ཀིརྟི་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 09:28:46     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་གྲངས།

01024 ཁ་

1 རྒྱལ་བུ་ཟླ་མཛེས་ཀྱི་རྟོགས་པ་བརྗོད་པ་དད་ལྡན་ཀྱི་བོའི་རྣ་ལྡན་ལ། 17

2 རྡོ་རྗེ་འཆང་དངོས་བླ་མ་དམ་པ་རྣམས་ཀྱི་་བཀའ་དྲིན་ལས་མདོ་སྔགས་ཀྱི་ཆོས་ཚུལ་ཅུང་ཟད་ཐོབ་པའི་བརྒྱུད་ཡིག་མུ་ཏིག་ཕྲེང་བ་ལ། 232

3 མཆོད་སྡོང་མཐོང་བ་དོན་ལྡན་གྱི་དཀར་ཆག་ཐོག་མཐའ་བར་དུ་དགེ་བའི་གཏམ་གཡས་འཁྱིལ་ཆོས་དུང་དཀར་པོའི་སྒྲ་དབྱངས་ལ། 108

4 བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་དཀར་ཆག་ལེགས་བྱས་གཏམ་གྱི་མེ་ཏོག་ལ། 71

01025 ག་

1 རོང་པོ་མཁས་གྲུབ་ཆེན་པོའི་འཁྲུངས་རབས་གསོལ་འདེབས་པདྨ་དཀར་པོའི་ཕྲེང་མཛེས་ལ། 10

2 གྲུབ་དབང་བུད་དྷ་རྡོ་རྗེའི་གསང་བའི་རྣམ་ཐར་དངོས་གྲུབ་རིན་ཆེན་བང་མཛོད་ལ། 7

3 སྐྱབས་མཆོག་ཐུབ་བསྟན་ཉི་མའི་རྣམ་ཐར་གསོལ་འདེབས་ལ། 5

4 དུས་གསུམ་རྒྱལ་བའི་རང་གཟུགས་ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཉི་མའི་རྣམ་ཐར་བསྐལ་བཟང་བློ་གསལ་མགུལ་ལྡན་ལ། 53

5 རྗེའི་བསྟོད་པ་བྱིན་རླབས་གཏེར་མཛོད་ལ། 2

6 མཁས་གྲུབ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པའི་རབ་ཏུ་བྱེད་པ་མཁས་པའི་མགྲིན་ལྡན་ལ། 4

7 པཎ་ཆེན་བསོད་ནམས་གྲགས་པ་ལ་བསྟོད་པའི་རབ་ཏུ་བྱེད་པ་མཁས་པའི་མགྲིན་ལྡན་ལ། 5

8 རྗེ་བཙུན་བླ་མ་དམ་པ་བློ་བཟང་བཀྲ་ཤིས་རབ་རྒྱས་དཔལ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་བློ་ལྡན་ཡིད་ཀྱི་དགའ་སྟོན་ལ། 64

9 ཁྲི་ཆེན་མཆོག་གི་སྤྲུལ་པའི་སྐུ་བློ་བཟང་འཇམ་དཔལ་བསྟན་འཛིན་སེང་གེ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་མེ་ཏོག་ཕྲེང་མཛེས་ལ། 39

10 ཆོས་དབྱིངས་རྡོ་རྗེའི་དག་སྣང་མགུར་མའི་འགྲེལ་པ་རྣམ་ཐར་དང་བཅས་པ་དད་ལྡན་གཙུག་ལྡན་པད་དཀར་ཆེན་པོ་ལ། 19

11 བླ་མའི་རྣལ་འབྱོར་གྱི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པ་ལེགས་ཚོགས་སྒོ་འབྱེད་ལ། 81

12 བླ་མའི་རྣལ་འབྱོར་ཟུང་འཇུག་ལམ་བཟང་ལ། 7

13 དུས་འཁོར་བླ་མའི་རྣལ་འབྱོར་ལ། 4

14 རིགས་གསུམ་སྤྱི་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་སོགས་དང་འབྲེལ་བར་ལྷག་ལྷ་མང་པོའི་སྒོམ་བཟླས་བྱ་ཚུལ་ལ། 3

