རབ་འབྱམས་པ་ངག་དབང་ཐུབ་བསྟན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 09:37:25     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་བོད།ཤོག་གྲངས།

01035 ཀ་

1 བན་གཟུགས་གྱི་ན་བ་ཞིག་གི་དམ་པའི་ཆོས་ཐོས་ཚུལ་བདུད་རྩིའི་རྒྱུན་བཟང་ལ། 37

2 ཤོག་གཅིག་མ་ལ། 1

3 གྱི་ན་བ་ཞིག་གི་ཆོས་ཐོས་པའི་ཐོབ་ཡིག་ལ། 38

4 གསན་ཡིག་ལ། 2

5 དགེ་བསྔོ་ལ། 2

6 གྱི་ན་བ་ཞིག་གི་ཆོས་ཐོས་པའི་ཐོབ་ཡིག་ལ། 36

7 གསང་སྔགས་ལམ་གྱི་བགྲོད་ཚུལ་མདོ་ཙམ་བརྗོད་པ་ལ། 11

8 གྲུབ་དབང་སྟག་ཕུའི་སྤྲུལ་སྐུའི་རྣམ་ཐར་ལ། 14

9 མཁས་གྲུབ་ཆེན་པོ་གཉིས་ཀྱི་རྣམ་ཐར་ལ། 8

10 པཎ་ཆེན་བསོད་གྲགས་ཀྱི་རྣམ་ཐར་དད་པའི་རོལ་མཚོ་ལ། 7

11 བསྟན་པའི་གསེལ་བྱེད་རྒྱལ་ཁང་རྩེ་རྗེ་བློ་བཟང་དཔལ་འབྱོར་དོན་གྲུབ་ཀྱི་རྣམ་ཐར་ལ། . 39

12 མཆོག་སྤྲུལ་མ་ཏི་པ་གྷི་ཨེར་ཏི་ནི་ཡེ་ཕོ་ཀོ་སན་ཧོ་ཐོག་ཐུ་བློ་བཟང་བསམ་གྲུབ་ཀྱི་རྣམ་ཐར་ནོར་ཕྲེང་ལ། 38

13 དེའི་རྣམ་ཐར་ཁ་སྐོང་པད་དཀར་ཤེལ་ཕྲེང་ལ། 11

14 བསྟན་བཅོས་མངོན་རྟོགས་ལྡན་གྱི་འགྲེལ་པ་སྔོན་འགྲོའི་རྣམ་གཞག་ལ། 28

15 བླ་མ་རྣམས་ཀྱི་ཞལ་བཞེས་མན་ངག་བདུད་རྩི་ལ། 23

16 རྗེ་ཙོང་ཁ་པས་མཛད་པའི་སྙན་ངག་ནས་དྲངས་པའི་བློ་སྦྱོང་ལ། 6

17 ཟློས་གར་གྱི་བསྟན་བཅོས་ལ། 15

18 ནོར་ལྷ་འཁོལ་པོ་ཀུན་ཧ་ལའི་སྒྲུབ་ཐབས་ལ། 2

19 འཇམ་བཞད་ཀྱི་ཕར་ཕྱིན་སྐབས་དང་པོའི་འགྲེལ་པ་ལ། 34

20 སྐབས་གཉིས་པ་དང་སྐབས་གསུམ་པའི་འགྲེལ་པ་ལ། 15

21 སྐབས་བཞི་པའི་ཚིགས་བཅད་ཀྱི་འགྲེལ་པ་ལ། 18

22 སྐབས་ལྔ་པ་པའི་ཚིག་འགྲེལ་ལ། 6

23 སྐབས་དྲུག་པའི་ཚིག་འགྲེལ་ལ། 5

24 སྐབས་བདུན་པའི་ཚིག་འགྲེལ་ལ། 6

25 སྙན་ཤལ་དཀར་པོ་ལ། 2

26 སྐབས་བརྒྱད་པའི་ཚིག་འགྲེལ་ལ། 14

27 རྗེ་འཇམ་དབྱངས་བཞད་པས་མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་ཚིག་འགྲེལ་ཀུན་མཁྱེན་བླ་མའི་དགོངས་ལྡན་ལ།21

