རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 09:40:27     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་གྲངས།

01046 ཀ་

1 ཡོངས་རྫོགས་བསྟན་པའི་མངའ་བདག་བཀའ་དྲིན་མཉམ་མེད་རྗེ་བཙུན་བློ་བཟང་ལུང་རིགས་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་དད་ལྡན་རྣ་བའི་བཅུད་ལེན་ལ། 199

2 སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་འཕྲིན་ལས་ཀྱི་རྣམ་ཐར་འཕྲོ་ཅན་ལ། 228

01047 ཁ་

1 ཁྱབ་བདག་འཁོར་ལོའི་མགོན་པོ་བཀའ་དྲིན་ཟླ་མེད་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་དཔལ་བཟང་པོའི་རྣམ་པར་ཐར་པ་ཀུན་བཟང་སྤྱོད་ཚུལ་གསལ་བའི་མེ་ལོང་ལ། 160

2 སྐུ་གསུང་ཐུགས་རྟེན་གསར་བཞེངས་ཀྱི་དཀར་ཆག་དང་ཞལ་བྱང་པར་སྨོན་བཤད་པ་འགའ་ཟུང་བཅས་ཕྱོགས་བསྡེབས་སུ་བཀོད་པ་བདེ་ལེགས་དགོས་འདོད་ཀུན་གྲོལ་ནོར་བུའི་གན་མཛོད་ལ། 138

3 མཉམ་མེད་ཐུབ་པའི་དབང་པོ་བསྐལ་བཟང་རྣམ་འདྲེན་སྟོང་དང་ལྷག་ལྷ་དུ་མས་བསྐོར་བའི་སྣང་བརྙན་གཙུག་ལག་ཁང་བཅས་གསར་བཞེངས་ཀྱི་དཀར་ཆག་ལེགས་བྱས་ཟད་མི་ཤེས་པའི་བང་མཛོད་ལ། 29

4 བཀའ་དྲིན་མཉམ་མེད་ཡོངས་འཛིན་པན་ཌི་ཏ་ནོ་མོན་ཧན་རྗེ་བཙུན་དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོའི་རིང་བསྲེལ་སྙིང་པོར་བཞུགས་པའི་གསེར་སྡོང་ནོར་འཛིན་མཛེས་ལྡན་གྱི་དཀར་ཆག་དུང་གི་སྒྲ་དབྱངས་ལ། 18

5སྒར་སྡེའི་དགོན་གསར་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་བཅའ་ཡིག་སྐལ་བཟང་འཇུག་ངོགས་སོགས་བཅའ་ཡིག་འགའ་ཞིག་ལ། 36

01048 ག་

1 རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ཐོབ་ཡིག་ནོར་བུའི་ཕྲེང་མཛེས་ལ། 91

2 རྗེ་བཙུན་བླ་མ་མཆོག་ནས་མཁས་པ་དང་གྲུབ་པའི་ཡོངས་འཛིན་དུ་མ་ལས་མདོ་སྔགས་ཟབ་རྒྱས་གདམས་པའི་བདུད་རྩི་ཇི་སྙེད་ཅིག་གསན་བཞེས་མཛད་ཚུལ་ཕན་བདེའི་རིན་ཆེན་འབྱུང་གནས་ལ། 202

3 བཤེས་གཉེན་དམ་པས་རྗེས་འཛིན་གྱི་སྨོན་ཚིག་སྐོར་འདོད་རྒུའི་གྲུ་ཆར་འཇོ་བའི་སྤྲིན་ཕུང་ལ། 14

4 སྐྱེས་ཆེན་དམ་པ་རྣམས་ཀྱི་ཡང་སྲིད་མྱུར་བྱོན་གསོལ་འདེབས་སྐོར་ཉམ་ཆུང་ཡིད་ཀྱི་གསོས་སྨན་ལ། 24