15 བླ་མ་རྒྱང་འབོད་ཀྱི་གསོལ་འདེབས་དད་པའི་ཆེ་མཚོ་གཡོ་པའི་རྦ་རླབས་ལ། 4

16 རྗེ་བླ་མ་དང་འཇམ་དཔལ་ཞི་ཁྲོ་རྩ་བའི་བླ་མ་རྣམས་དབྱེར་མེད་དུ་གསོལ་བ་འདེབས་པའི་མགུར་དབྱངས་ལ། 3

17 གསོལ་འདེབས་བསམ་དོན་དོན་གྲུབ་ལ། 3

18 ལམ་ཡོངས་རྫོགས་ཀྱི་བྱིན་རླབས་ཞུ་བའི་གསོལ་འདེབས་ལ། 3

19 བླ་བརྒྱུད་གསོལ་འདེབས་སྐོར་ལ། 16

20 མཆོག་སྤྲུལ་མྱུར་བྱོན་གྱི་སྨོན་ཚིག་དངོས་གྲུབ་ཀུན་འབྱུང་ལ། 19

21 འཇམ་མགོན་རྒྱལ་བ་གཉིས་པའི་རྣམ་ཐར་དང་ལམ་རིམ་གཉིས་འཛིན་ཅིང་ཀློག་པའི་ཕན་ཡོན་ལ། 3

01026 ང་

1 བླ་མ་དམ་པའི་ཞབས་བརྟན་གསོལ་འདེབས་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 124

དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བར་མཆོད་པ་འབུལ་ཚུལ་གྱི་འདོན་བསྒྲིགས་ལ། 4

3 བླ་མ་མཆོད་པ་དང་འབྲེལ་བར་མཆོད་པ་འབུལ་བ་ལ། 3

4 དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་མཆོད་ཆོག་ལེགས་ཚོགས་ཀུན་འབྱུང་ལ། 7

5 དགའ་ལྡན་ལྷ་བརྒྱ་མའི་ཁྲིད་སྐྱེ་བརྒྱུད་འདེབས་སྨོན་ལམ་དང་བཅས་ལ། 3

6 རིགས་གསུམ་སྤྱི་སྒྲུབ་ཀྱི་སྒྲུབ་ཐབས་ངག་འདོན་དུ་བཀོད་པའི་བྱིན་རླབས་ཆར་འབེབས་ལ། 6

7 འོད་དཔག་མེད་ལ་སྟོང་མཆོད་འབུལ་ཚུལ་དོན་གཉིས་དཔལ་སྟེར་ལ། 5

8 ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་འཕོ་བའི་རྣལ་འབྱོར་སོགས་འཕོ་བའི་སྐོར་ལ། 13

9 ཡི་དམ་ཆོས་སྲུང་གི་བསྟོད་པ་དང་འདོད་གསོལ་གྱི་རིམ་པ་རྡོ་རྗེའི་སྒྲ་དབྱངས་ལ། 23

10 རྗེ་བཙུན་འཕགས་མ་སྒྲོལ་མ་ལ་གདུང་དབྱངས་གསོལ་བ་འདེབས་པ་ཐུགས་རྗེའི་སྤྲིན་ཕུང་བསྐུལ་པའི་དྲི་བཞོན་ལ། 4

11 ཁྲོ་རྒྱལ་རྡོ་རྗེའི་ཤུགས་ཀྱི་འཕྲིན་བཅོལ་བདུད་དཔུང་འཇོམས་པ་ལ། 3

12 སྟག་ཕུའི་དག་སྣང་སྒྲོལ་མའི་སྨོན་ཤིས་བརྒྱུད་འདེབས་བཅས་ལ། 5

13 སངས་རྒྱས་འཁོར་ལོ་ཆེན་མོའི་སྨོན་ཤིས་ལ། 4

14 རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྨོན་ཤིས་ལ། 3

15 ཐོར་བུ་སྣ་ཆོགས་ཀྱི་སྐོར་འགའ་ཞིག་ལ། 96

16 གནས་བསྟོད་ཀྱི་སྐོར་ལ། 12

01027 ཅ་

1 དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཚུལ་རྣམ་པར་བཤད་པ་ཐུབ་བསྟན་མཛེས་ལྡན་ལ། 44