28 འཇམ་བཞད་ཀྱིས་མཛད་པའི་དངོས་བརྒྱད་དོན་བདུན་ཅུའི་རྣམ་བཞག་ཚིག་འགྲེལ་བློ་གསར་དགའ་བྱེད་ལ། 13

29 འཇམ་བཞད་ཀྱི་པར་ཕྱིན་མཐའ་དཔྱོད་མཆོད་བརྗོད་ཀྱི་འགྲེལ་པ་ལ། 21

30 རང་བཞིན་གྱི་ཚུལ་གསུམ་སྒྲུབ་བྱེད་ལ། 9

31 དབུ་མའི་མཐའ་དཔྱོད་སྲིད་ཞིའི་མཛེས་སྡུག་མའི་འགྲེལ་ཆུང་པད་དཀར་ཕྲེང་བ་ལ། 9

32 འཇམ་བཞད་ཀྱིས་མཛད་པའི་བསམ་གཟུགས་ཀྱི་རྣམ་གཞག་ལ། 17

33 ཤིང་རྟའི་སྲོལ་འབྱེད་ཀྱི་རྣམ་གཞག་ལ། 22

34 རྗེ་བཙུན་སྒྲོལ་མ་ལ་བརྟེན་པའི་མན་ངག་གཏེར་བུམ་སྒྲུབ་ཚུལ་ལ། 8

35 སྒྲོལ་མའི་སྒྲུབ་ཐབས་ལ། 2

36 སྒྲོལ་མའི་གསོལ་འདེབས་ལ། 4

37 སྒྲོལ་མའི་མན་ཌལ་བཞི་བའི་ཆོ་ག་ལ། 8

38 རྗེ་བཙུན་མ་ཕོངས་སེལ་སྒྲོལ་མ་ལ་བརྟེན་ནས་རང་གཞན་དབུལ་ཕོངས་སེལ་བའི་མན་ངག་ལ། 8

39 སྒྲོལ་མའི་སྒྲུབ་ཐབས་དང་འབྲེལ་བའི་ཚེ་སྒྲུབ་ལ། 3

40 སྒྲོལ་བསྟོད་ཉེར་གཅིག་གི་དག་འགྲེལ་བསྟོད་ཚུལ་དབུ་དཔལ་ཕྲེང་མཛེས་ལ། 5

41 སྒྲོལ་མ་ཕྱུག་འཚལ་ཉེར་གཅིག་གི་ཊིཀྐ་དང་སྒྲོལ་ལྗང་སྒྲུབ་ཐབས་ལ། 12

42 སྐུ་ལྔའི་ཐུགས་རྟེན་འཕྲིན་ལས་དོན་གྲུབ་ལ། 5

43 ཕྱུག་རྡོར་སྒོ་ནས་བཟློག་བསྒྱུར་བྱེད་ཚུལ་བདུད་དཔུང་འཇོམས་པའི་ཁྲོ་བོའི་གད་རྒྱངས་ལ། 10

44 ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གི་གདབ་ལས་བྱེད་ཚུལ་དགྲ་བགེགས་འཇོམས་པའི་རྡོ་རྗེ་ལ། 12

45 ཆོས་སྐྱོང་དྲེགས་ལྕམ་ལ་བརྟེན་ནས་གཏོར་སྒྲུབ་བྱེད་ཚུལ་ལ། 23

46 ཆོས་སྐྱོང་གཉིས་ལ་མཆོད་གཏོར་འབུལ་ཚུལ་ལ། 2

47 དམ་ཅན་ཆོས་རྒྱལ་སྒྲུབ་ཚལ་དོན་གྲུབ་ལ། 8

48 དཔལ་ལྡན་ལྷ་མོའི་བསྟོད་པ་ལ། 8

49 ཆོས་སྐྱོང་རྣམ་གཉིས་ཀྱི་འཕྲིན་བཅོལ་ཚིགས་བཅད་འགྲེལ་པ་པད་དཀར་ཆེན་པོ་ལ། 8

01036 ཁ་

1 ཁྱབ་བདག་འཁོར་ལོའི་མགོན་པོ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་སྐལ་བཟང་དད་པའི་

