གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 09:35:07     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་བོད།ཤོག་གྲངས།

01034

1 ཐེམ་སྐས་དང་པོ་སྔོན་འགྲོའི་ལག་ལེན་བླང་དོར་རང་གཟུགས་སྟོན་པའི་གསེར་སྦྱངས་ཨྰ་དརྴ་ལ། 7

2 ཐེམ་སྐས་གཉིས་པ་སྒྲུབ་ཐབས་ངག་འདོན་བདུད་ལས་རྣམ་རྒྱལ་ལ། 21

3 གསུམ་པ་རིམ་གཉིས་ཀྱི་རྣམ་བཤད་དངོས་གྲུབ་ནོར་བུའི་མཛོད་ཀྱི་སྒོ་བརྒྱ་ལེགས་པར་འབྱེད་པའི་ལེགས་བཤད་རིན་ཆེན་གསེར་གྱི་ལྡེ་མིག་ལ། 17

4 བཞི་པ་བསྙེན་ཡིག་སྐོར་ཕྱོགས་གཅིག་ཏུ་བཀོད་པ་དངོས་གྲུབ་མ་ལུས་འབྱུང་བའི་ཟ་མ་ཏོག་ཙིཏྟ་མ་ཎིའི་ཕྲེང་བ་ལ།14

5 ལྔ་པ་དངོས་གཞིའི་སྐོར་གྱི་བསྙེན་ཡིག་ལག་ལེན་སྲད་བུར་བསྟར་བའི་ཤེལ་དཀར་གྱི་ཕྲེང་བ་མཁས་ཀུན་ཡིད་འཕྲོག་ལ། 12

6 དྲུག་པ་ཞི་ཁྲོ་སྦྲགས་སྒྲུབ་བྱ་ཚུལ་ཤིན་ཏུ་ཟབ་པ་གཉིས་འཛིན་གཡུལ་ལས་རྒྱལ་བའི་རལ་གྲི་ངར་མ་ཐར་འདོད་དཔའ་བོའི་ལག་ཆ་ལ། 7

7 བདུན་པ་ཁྲོ་བཅུའི་ཕྱིར་བཟློག་བྱེད་ཚུལ་གདོན་བགེགས་ཕྱེ་མར་འཐག་པའི་གནམ་ལྕགས་མེ་དཔུང་འཕྲུལ་འཁོར་ལ།7

8 བརྒྱད་པ་དྲུག་ཅུ་མ་ཞི་དྲག་གི་གཏོར་བསྔོས་བྱེད་ཚུལ་དངོས་གྲུབ་ཕྲང་ཆར་བསྐུལ་བའི་རྡོ་རྗེའི་སྒྲ་དབྱངས་དང་དམ་ཉམས་ཙིཏྟ་དམར་འབྱིན་ལ། 7

9 དགུ་པ་བདག་འཇུག་བྱ་ཚུལ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཉེས་ལྟུང་གླང་པོ་འཇོམས་པའི་མཚོན་ཆ་ལ། 12

10 བཅུ་པ་ཁ་སྐོང་གི་སྦྱིན་སྲེག་བྱ་ཚུལ་སྡིག་ལྟུང་མུན་པ་འཇོམས་ཤིང་དངོས་གྲུབ་འོད་དཀར་འབྱེད་པའི་ཟླ་གཞོན་ལ།13

11 བཅུ་གཅིག་པ་མེ་ལྷ་ཐབ་ཏུ་འགུགས་པའི་བསྙེན་པ་བྱ་ཚུལ་དངོས་གྲུབ་མཚོ་ཆེན་འཕེལ་བའི་བདུད་རྩིའི་འོད་ཕྲེང་ལ། 3

12 བཅུ་གཉིས་པ་མེ་ལྷའི་བཅུ་ཆའི་སྦྱིན་སྲེག་བྱ་ཚུལ་བརྟན་གཡོའི་ལེགས་ཚོགས་དབང་དུ་འགུགས་པའི་ལྕགས་ཀྱུ་ལ། 4

13 བཅུ་གསུམ་པ་སྒྲུབ་པའི་ཐོ་ཡིག་སྐུ་གསུམ་ཆར་འབེབས་དངོས་གྲུབ་རྒྱ་མཚོ་ལ། 7

14 བཅུ་བཞི་པ་བསྙེན་སྒྲུབ་སྦྲགས་མའི་འདོན་བསྒྲིགས་བྱིན་རླབས་ཕྲང་རྩིས་སྨྱོས་པའི་བུང་བའི་སྒྲ་དབྱངས་ཐར་འདོད་རྣ་བའི་བདུད་རྩི་ལ། 4

15 བཅོ་ལྔ་པ་བཅུ་ཆའི་དབང་གི་སྦྱིན་སྲེག་བྱེད་ཚུལ་སྲིད་ཞིའི་ལེགས་ཚོགས་དབང་དུ་འགུགས་པའི་དོན་ཡོད་འཕྲུལ་གྱི་ཞགས་པ་ལ། 7

16 བཅུ་དྲུག་པ་འཇིགས་བྱེད་བཅུ་གསུམ་མའི་བསྙེན་ཆེན་གྱི་ཁྱད་པར་བརྗོད་པ་ཐར་འདོད་རེ་བ་སྐོང་བའི་བསམ་

འཕེལ་དབང་གི་རྒྱལ་པོ་ལ། 7

17 བཅུ་བདུན་པ་བཀའ་སྡོད་དམ་ཅན་ཆོས་ཀྱི་རྒྱལ་པོའི་བསྙེན་པ་བྱ་ཚུལ་དགྲ་སྙིང་ལྐོག་མར་འབྱིན་པའི་དཔའ་བོའི་བཞད་སྒྲ་ས་གསུམ་འདར་བྱེད་ལ། 4

18 བཅོ་བརྒྱད་པ་དམ་ཅན་ཆོས་ཀྱི་རྒྱལ་པོའི་སྦྱིན་སྲེག་བྱེད་ཚུལ་སྲིད་གསུམ་བདུད་སྡེའི་གཡུལ་ལས་རྒྱལ་བའི་སྐྱེ་བ་ལྔ་པའི་དུང་སྒྲ་གནས་གསུམ་མཁའ་འགྲོ་མཉེས་པའི་རོལ་མོ་ལ། 8

དཀར་ཆག་ལ། 3

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི་1850 ལོར་སྐུ་འཁྲུངས།སྐུ་ན་ཆུང་དུས་བླ་བྲང་སུ་སློབ་གཉེར་གནང༌།དེ་ནས་རྒྱུད་ལ་ཞུགས།ཁོང་རྒྱུད་སྟོད་མཁན་ཟུར་སྐབས་སྤྱི་ལོ་1895 ལོརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་ཡོངས་འཛིན་གནང༌།དགུང་ལོ་ང་གསུམ་ཆེ་སྟག 1902 ལོར་སྐུ་གཤེགས།གསུང་འབུམ་པོད་གཅིག་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།