2 སྡོམ་གསུམ་བསླབ་བྱའི་སྡོམ་ཚིག་ཐར་འདོད་མགུལ་ལྡན་ལ། 8

3 རྡོ་རྗེ་ཐེག་པའི་བསླབ་བྱའི་རྐང་གྲངས་ལ། 4

4 སྡོམ་གསུམ་བསླབ་བྱ་རྩོམ་འཕྲོ་ཁ་སྐོང་བཅས་ལ། 185

5 རྗེ་ཉིད་དགུང་ལོ་བརྒྱད་པའི་དུས་གསུངས་པའི་ལམ་རིམ་ལ། 3

6 བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་སྐྱོང་ཚུལ་མདོར་བསྡུས་ཐར་འདོད་འཇུག་ངོགས་ལ། 31

7 ཆོས་བརྒྱད་སྣང་ཤས་འདུལ་བའི་གདམས་པ་གདུང་སེལ་རྩི་སྨན་ལ། 10

8 མཆོད་པ་འབུལ་ཚུལ་གྱི་ཡིག་ཆུང་ཕན་བདེའི་དགའ་སྟོན་ལ། 5

9 སྙིང་པོ་དོན་གསུམ་གྱི་ཉམས་ལེན་རྒྱུན་ཁྱེར་ལ། 3

10 བསླབ་བྱའི་མགུར་མའི་ཚུལ་དུ་བྱས་པ་འགའ་ཞིག་ལ། 24

11 རྩོད་པ་བྱེད་ཚུལ་གྱི་བསླབ་བྱ་ལ། 2

12 ཞལ་གདམས་མགུར་མ་ལ། 2

13 བསླབ་བྱ་ཕན་བདེ་མཆོག་སྦྱིན་ལ། 3

14 བསླབ་བྱ་སྲིད་ཞིའི་གདུང་སེལ་ལ། 2

15 བྱང་ཆུབ་ལམ་རིམ་ཆེན་མོའི་ཟིན་བྲིས་གདུང་སེལ་བདུད་རྩིའི་ཐིགས་ཕྲེང་ལ། 69

16 བླ་མ་མཆོད་པའི་ཁྲིད་ཀྱི་ཟིན་བྲིས་འཇམ་དཔལ་ཞལ་ལུང་དངོས་གྲུབ་ནོར་བུའི་གཏེར་མཛོད་ལ། 68

17 བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཀྱི་ཟིན་བྲིས་ཡོངས་འཛིན་ཞལ་ལུང་བྱིན་རླབས་འདོད་འཇོ་ལ། 25