ཤིང་རྟ་ལ། 72

2 སྐྱབས་མགོན་རྗེ་བཙུན་དམ་པ་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་རྣམ་ཐར་མདོ་ཙམ་བཀོད་པ་པད་དཀར་ཕྲེང་

མཛེས་ལ། 9

3 སྐྱབས་མགོན་རྗེ་བཙུན་དམ་པ་བློ་བཟང་ཚུལ་ཁྲིམས་འཇིགས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་གསང་

བའི་རྣམ་ཐར་ལས་བརྩམས་པའི་བསྟོད་པ་དད་པའི་ཤིང་རྟ་ལ། 7

4 སྐྱབས་མགོན་དམ་པའི་འཁྲུངས་རབས་གསོལ་འདེབས་མདོར་བསྡུས་ལ། 2

5 རྗེ་བཙུན་དམ་པ་སྐུ་ཕྲེང་ལྔ་པ་པའི་རྣམ་ཐར་ཆང་ཆུང་ལ། 13

6 འཇམ་མགོན་བླ་མ་རྗེ་ཙོང་ཁ་པ་ལ་བསྟོད་པ་རྨད་བྱུང་དྲི་ཟའི་སྒྲ་དབྱངས་ལ། 22

6 ཆོས་སྡེ་ཆེན་པོ་ཤྲི་ཧ་དྷ་ན་ཀ་ཊ་ཀའི་བསྔགས་པ་མདོ་ཙམ་དུ་བརྗོད་པ་ངོ་མཚར་བུང་བའི་སྒྲ་དབྱངས་ལ། 3

7 རྟེན་འབྲེལ་བསྟོད་པ་ལེགས་བཤད་སྙིང་པོའི་ས་བཅད་ལ། 10

8 རྟེན་འབྲེལ་བསྟོད་པའི་འདོན་ཐབས་ལ། 3

9 བཀའ་པོ་ཏི་ལྔའི་གཞུང་ཆེན་རྣམས་སྐྱོར་སྦྱངས་བྱས་པའི་ཀློག་ཐབས་ཤེས་རབ་གསལ་བྱེད་ལ། 3

10 བསྟན་པའི་གཏད་རབས་བདུན་གྱི་བསྟོད་འགྲེལ་པད་དཀར་ཕྲེང་བ་ལ། 7

11 རྗེ་བཙུན་དམ་པ་ངག་དབང་ཆོས་ཀྱི་དབང་ཕྱུག་ཀྱི་གསུང་རྩོམ་ཀུན་དགའ་ར་བའི་ཕྲེང་བ་ལ། 3

12 འཇམ་དབྱངས་ཀྱི་་བསྟོད་པ་བྱིན་རླབས་ཅན་གྱི་འགྲེལ་པ་ཟླ་བའི་དགོངས་ལྡན་ལ། 13

13 གསོལ་འདེབས་ཞིང་མཆོག་སྒོ་འབྱེད་ལ། 4

14 ཚེ་སྒྲུབ་པའི་གདམས་པ་ཟབ་མོ་ལ། 3

15 རྒྱ་གར་འཕགས་པའི་ཡུལ་དུ་སྤྱན་རས་གཟིགས་ཀྱི་སྙིང་པོ་མ་ཎི་ཡི་གེ་དྲུག་པ་ལ་བརྟེན་ནས་གྲུབ་པ་ཐོབ་པ་འགའ་ཞིག་གི་ལོ་རྒྱུས་ལ། 7

16 འཕགས་པ་ཐུགས་རྗེ་ཆེན་པོའི་སྙིང་པོ་མ་ཎི་པདྨོའི་སྔགས་འདོན་པ་དང་ཕན་ཡོན་བཅས་མདོ་ཙམ་བརྗོད་པ་གྲུ་འཛིན་ཞིང་གི་སྒོ་འབྱེད་ལ། 14