5 ལྷག་ལྷ་དུ་མའི་འདོད་གསོལ་བརྒྱུད་འདེབས་སྨོན་ལམ་སྣ་ཚོགས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་ནོར་བུའི་གཏེར་མཛོད་ལ། 20

6 སྐྱེས་ཆེན་དམ་པ་རྣམས་ཀྱི་ཞབས་བརྟན་གསོལ་འདེབས་སྐོར་དྲང་སྲོང་རྒན་པོའི་བདེན་ཚིག་ལ། 18

7 རང་གཞན་ཆོས་ལ་བསྐུལ་བའི་མགུར་དབྱངས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་སྐལ་བཟང་ཡིད་ཀྱི་གདུང་སེལ་ལ། 12

01049 ང་

1 བྱང་ཆུབ་བདེ་ལམ་གྱི་ཁྲིད་དམིགས་སྐྱོང་ཚུལ་ཤིན་ཏུ་གསལ་བར་བཀོད་པ་དགེ་ལེགས་འོད་སྣང་འགྱེད་པའི་ཉིན་བྱེད་ལ། 210

2 ལྷག་མཐོང་ཆེན་མོའི་དཀའ་གནད་རྣམས་བརྗེད་བྱང་དུ་བཀོད་པ་དགོངས་ཟབ་སྣང་བའི་སྒྲོན་མེ་ལ། 110

3 བློ་སྦྱོང་ཚིག་བརྒྱད་མའི་ཁྲིད་ཀྱི་ཟིན་བྲིས་སྐལ་བཟང་སྤྱི་ནོར་ལ། 13

4 ལྟ་ཁྲིད་དྲན་པ་བཞི་ལྡན་གྱི་ཟིན་བྲིས་ལེགས་བཤད་རིན་ཐང་མེད་པའི་ལྡན་ཕྲེང་ལ། 12

5 མེ་ཏོག་བཅུད་ལེན་གྱི་ཟིན་བྲིས་མདོར་བསྡུས་དཀའ་ཐུབ་སྤྱོད་པའི་ལྡན་ལ། 6

6 སྦྱོར་བའི་ཆོས་དྲུག་མདོར་བསྡུས་གནད་དོན་རབ་གསལ་ལ། 10

7 སྤྱོད་འཇུག་ཆེན་མོའི་ས་བཅད་འཕྲོ་ཅན་སོགས་གསུང་རྩོམ་སྣ་ཚོགས་པའི་སྐོར་ལ། 28

01050 ཅ་

1 མཁས་གྲུབ་བྱེ་བའི་གཙུག་ནོར་རྡོ་རྗེ་འཆང་པྲཛྙའི་མཚན་ཅན་ལས་མི་ཏྲའི་དབང་གསན་སྐབས་ཀྱི་ཟིན་བྲིས་དང༌།རྡོར་ཕྲེང་གི་ཟིན་བྲིས་འཕྲོ་ཅན་ཉིད་ཀྱི་ཕྱུག་བྲིས་ལས་བཤུས་པ་ལ། 61

2 རིན་འབྱུང་སོགས་རྗེས་གནང་དང་ལུང་འགའ་ཞིག་གསན་དུས་ཀྱི་རེག་ཟིག་ཕྱུག་བྲིས་ལས་བཤུས་པ་ལ། 37

3 རྔོག་དཀྱིལ་བདུན་ལས་མ་རྒྱུད་དཀྱིལ་འཁོར་དྲུག་དང་རྡོར་དབྱིངས་དབང་གི་བརྗེད་བྱང་གདུང་སེལ་བདུད་རྩིའི་ཁྲུས་རྫིང་ལ། 25

4སྣར་ཐང་བརྒྱ་རྩའི་རྗེས་གནང་གི་ཆོ་གའི་མཚམས་སྦྱོར་ནག་འགྲོས་སུ་བཀོད་པ་སོགས་བྱིན་རླབས་ཅན་འགའ་ཞིག་གི་ཁ་སྐོང་ལ། 27