18 ཡང་དེའི་ཁྲིད་སྐྱེ་བརྗེད་བྱང་ཟུང་འཇུག་ཉེ་ལམ་ལ། 21

19 ལམ་གྱི་གཙོ་བོ་རྣམ་པ་གསུམ་གྱི་ཟིན་བྲིས་སྐལ་བཟང་ཡིད་ཀྱི་གདུང་སེལ་ལ། 20

01028ཆ་

1 བླ་མའི་གསོལ་འདེབས་ཀྱི་འགྲེལ་པ་བྱིན་རླབས་མཛོད་ཀྱི་ལྡེ་མིག་ལ། 11

2 འཇུག་པའི་ས་བཅད་རྩོམ་འཕྲོ་ལ། 5

3 ལམ་སྒྲོན་བསྡུས་དོན་ས་བཅད་ལ། 5

4 ལམ་གཙོའི་གདམས་ངག་ཉུང་བསྡུས་ལ། 5

5 བྱིན་རླབས་བྲངས་ཞུས་ཀྱི་ཚིག་འགྲེལ་ཉུང་བསྡུས་ལ། 4

6 ཡོན་ཏན་གཞི་གྱུར་མའི་འགྲེལ་པ་ཉུང་ངུ་ལ།

7 རྟེན་འབྲེལ་བསྟོད་པའི་བསྡུས་དོན་ལ། 6

8 དྲིས་ལན་མེ་ཏོག་སིལ་མ་ལ། 46

9 བདེ་བ་ཅན་གྱི་ཞིང་ལ་བསྔགས་པ་བརྗོད་པ་དད་པའི་ཆེ་གཏེར་ལ། 14

10 ཉི་གཞོན་འཆར་ཁ་མའི་འགྲེལ་པ་དོན་སྙིང་རབ་གསལ་ལ། 12

11 འཇམ་དཀར་གྱི་བསྟོད་འགྲེལ་དོན་གྱི་དམིགས་འབྱེད་ལ། 5

12 ཕར་ཕྱིར་སྐབས་དང་པོའི་སྡོམ་ཚིག་འཕྲོ་ཅན་ལ། 24

13 དབུ་མའི་སྡོམ་ཚིག་རྩོམ་འཕྲོ་ལ། 4

14 སྟག་ཚང་དཔལ་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་བཅའ་ཡིག་ལ། 12

15 བློ་གླིང་བཅའ་ཡིག་ལ། 13

16 མཚན་ཉིད་གྲྭ་ཚང་བློ་གསལ་གླིང་གི་རྩོད་གྲྭའི་བཅའ་ཡིག་ལ། 8

17 མ་དགོན་གྱི་བཅའ་ཡིག་ལ། 6

18 རྔ་དགོན་གྱི་བཅའ་ཡིག་ལ། 5

19 ཧོར་ཚང་དགོན་གསར་བཅའ་ཡིག་ལ། 6

20 ཚོ་བདུན་བཅའ་ཡིག་ལ། 6

21 དབེན་གནས་བཀྲ་ཤིས་དགེ་འཕེལ་གླིང་གི་བཅའ་ཡིག་ལ། 7

22 སར་བསྙོན་བཅའ་ཡིག་ལ། 6

23 དོན་ལྡན་སོ་ལྔའི་དཔེར་བརྗོད་ཡིད་ཀྱི་དགའ་སྟོན་ལ། 27

24 ཆབ་ཤོག་གི་རིམ་པ་ལ། 62

25 རྟེན་བཞེངས་དཀར་ཆག་གི་སྐོར་བྱང་ཆེན་སྒོ་འབྱེད་ལ། 18

26 མཆོད་སྡོང་དགེ་ལེགས་འོད་འབར་གྱི་དཀར་ཆག་ལ། 11

27 སྐྱབས་འཇུག་གི་སྐོར་འགའ་ཞིག་ལ། 34

28 བསྟན་པ་སྤྱིའི་རྣམ་གཞག་ལ། 5

29 སྨན་པ་གྲྭ་ཚང་གི་ཁྲི་བཤད་ལ། 4

30 བཤད་པ་རྣམ་ཐར་ཚོགས་གཏམ་གྱི་སྐོར་ཕྱོགས་བསྒྲིགས་ལ། 26

31 ཚིག་བཀྲ་ལ། 3

32 རབ་གནས་ཀྱི་་བཤད་པའི་སྐོར་ཕྱོགས་བསྒྲིགས་ལ། 11

01029 ཇ་

1 སྔགས་ཀྱི་་བསྡུས་དོན་ལ། 41

2 དཔལ་གསང་བ་འདུས་པའི་དབང་གི་ཚིག་དོན་ཅུང་ཟད་བཤད་པ་རྡོ་རྗེ་སེམས་དཔའི་ཞལ་ལུང་གི་སྙིང་པོ་ལ། 70

