཚུལ་འདོད་དོན་དོན་གྲུབ་དང་མཚམས་རྡོ་གཤེགས་གསོལ་བྱེད་ཚུལ་དགེ་ལེགས་དགའ་སྟོན་ལ། 7

བདེའི་སྨོན་ཤིས་ཚངས་དབྱངས་སྙན་པའི་སྒྲ་ལྡན་ཚངས་པའི་དཔལ་ཡོན་ལ། 9

དཀར་ཆག་ལ། 3

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།གསེར་ཀོང་ངག་དབང་ཚུལ་ཁྲིམས་དོན་ལྡན་ནི་ལྷ་སར་གོང་ས་སྐུ་ཕྲེང་བཅུ་པའི་ཡབ་གཞིས་གཡུ་ཐོག་པའི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་འབྲུག་1856 ལོ་ལ་འཁྲུངས།མཚན་ཡེ་ཤེས་འབར་ཞེས་བཏགས།ཆུང་ངུའི་དུས་སྐུ་གཟུགས་ཅོང་ཙམ་ཡིན་པ་དང༌།དགུང་ལོ་བཅུ་ལ་ཕེབས་སྐབས་དགའ་ལྡན་ཁྲི་ཆེན་ངག་དབང་ནོར་བུ་བསྟེན་ནས་སློབ་གཉེར་མཛད།དེ་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཆོས་ཞུགས་མཛད།གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་

མཛད།རྗེ་གསེར་ཁང་པ་དང༌།ཁྲི་ངག་དབང་ནོར་བུ།ཡོངས་འཛིན་བློ་བཟང་བསྟན་འཛིན།རོང་པོ་པན་ཌི་ཏ་དགེ་འདུན་རྒྱ་མཚོ།མཁས་དབང་ཀ་ས་ལྷ་རམས་པ།བྱང་རྩེ་ཆོས་རྗེ་བསྟན་འཛིན་རབ་རྒྱས་སོགས་བླ་མ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་ཟབ་ཆོས་རྣམས་གསན།དགུང་ལོ་ཉེར་བཞི་ལ་ལྷ་རམས་པའི་དམ་བཅའ་མཛད།ཁྲི་ཆེན་རིན་པོ་ཆེས་རྗེ་འདི་སྐུ་ཚེ་རིང་བ་དང༌།སྒྲུབ་པ་ལམ་ལྷོངས་པ།བསྟན་འགྲོའི་དོན་རྒྱ་ཆེན་པོ་འགྲུབ་པའི་དགོས་པ་དུ་མའི་ཆེད་རིག་མ་བསྟེན་དགོས་པའི་སྐོར་ལན་མང་གསུངས་མཐར་བཀའ་བཞིན་བསྒྲུབས།སྐབས་དེར་ཀྱི་བོ་དུ་མས་འཕྱ་སྨོད་སྣ་ཚོགས་བྱས་སྟབས་ཆོས་རྣམ་དག་ཅིག་བྱ་རྒྱུའི་རྐྱེན་དུ་གྱུར་ཏེ་ཕྱུག་རྫས་དང༌།ཁྱིམ་གཞིས་སོགས་གང་ལ་མ་ཆགས་པར་དབེན་གནས་སུ་བྱ་བྲལ་ལ་གཤེགས།ལོ་ཤས་སོང་རྗེས་གྲུབ་པའི་རྟགས་མངོན་སུམ་དུ་ཐོན་ནས་མཚན་ཆེར་གྱུར།དགུང་ལོ་བཞི་བཅུའི་ནང་འབྲུག་ཡུལ་དང་མོན་བཅས་པར་གདན་ཞུས་ཀྱིས་ཕེབས་ནས་བསྟན་པའི་དོན་རྒྱ་ཆེན་པོ་བསྒྲུབས།དགུང་ལོ་ཞེ་དགུ་ལོ་དབྱིན་ཇིའི་བཙན་འཛུལ་དམག་ལྷ་སར་ལྷགས།ལྷ་སར་མདོ་སྔགས་ཆོས་མང་དུ་གསོལ།དགུང་ལོ་རེ་གསུམ་ཐོག་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ནས་བཀྲ་ཤིས་ལྷུན་པོར་གདན་ཞུ་གནང་སྟེ་ཕར་ཚུར་ཆོས་བཀའ་གསན་རེས་གནང༌།དགུང་ལོ་རེ་གསུམ་ས་རྟ་1918 ལོ་ལ་གཤེགས།གསུང་འབུམ་པོད་གཅིག་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།