སྨན་རི་བ་བློ་བཟང་རྣམ་རྒྱལ་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 09:48:47     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

བྲིས་པོད།ཤོག་གྲངས།

01059

1 འདུ་ཤེས་གསུམ་པ་བློ་བཟང་རྣམ་རྒྱལ་གྱི་ངག་རྩོམ་རིམ་ཛར་རྡོ་རྗེ་འཆང་རྗེ་བླ་མར་གསོལ་འདེབས་དང་སྦྲགས་པའི་བསྟོད་པ་ལ། 4

2 དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ་བསྟོད་པ་རྔམས་པའི་འབྲུག་སྒྲ་ལ། 3

3 དཀོན་མཆོག་གསུམ་ལ་སྐྱབས་གནས་མ་ནོར་བར་བསྟོད་པ་ལ། 4

4 སྟོན་པ་ཐུགས་རྗེ་ཆེན་པོས་རྡོ་རྗེ་གདན་དུ་བདུད་བཏུལ་བ་བརྗོད་བྱར་བྱས་ནས་སྡེབ་སྦྱོར་རྒྱུན་ཆགས་དང་མཚུངས་པར་བསྟོད་པ་ལ། 2

5 རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་པ་ལི་ཁྲིའི་ཆེ་གཏེར་ལ། 2

6 ལྗོན་ཤིང་སྣ་ཚོགས་དང་ལྡན་པའི་ལྡུམ་རྭར་གློ་བུར་དྲན་ནས་བཀོད་པ་ལ། 2

7 བཅོམ་ལྡན་འདས་མ་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་མེ་ཏོག་གསར་བུའི་ཕྲེང་མཛེས་ལ། 4

8 ལྷ་ལྡན་གཙུག་ལག་ཁང་གི་རྟེན་གཙོ་ཇོ་བོ་ཤྰཀྱ་མུ་ནི་ལ་བསྟོད་པ་རྫོགས་ལྡན་སྦྱིན་པའི་རྔ་སྒྲ་ལ། 4

9 བཅོམ་ལྡན་འདས་རྗེ་བཙུན་རིག་བྱེད་མའི་བསྟོད་པ་ཁམས་གསུམ་དབང་འདུད་ལ། 4

10 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྟོགས་བརྗོད་དབྱངས་ཅན་འཕང་འགྲོའི་སྒྲ་དབྱངས་ལ།20

11 འཕགས་པའི་ཡུལ་གྱི་མཁས་པ་ཆེན་པོ་འཛམ་གླིང་མཛེས་རྒྱན་དྲུག་གི་ཡ་རྒྱལ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་བསྟོད་པ་ཐུབ་བསྟན་མཛེས་ལྡན་ལ། 3

12 ཕ་རོལ་པའི་བྱད་སྦེད་ལ་བརྟེན་ནས་ནད་ཀྱི་གདུང་སེལ་གསོལ་འདེབས་སུ་བྲིས་པ་ལ། 2

13 སྐྱེས་རབས་སོ་བཞིའི་བསྡུས་དོན་བཅུད་ལྡན་རོ་བརྒྱའི་སྙེ་མ་ལ། 4

14 རྗེ་བཙུན་ཙོང་ཁ་པ་ཆེན་པོར་བསྟོད་པའི་སྒོ་ནས་གསོལ་འདེབས་ལ། 4

15 དབེན་པ་ལ་འཇུག་པའི་གཏམ་ཞེས་བྱ་བ་ལ། 5

16 དབེན་གནས་དགའ་ལྡན་རྡོ་རྗེ་གདན་གྱི་གནས་བསྟོད་ལ། 3

17 དཔའ་ལྡན་ལྷ་མོ་དམག་ཟོར་རྒྱལ་མོར་ཀ་བཤད་ཀྱི་སྒོ་ནས་བསྟོད་པ་ལ། 2

18 འཇམ་དཔལ་གཤིན་རྗེ་གཤེད་སྐྱེ་བཀའ་སྡོད་དམ་ཅན་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་ཉམས་དགུའི་གར་རོལ་ལ། 3