3 རྡོར་ཕྲེང་དབང་གི་ལོ་རྒྱུས་སྦྱིན་བདག་གི་འདོད་མོས་ལྟར་བྲིས་པ་ལ། 6

4 བདེ་མཆོག་ལྰུ་ཨི་པའི་དབང་གི་བརྡ་སྤྲོད་བཤད་པ་མདོར་བསྡུས་ལ། 23

5 བདེ་མཆོག་དབང་སོགས་ཀྱི་ཟིན་བྲིས་ལ། 9

6 འཇིགས་བྱེད་དབང་གི་ཟིན་ཐོ་རགས་རིམ་ཙམ་བཀོད་པ་བདུད་རྩིའི་ཐིགས་པ་ལ། 16

7 བླ་མའི་ཞལ་གདམས་བརྗེད་བྱང་དུ་བཀོད་པ་གདུང་སེལ་བདུད་རྩིའི་ཐིགས་ཕྲེང་ལ། 48

8 དུས་འཁོར་དབང་གི་སྔོན་འགྲོ་དང་སློབ་དཔོན་དབང་གི་མཚམས་སྦྱོར་གྱི་བཤད་པ་འགའ་ཞིག་ལ། 11

9 དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚུལ་ལག་ལེན་རིམ་པ་ལ། 19

10 རྡོ་རྗེའི་གསུང་མགུར་ཟབ་མོའི་འགྲེལ་བ་ཀུན་མཁྱེན་དགྱེས་པའི་མཆོད་སྤྲིན་ལ། 8

11 དཔའ་བོ་གཅིག་པའི་སྒྲུབ་ཐབས་ཀྱི་དམིགས་རིམ་ཐོ་ཙམ་བཀོད་པ་ལ། 5

12 དམ་ཚིག་རྡོ་རྗེའི་སྒོམ་བཟླས་ཀྱི་དམིགས་རིམ་མདོར་བསྡུས་ལ། 3

13 འཇམ་དབྱངས་དཀར་པོ་དང་འབྲེལ་བའི་ཞི་ཁྲོ་སྦྲགས་སྒྲུབ་ཐུན་མོང་བ་ལ། 3

14 གསང་བདེ་འཇིགས་གསུམ་དང་ཆོས་རྒྱལ་གྱི་བསྙེན་པའི་ལག་ལེན་གསལ་བའི་སྒྲོན་མེ་ལ། 9

15 དུས་ཀྱི་འཁོར་ལོའི་བསྙེན་ཡིག་མདོར་བསྡུས་དངོས་གྲུབ་འདོད་འཇོ་ལ། 6

16 གསང་བདག་འཁོར་ལོ་ཆེན་པོའི་བསྙེན་ཡིག་བདུད་འཇོམས་རྡོ་རྗེའི་ཕྲེང་བ་ལ། 5

17 ཀུན་རིག་གི་བསྙེན་ཡིག་རབ་གསལ་སྒྲོན་མེ་ལ། 10

18 རྣམ་སྣང་མངོན་བྱང་གི་བསྙེན་ཡིག་རབ་གསལ་ཟླ་ཤེལ་གསར་པ་ལ། 5

19 ཐུགས་རྗེ་ཆེན་པོ་རྟ་མགྲིན་གསང་སྒྲུབ་ཞིང་བློན་བཅས་ཀྱི་་བསྙེན་ཡིག་མདོར་བསྡུས་ལ། 7

20 མགོན་པོ་ཕྱུག་དྲུག་པའི་བསྙེན་ཡིག་མདོར་བསྡུས་དངོས་གྲུབ་ཆར་འབེབས་ལ། 11

21 དཔལ་མགོན་ཞལ་བཞིའི་བསྙེན་ཡིག་མདོར་བསྡུས་བསྟན་སྲུང་དགྱེས་པའི་མཆོད་སྤྲིན་ལ། 9

22 ཆོས་སྐྱོང་བསེ་ཁྲབ་པའི་བསྙེན་པ་བྱེད་ཚུལ་ཐོ་ཙམ་བཀོད་པ་ལ། 6

23 འཇིགས་བྱེད་དབང་གི་སྦྱིན་སྲེག་སོགས་ལ། 12

24 དུས་ཀྱི་འཁོར་ལོའི་སྦྱིན་སྲེག་འོད་སྙེ་ལྟར་འབུལ་ཚུལ་གྱི་ཆོག་བསྒྲིགས་དངོས་གྲུབ་མཆོག་སྦྱིན་ལ། 9