5 བླ་མཆོད་དང་ཕྱག་ཆེན་སྦྲགས་པའི་ཁྲིད།སྒྲོལ་དཀར་ཚེ་ཁྲིད།མ་ནིང་ཧ་འདོན་ཁྲིད།མདོ་སྡེའི་ལྡན་གྱི་བཤད་ལུང་བཅས་གསན་པའི་རེག་ཟིག་ལ། 33

6 བླ་མ་མཆོད་པའི་ཆོ་ག་མདོར་བསྡུས་བསམ་འཕེལ་ནོར་བུའི་དོ་ཤལ་ལ། 4

7 རྗེ་བཙུན་རིག་བྱེད་མ་ལ་བརྟེན་ནས་ཚེ་ཡི་དངོས་གྲུབ་སྒྲུབ་པའི་ཆོ་ག་དགེ་ལེགས་ཆེ་གཏེར་སྤེལ་བའི་ཟླ་ཤེལ་ལ། 6

8 དཔལ་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་སྒྲུབ་ཐབས་མདོར་བསྡུས་བདུད་སྡེ་ཟིལ་གྱིས་གནོན་པའི་བཞད་སྒྲ་ལ། 8

9 འཁོར་ཆེན་གྱི་བརྒྱུད་འདེབས་དང་སྨོན་ཤིས་མདོར་བསྡུས་ལ། 2

10 དཔལ་མོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒྲུབས་ཐབས་རྒྱུན་ཁྱེར་དང༌།སྒྲོལ་མའི་མན་ཌལ་བཞི་པའི་ཆོ་ག་མདོར་བསྡུས་ལ། 2

11 རྡོ་རྗེ་མི་འཁྲུགས་པ་གཙོ་རྐྱང་གི་སྒྲུབ་ཐབས་མདོར་བསྡུས་ལ། 2

12 སྒྲོལ་མ་དཀར་མོའི་སྒོ་ནས་ཞབས་བརྟན་འབུལ་བའི་ཆོ་ག་ལ། 9

13 སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་ལས་བྱུང་བའི་ལྡན་རྣམས་ཀྱི་དཔེར་བརྗོད་ལེགས་བཤད་བདུད་རྩིའི་མཆོད་ཡོན་ལ། 39

14 སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་གི་ལྡན་རྣམས་ཀྱི་དོགས་གཅོད་འཕྲོ་ཅན་ལ། 37

15 རྒྱལ་དབང་སྲིད་ཞིའི་གཙུག་ལྡན་མཆོག་ལ་སྔ་ཕྱིར་སྤྲུལ་བ་སོགས་ཆབ་ཤོག་གི་སྐོར་འགའ་ཞིག་ལ། 24

16 ཡུལ་ལྷའི་རྒྱལ་པོ་གུར་ཁང་གི་གསོལ་མཆོད་དྲེགས་ལྡན་དགྱེས་པའི་དབྱངས་སྙན་སོགས་ལ། 5

17 གཤེད་དམར་ལྷ་བཅུ་གསུམ་གྱི་དབང་ཟིན་ལ། 21

18 བླ་མཆོད་ཁྲིད་དང་མདོ་ལྡན་གྱི་བཤད་ལུང་གསན་པའི་ཟིན་བྲིས་ལ། 33

19 པར་བྱང་སྨོན་ཚིག་ལ། 9

01051 ཆ་

1 དྲིན་ཅན་བླ་མ་མཆོག་གིས་མཛད་པའི་ཕར་ཕྱིན་ཟིན་ཐོ་གཞུང་ལུགས་རབ་འབྱམས་གསལ་བའི་མེ་ལོང་ལས་སྐབས་དང་པོའི་སྐོར་ལ། 222