17 འཕགས་པ་དོན་ཡོད་ཞགས་པའི་རས་བྲིས་ཀྱི་སྐུ་གཟུགས་བྱ་ཚུལ་ཕན་ཡོན་དང་བཅས་པ་རྒྱུད་ཞིབ་མོ་ལས་བྱུང་བ་ལ། 5

18 སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་མཆོད་པའི་ཆོ་ག་གྲུ་འཛིན་ཞིང་གི་སྒོ་འབྱེད་ལ། 14

19 འཕགས་བསྟོད་ཕན་བདེའི་ཆར་འབེབས་ཀྱི་འགྲེལ་པ་ཕན་བདེའི་པད་དཀར་ལ། 16

20 སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུངས་གསལ་བྱེད་ལོ་རྒྱུས་གསེར་ཕྲེང་ལ། 28

21 རྗེ་བཙུན་སྒྲོལ་མ་ལ་སྙན་ངག་དོན་ལྡན་སོ་ལྔའི་སྒོ་ནས་བསྟོད་པ་དགེ་མཚན་གསར་པའི་དགའ་སྟོན་འདྲིན་བྱེད་དཔྱིད་ཀྱི་ཕོ་ཉའི་སྒྲ་དབྱངས་ལ། 8

22 རྗེ་བཙུན་སྒྲོལ་མའི་ངོ་མཚར་པའི་ཆེ་བ་དང་བསྟོད་པ་ཕྱུག་འཚལ་ཉེར་གཅིག་ཕན་ཡོན་མདོ་ཙམ་བརྗོད་པ་ལ། 17

23 འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ་ཕན་བདེའི་སྒོ་འབྱེད་ལ། 37

24 སྐྱབས་འགྲོའི་ཁྲིད་ཡིག་མདོར་བསྡུས་ལམ་རིམ་ལས་འཁོལ་བུར་སྟོན་ཏེ་བྲིས་པ་ལ། 4

25 བླ་མའི་རྣལ་འབྱོར་དགོས་པ་ཀུན་གྲུབ་ལ། 3

26 མདོ་སྔགས་ལམ་གྱི་ལུས་ཡོངས་རྫོགས་ཚང་ལ་མ་ནོར་བ་བྱིན་རླབས་རྣམས་བཤད་སྐལ་བཟང་རྣ་བའི་བཅུད་ལེན་ལ། 24

27 ཁྲུས་གསོལ་འབུལ་བའི་ཁུངས་དང་དམིགས་རིམ་གསལ་བཀོད་དག་བྱེད་བདུད་རྩིའི་རྒྱུན་བཟང་ལ། 10

28 བདེ་གཤེགས་སོ་ལྔའི་ལྷ་ལ་བསྟོད་པ་སྡིག་ལྟུང་དྲི་འཁྲུད་བདུད་རྩིའི་རྒྱུན་བཟང་ལ། 7

29 ཐུབ་དབང་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་ངོ་མཚར་ཀ་ལ་པིངྒའི་སྒྲ་དབྱངས་ལ། 4

30 གནས་བརྟན་བཅུ་དྲུག་གི་རྟོགས་བརྗོད་རྣམས་ནས་བཏུས་ཏེ་བཀོད་པ་གནས་བརྟན་རྣམ་ཐར་ཕན་བདེའི་འབྱུང་གནས་ལ། 19

31 ཐུབ་དབང་གནས་བརྟན་བཅུ་དྲུག་དང་བཅས་པ་ལ་མཆོད་ཅིང་གསོལ་བ་བཏབ་ཚུལ་ཤིན་ཏུ་བསྡུས་པ་ལ། 18

32 དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི་ཞིང་བཀོད་བཞེངས་པ་དང་ཕྱག་མཆོད་བྱས་པའི་ཕན་ཡོན་ཅུང་ཟད་བརྗོད་པ་ལ། 8