19 དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོར་གསོལ་འདེབས་སྐུ་བཞིའི་གོ་འཕང་ཐོབ་ལུགས་ལ། 3

20 ཉམས་མྱོང་རྒན་པོའི་འབེལ་གཏམ་ལ། 4

21 སྨན་རི་སྐུ་མདུན་མཁན་ཆེན་ཉི་མ་བསྟན་འཛིན་ཧོར་ཡུལ་དུ་གདུལ་བྱར་ཕེབས་པའི་ས་ནས་ཆབ་ཤོག་གནང་ལན་རིག་པའི་འཁར་བ་ལ། 2

22 རྩེ་དྲུང་བསྟན་རྒྱས་ལགས་ནས་ཕྱུག་བྲིས་ཕེབས་ལན་ལ། 2

23 དངུལ་ཆུ་རི་ཁྲོད་ནས་ངེས་པ་དོན་གྱི་པན་ཌི་ཏ་ཆེན་པོ་བླ་མ་འཇམ་དབྱངས་ལགས་ནས་ཕྱུག་བྲིས་ཕེབས་ལན་ལ། 2

24 སྔོ་ལྗོངས་བླ་མ་དགེ་སློང་ཕུན་ཚོགས་ལགས་ནས་གསུང་བྲིས་ཕེབས་ལན་ལ། 2

25 སློབ་དཔོན་ཆེན་པོ་ཙན་ཌ་གོ་མིས་རྗེ་བཙུན་འཇམ་པའི་དབྱངས་མཇིང་ཡོན་མར་གྲགས་པ་ལ་བསྟོད་བ་མཛད་པའི་རྗེས་སུ་འསྤུངས་པ་ལ། 3

26 འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཆོས་རྒྱལ་དྲི་མེད་ཀུན་ལྡན་ལེགས་པའི་བློ་གྲོས་ཀྱི་རྟོགས་བརྗོད་བསྔགས་འོས་བསྔགས་པ་ལ། 51

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།སྨན་རི་བ་བློ་བཟང་རྣམ་རྒྱལ་ནི་གཙང་ཐོབ་རྒྱལ་སྨན་རིར་སྤྱི་ལོའི་དུས་རབས་བཅུ་དགུའི་དཀྱིལ་ཙམ་དུ་འཁྲུངས།སྐུ་གཞོན་དུས་བཀྲ་ཤིས་ལྷུན་པོར་ཆོས་ཞུགས་མཛད།རིག་གནས་སོགས་ལ་མཁས་པའི་གྲགས་པ་ཐོབ།པཎ་ཆེན་བསྟན་པའི་ཉི་མ་མཆོག་གི་མཆོད་དཔོན་མཁན་པོ་མཛད།དེ་རྗེས་པཎ་ཆེན་བསྟན་པའི་དབང་ཕྱུག་དགུང་ལོ་བཞི་སྟེ་1858ལོ་ལ་ཁོང་གིས་སྐྱབས་དབྱིངས་ཛ་སག་གི་ཕྱུག་ལས་ཐུགས་འགན་བཞེས།དེ་རྗེས་ངམ་རིང་ཆོས་སྡེའི་བྱམས་ཁང་སྟེང་ཤོད་དང༌།བླ་བྲང༌།ཆོས་ར།གྲྭ་ཤག་སོགས་ཉམས་གསོ་གསར་བསྐྲུན་དང༌།གསུང་རྟེན་བཀའ་འགྱུར་སོགས་གསར་བཞེངས་མཛད།ཁོང་གིས་སྐྱབས་དབྱིངས་ལོ་བརྒྱད་ཐུགས་འགན་བཞེས་ནས་སྤྱི་ལོ་1865 ལོ་སྐུ་ནའི་བབ་དང་བཅས་དགོངས་ཞུ་གནང་བ་ལྟར་ཟུར་བཞུགས་མཛད།དེ་ནས་ལོ་ཤས་རྗེས་སྐུ་གཤེགས་པ་ལས་མཛད་རྣམ་མེད་སྟབས་འདིར་ཞིབ་ཆ་མ་འཁོད།གསུང་འབུམ་པོད་གཅིག་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།