2 སྐབས་གཉིས་པའི་སྐོར་ལ། 35

3 སྐབས་གསུམ་པའི་སྐོར་ལ། 21

4 སྐབས་བཞི་པའི་སྐོར་ལ། 122

01052 ཇ་

1 སྦྱ་ལུང་རྡོ་རྗེ་བྲག་ཏུ་སྡེ་སྣོད་རྒྱ་མཚོའི་མངའ་བདག་དགེ་བའི་བཤེས་གཉེན་ཆེན་པོ་སངས་རྒྱས་ཆོས་གྲགས་རིན་པོ་ཆེ་དང་བགྲོས་པའི་དབུ་མའི་ཐོ་དཀའ་གནད་སྦུབས་བརྒྱ་བཀྲོལ་བའི་ཉིན་བྱེད་བྱིན་རླབས་སྣང་བའི་གཏེར་མཛོད་ལ།184

2 ཕར་ཕྱིན་སྐབས་དང་པོའི་དཀའ་གནད་འགའ་ཞིག་ལ་དགོངས་གཞིགས་ཞིབ་ཏུ་མཛད་པའི་དཔྱད་ཐོ་མི་བསྙེལ་དྲན་གསོའི་ཐོ་ཡིག་སྦྱོངས་པའི་དྲི་མ་དག་བྱེད་བདུད་རྩིའི་བུམ་བཟང་ལ། 43

3 དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལས་བརྩམས་པའི་ཟིན་བྲིས་བཅོམ་ལྡན་ཡིད་ཀྱི་མུན་སེལ་ལ། 113

4 ཕར་ཕྱིན་ཟུར་བཀོལ་ལས་དགེ་འདུན་ཉི་ཤུ།རྟེན་འབྲེལ།དྲང་ངེས་ཞལ་ཐོ་ཁོར་ཁོང་ཅན་རྣམས་ཀྱི་རེག་ཟིག་དཀའ་གནད་གསལ་བའི་རིན་ཆེན་སྒྲོན་མེ་ལ། 83

01053 ཉ་

1 ཆེ་བ་བཞི་ལྡན་བྱང་ཆུབ་ལམ་རིམ་ཆེན་མོའི་ཟིན་བྲིས་དང༌།ཆེ་འབྲིང་གི་དཀའ་གནད་གཞུང་གུང་བསྒྲིགས་ཀྱིས་དགོངས་དཔྱད་དང་དགེ་བཤེས་མཁས་པ་དུ་མར་འཕྲོས་པ་གནང་བའི་ཞལ་ཐོ་ནོར་བུའི་གཏེར་མཛོད་ལ། 316

2 བདེན་གཉིས་ཀྱི་ཞལ་ཐོ་གྲུབ་མཐའ་རྣམ་བཞིའི་ལམ་བཟང་གསལ་བའི་རིན་ཆེན་སྒྲོན་མེ་ལ། 48

3 རྒྱུད་བླ་དར་ཊཱིཀ་དང༌།ཀུན་བཏུས་དར་ཊཱིཀ་གཉིས་ཀྱི་ཟིན་བྲིས་དགོས་འདོད་གཏེར་གྱི་བུམ་བཟང་ལ། 57

4 ཟབ་ལམ་དབུ་མའི་ལྟ་བ་རྟོགས་པའི་མན་ངག་གསལ་བའི་ཉིན་བྱེད་ལ། 6

01054 ཏ་

1པྲཛྙ་ཞབས་ལས་བདེ་ལམ་རྒྱས་བསྡུས་གཉིས་དང༌།འཇམ་དཔལ་ཞལ་ལུང་རྗེ་ཨ་རྡོ་ལས་མྱུར་ལམ་དང༌།བླ་མཆོད་ཁྲིད་གསན་པའི་ཞལ་ཐོ་བཅས་ལ། 101

2 ལྷག་མཐོང་ཐོ་སྔ་མ་ཤོག་དྲིལ་གསུམ་དང༌།དཀའ་གནད་ལ་དཔྱད་པའི་ཐོ་གསར་ཤོག་དྲིལ་གཅིག་བཅས་ལ། 30