25 རྡོར་སེམས་ཡབ་ཡུམ་གྱི་སྦྱིན་སྲེག་ལ། 4

26 ཐམས་ཅད་རིག་པའི་ཞི་བའི་སྦྱིན་སྲེག་བྱེད་ཚུལ་སྡིག་སྒྲིབ་ཀུན་སེལ་ལ། 9

27 སྤྱན་རས་གཟིགས་ལྷ་བཅུ་གསུམ་གྱི་སྦྱིན་སྲེག་གི་ཆོ་ག་ཟླ་བའི་འོད་ཟེར་ལ། 8

28 གདུང་མཆོག་རིན་ཆེན་སྒྲོན་མེའི་སྦྱིན་སྲེག་གི་སྐབས་འཇིགས་བྱེད་དང་འབྲེལ་བར་བྱེད་ཚུལ་ལ། 4

29 དབེན་ས་སྙན་བརྒྱུད་ཀྱི་གཅོད་ཀྱི་སྒོ་ནས་གཉན་ཁྲོད་འགྲིམ་ཚུལ་གྱི་ཡིག་ཆུང་ལ། 5

30 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྙེན་སྒྲུབ་བཅུ་ཆའི་སྦྱིན་སྲེག་དང་བཅས་པ་བྱེད་ཚུལ་མཁའ་སྤྱོད་གསང་ལམ་ལ།11

01030 ཉ་

1 ཐུན་དྲུག་རྣལ་འབྱོར་དང་འབྲེལ་བར་དབང་བཞི་ལེན་ཚུལ་བདུད་རྩིའི་ཆུ་རྒྱུན་ལ། 4

2 དེ་ཉིད་བདེ་མཆོག་དང་འབྲེལ་བ་ལ། 4

3 དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་སྙིང་པོ་བསྡུས་པ་དངོས་གྲུབ་བང་མཛོད་ལ། 5

4 འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་མདོར་བསྡུས་བདུད་དཔུང་འཇོམས་པའི་འཕྲུལ་འཁོར་ལ། 10

5 འཇིགས་བྱེད་ཀྱི་སྒྲུབ་ཐབས་ཉུང་བསྡུས་ལ། 4

6 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བདག་འཇུག་གི་སྙིང་པོ་དངོས་གྲུབ་རོལ་མཚོ་ལ། 20

7 དེའི་བདག་འཇུག་མདོར་བསྡུས་རིན་ཆེན་བུམ་བཟང་ལ། 11

8 དེའི་ཚོགས་འཁོར་འཇམ་དཔལ་དགྱེས་པའི་རོལ་གར་ལ། 6

9 ཚེས་བཅུ་རྣམ་གཉིས་སོགས་ཀྱི་ཚོགས་འཁོར་མདོར་བསྡུས་བྱེད་ཚུལ་ལ། 4

10 དཔལ་གསང་བ་འདུས་པའི་སྒྲུབ་ཐབས་མདོར་བསྡུས་དངོས་གྲུབ་གཏེར་མཛོད་ལ། 6

11 གསང་འདུས་འཇམ་དཔལ་རྡོ་རྗེའི་སྒྲུབ་ཐབས་སྙིང་པོར་དྲིལ་བ་འཇམ་དཔལ་དགོངས་ལྡན་ལ། 19

12 དེའི་བུམ་ཆོག་མདུན་བསྐྱེད་དབང་དང་བཅས་པ་ལ། 27

13 བདེ་མཆོག་ལྰུ་ཨི་པའི་སྒྲུབ་ཐབས་མདོར་བསྡུས་བདེ་ཆེན་དཔལ་སྟེར་ལ། 5

14 དྲིལ་བུ་ལྷ་ལྔའི་སྒྲུབ་ཐབས་མདོར་བསྡུས་བདེ་ཆེན་བུམ་བཟང་ལ། 6

15 དྲིལ་བུ་ལུས་དཀྱིལ་གྱི་མངོན་རྟོགས་མདོར་བསྡུས་བདེ་ཆེན་ཆར་འབེབས་ལ། 9

16 དེའི་སྨོན་ལམ་ལ། 4

17 དུས་འཁོར་བླ་བརྒྱུད་གསོལ་འདེབས་ལ། 4

18 དཔལ་དུས་ཀྱི་འཁོར་ལོའི་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ནག་འགྲོས་སུ་བཀོད་པ་རབ་གསལ་ཟླ་ཤེལ་དབང་པོ་ལ། 34