33 དག་པའི་ཞིང་མཆོག་རི་བོ་གྲུ་འཛིན་དུ་སྐྱེ་བ་འཛིན་པའི་སྨོན་ལམ་ཞིང་མཆོག་སྒོ་འབྱེད་ལ། 5

34 མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱུག་དྲུག་པའི་གསེར་སྐྱེམས་ལ། 2

35 མྱུར་མཛད་ཡེ་ཤེས་མགོན་པོའི་ཚོགས་མཆོད་མྱུར་མཛད་གྱེས་པའི་འཛུམ་ཞལ་ལ། 8

36 མདོ་སྔགས་གཉིས་ཀའི་གུས་འདུད་ལ། 12

37 ཆོས་སྐྱོང་ཆེན་པོ་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ་གྱི་གཤེགས་གཏོར་འབུལ་ཚུལ་ལ། 3

38 སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་དབང་འདུད་ཀྱི་མན་ངག་བླང་བདེ་ཡིད་བཞིན་འགུགས་པའི་ལྕགས་ཀྱུ་ལ། 5

39 སྙན་ངག་མེ་ལོང་གི་ཟིན་བྲིས་ཐོ་གསལ་འདེབས་ལ། 188

40 སྙན་ངག་མེ་ལོང་གི་ལུས་དང་ལྡན་གྱི་མཚན་ཉིད་དང་དཔེར་བརྗོད་ཙམ་དྲན་ཐོར་བཀོད་པ་ལ། 40

41 མགུར་ཀེའུ་ལ། 1

42 དེ་མིན་ཞིག་ལ། 1

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།རབ་འབྱམས་པ་ངག་དབང་ཐུབ་བསྟན་ནི་སོག་པོའི་ཡུལ་དུ་སྤྱི་ལོའི་དུས་རབས་བཅུ་དགུའི་ནང་འཁྲུངས།དགུང་ལོ་བདུན་ལ་ཕེབས་སྐབས་དགེ་སློང་གྲགས་པ་ཚེ་རིང་མདུན་དགེ་བསྙེན་བསྒྲུབས།མཚན་བློ་བཟང་ཐུབ་བསྟན་ཞེས་གསོལ།དེ་ནས་ཁུ་རེ་དགོན་པར་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཛད།དགུང་ལོ་བཅུ་བདུན་ལ་རྗེ་ནག་དབང་མཁས་གྲུབ་ལས་རབ་ཏུ་བྱུང་བ་དང༌།དགེ་ཚུལ་གྱི་སྡོམ་པ་ཕྲེལ་བར་མནོས།མཚན་ངག་དབང་ཐུབ་བསྟན་ཞེས་གསོལ།སྐུ་ནར་སོན་པ་ན་དབུས་གཙང་དགོན་ཁག་རྣམས་མཇལ་བ་དང་སྦྲགས་རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་དང༌།པཎ་ཆེན་བསྟན་པའི་ཉི་མ།ཁྲི་བྱང་ཆུབ་ཆོས་འཕེལ་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན།དགུང་ལོ་སུམ་ཅུ་པར་པཎ་ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མའི་དྲུང་དུ་དགེ་སློང་གི་སྡོམ་པ་བཞེས།སོག་ཡུལ་དུ་ཕྱིར་ཕེབས་རྗེས་ཁུ་རེ་དགོན་པའི་མཁན་ཁྲིར་ཕེབས།གོང་མས་ཁུ་རེ་མཁན་པོ་ནོ་མོན་ཧན་ཞེས་པའི་མཚན་སྙན་གསོལ།ཁོང་སྐུ་ཚེ་ཡུན་རིང་བཞུགས་ཤིང༌།དགུང་ལོ་གྱ་གཉིས་སུ་ཕེབས་སྐབས་ང་ལེགས་བཤད་བཀའ་རྩོམ་གནང་འདུག་སྐུ་གཤེགས་པའི་དུས་ཚོད་ཞིབ་པ་མ་འཁོད།གསུང་འབུམ་པོད་གཉིས་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།