3 གཞུང་ཐོ་ཐར་ཐོར་དང་བཤད་ལུང་དང་ཁྲིད་ཀྱི་སྐོར་ཕྱོགས་བསྡེབས་བྱས་པ་ལ། 109

4 གཤེད་དམར་ལྷ་བཅུ་གསུམ་མ་སོགས་ཟུར་བཀའི་དབང་འགའ་དང༌།སྤྱོད་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གི་གསན་ཐོ་ལ། 60

5 དབྱངས་ཅན་སྒྲ་མདོའི་ཐོ་ཤོག་དྲིལ་ཕྱེད་དང་ལྔ།དཔྱད་ཐོ་ཤོག་དྲིལ་ཕྱེད།སྙན་ངག་དཔེར་བརྗོད་ཤོག་དྲིལ་ལྔ།ཉིད་ཀྱི་

སྒྲ་ལྡན་བཀྲོལ་མཐོའི་ཤོག་དྲིལ་བཅས་ལ། 80

6 སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མན་ངག་ལྷན་ཐབས་ཀྱི་ཟིན་བྲིས་ལ། 65

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་ནི་མདོ་སྨད་དུ་ཡབ་པད་མིག་དང༌།ཡུམ་མ་ཅིག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་ཆེ་བྱི་1852 ལོ་ལ་འཁྲུངས།དགུང་ལོ་བཞི་ལ་ལ་མོ་བདེ་ཆེན་དགོན་དུ་དགེ་བཤེས་རོང་པོ་ཨ་ལགས་བསྟེན་ནས་ཀློག་བསླབ།ཆོས་སྤྱོད་སོགས་བློར་འཛིན།དགུང་ལོ་བརྒྱད་ལ་རྗེ་ཐར་ཤུལ་རིན་པོ་ཆེའི་དྲུང་ནས་རབ་ཏུ་བྱུང༌།བདེ་ཆེན་དགོན་དུ་ཞུགས་ནས་མདོ་སྔགས་ལ་གསན་བསམ་ཡང་དག་པར་མཛད།

དགུང་ལོ་བཅུ་དྲུག་ནས་བླ་གཞུང་གི་དྲུང་ཡིག་མཛད།དགུང་ལོ་ཉེར་བདུན་ལ་ཁུ་ལུགས་དགེ་བཤེས་ཉི་མ་རིན་པོ་ཆེའི་དྲུང་དུ་བསྙེན་རྫོགས་བསྒྲུབས།དགུང་ལོ་སོ་བཞི་ལ་ར་རྒྱ་དགོན་དུ་དམ་བཅའ་འཇོག་པར་མཛད།

དགུང་ལོ་ཉེར་དགུ་ནས་དགུང་ལོ་ལྔ་བཅུ་བར་སྐུ་མཚམས་ལ་བཞུགས།དགུང་ལོ་ང་གཅིག་ལ་ཐར་ཤུལ་རིན་པོ་ཆེའི་གསུང་འབུམ་དཀར་ཆག་གསར་རྩོམ་གནང༌།

དགུང་ལོ་ང་བདུན་ས་ཕག་ལོར་ཆོས་སྡེ་ཆེན་པོ་ལ་མོ་བདེ་ཆེན་དགོན་པར་བརྒྱུན་ཇའི་ཐེབས་བཙུགས།འགྲོ་མགོན་ཤིང་བཟའ་རིན་པོ་ཆེའི་རྣམ་ཐར་བཀའ་རྩོམ་མཛད།རྒྱལ་བ་ཐུབ་བསྟན་རྒྱ་མཚོར་གསུང་ཆོས་ཀྱང་གནང་༌།

ཞྭ་དམར་ལམ་རིམ་སོགས་ལྗགས་རྩོམ་མཛད།དགུང་ལོ་རེ་གཅིག་ཆེ་བྱི་1912 ལོར་སྐུ་གཤེགས།འདིར་གསུང་འབུམ་པོད་དགུ་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།