19 དེའི་སྒྲུབ་ཐབས་བསྡུས་པ་རིན་ཆེན་བུམ་བཟང་ལ། 8

20 དུས་འཁོར་ཐུགས་དཀྱིལ་གྱི་བུམ་མདུན་སྦྲགས་མ་བྱེད་ཚུལ་གྱི་འདོན་བསྒྲིགས་ལ། 7

21 དེའི་མདུན་བསྐྱེད་ལོགས་སུ་འདོན་པའི་ཐོ་ལ། 3

22 དཔལ་དུས་ཀྱི་འཁོར་ལོའི་ཐུགས་ཀྱི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་མདོར་བསྡུས་བདེ་ཆེན་བདུད་རྩིའི་བུམ་བཟང་ལ། 26

23 འཕགས་མཆོགརྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་བདུད་རྩིའི་བུམ་བཟང་ལ། 4

24 དེའི་སྒོ་ནས་རིལ་སྒྲུབ་བྱེད་ཚུལ་ཕན་བདེའི་དཔལ་སྟེར་ལ། 5

25 དབང་གི་ལྷ་མོའི་སྒྲུབ་ཐབས་ཁྲིགས་ཆགས་སུ་བསྡེབས་པ་དང་དངོས་གྲུབ་ཆར་འབེབས་ལ། 9

26 ནྰ་རོ་མཁའ་སྤྱོད་སྐྱེ་བདག་འཇུག་རྒྱུན་ཁྱེར་བསྡུས་པ་མཁའ་སྤྱོད་མྱུར་ལམ་ལ། 8

27 དེའི་སྨོན་ལམ་མཁའ་སྤྱོད་སྒྲུབ་པའི་དགའ་སྟོན་ལ། 4

28 ཡི་དམ་སྒྲུབ་སྐོར་དངོས་གྲུབ་འདོད་འཇོ་ལ། 38

29 ཁྱུང་ནག་གི་སྒྲུབ་ཐབས་མདོར་བསྡུས་རྡོ་རྗེ་ཕ་ལམ་ལ། 4

30 འཕགས་པ་འཇམ་དཔལ་དབྱངས་དཀར་པོའི་སྒྲུབ་ཐབས་བློ་གྲོས་བདུད་རྩིའི་བུམ་བཟང་ལ། 6

31 དབྱངས་ཅན་དམར་མོའི་སྒྲུབ་ཐབས་ཤེས་རབ་པདྨོའི་གཉེན་གཅིག་ལ། 4

32 འཇམ་དབྱངས་དམར་སེར་ལ་བརྟེན་པའི་སྨྱུང་བར་གནས་པའི་ཆོ་ག་ངག་འདོན་དུ་བཀོད་པ་བྱིན་རླབས་ཆར་འབེབས་ལ། 11

33 སྤྱན་རས་གཟིགས་ཀྱི་སྨྱུང་ཆོག་འཕགས་མཆོག་དགྱེས་པའི་འཛུམ་ཟེར་ལ། 11

34 སྨྱུང་གནས་དང་འབྲེལ་བར་བསགས་སྦྱང་བྱ་ཚུལ་ཐར་པའི་ཐེམ་སྐས་ལ། 4

35 མ་ཎི་རིལ་སྒྲུབ་ཁྱེར་བདེ་ཕན་བདེའི་ཆར་འབེབས་ལ། 3

36 ཚེ་སྒྲུབ་ཟླ་བའི་ཆུ་རྒྱུན་འཆི་མིག་འདོད་འཇོའི་ཟུར་འདེབས་བདུད་རྩིའི་ཐིགས་ཕྲེང་ལ། 7

37 མན་ཌལ་བཞི་པའི་ཆོ་ག་དགོས་འདོད་ཀུན་འབྱུང་ལ། 4

38 གནས་བཅུའི་ཕྱག་མཆོད་ཁྱེར་བདེ་བར་བཀོད་པ་ལ། 10

39 ལབ་སྒྲོན་གསོལ་འདེབས་སོགས་གཅོད་ཀྱི་སྐོར་འགའ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 14

40 ལམ་ཟབ་རྒྱུན་གྱི་རྣལ་འབྱོར་གྱི་སྙིང་པོ་ཁྱེར་བདེ་བར་བཀོད་པ་ལ། 5

41 ཁྲོད་མའི་སྒོ་ནས་གཤིན་པོ་རྗེས་འཛིན་གྱི་རིམ་པ་ལ། 4

01031 ཏ་

1 ཁྲོ་བཅུའི་སྲུང་འཁོར་རྡོ་རྗེའི་གོ་ཁྲབ་དང་འབྲེལ་བར་གཏོར་བཟློག་བྱེད་ཚུལ་བདུད་སྡེ་ཕྱེ་མར་ཐག་པའི་འཁོར་ལོ་ལ།14

2 དེའི་རྡོ་རྗེའི་གོ་ཁྲབ་དང་འབྲེལ་བར་སྦྱིན་སྲེག་བྱེད་ཚུལ་ལ། 3

3 མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་ཆོག་རྒྱུན་གྱི་རྣལ་འབྱོར་དུ་བྱ་ཚུལ་དངོས་གྲུབ་ཆར་འབེབས་ལ། 9

4 མགོན་པོ་རྒྱུན་ཁྱེར་ཤིན་ཏུ་བསྡུས་པ་ལ། 2

5 མྱུར་མཛད་ཡེ་ཤེས་མགོན་པོ་ལ་བརྟེན་པའི་ཚོགས་འཁོར་བྱེད་ཚུལ་ལ། 3

6 གཏོར་བཟློག་གནམ་ལྕགས་ཐོག་མདའི་ཚ་དཔལ་གྱི་འདོན་ཆའི་བསྒྲིགས་རིམ་ལ། 5

7 དེའི་རྔ་ཆིངས་ཀྱི་ཡིག་ཆུང་ལ། 4

8 བསྟན་སྲུང་གཙོ་མོ་འདོད་ཁམས་དབང་ཕྱུག་མ་ལ་བརྟེན་པའི་གཏོར་བཟློག་གི་ལས་རིམ་བདུད་དཔུང་འཇོམས་པའི་གནམ་ལྕགས་འབར་བ་ལ། 12

9 ལྷ་མོའི་བསྐུལ་བ་རྗེ་དགེ་འདུན་རྒྱ་མཚོའི་མཛད་པ་ལ། 3

10 རྡོ་རྗེ་ནག་པོ་ཆེན་པོའི་སྒྲུབ་ཐབས་མདོར་བསྡུས་པ་ལ། 5

11 དེའི་མངའ་གསོལ་བསམ་དོན་དོན་གྲུབ་ལ། 3

12 བསྟན་སྲུང་ཙ་ཏུར་མི་ཁའི་འཕྲིན་བཅོལ་ལ། 3

13 མགོན་པོ་ཡིད་བཞིན་ནོར་བུའི་གཏེར་སྒྲུབ་བྱེད་ཚུལ་དངོས་གྲུབ་བང་མཛོད་ལ། 7

14 དེའི་གཏོར་སྒྲུབ་བྱེད་ཚུལ་དངོས་གྲུབ་བང་མཛོད་འབྱེད་པའི་ལྡེ་མིག་ལ། 14

15 ཆོས་སྲུང་རྒྱ་མཚོའི་གཏོར་འབུལ་འཕྲིན་ལས་དོན་གྲུབ་ལ། 5

16 གཏོར་འབུལ་འཕྲིན་བཅོལ་དགོས་འདོད་བུམ་བཟང་ལ། 4

17 སྤྲུལ་པའི་ཆོས་རྒྱལ་ཆེན་པོའི་གསོལ་མཆོད་འཕྲིན་ལས་དོན་གྲུབ་ལ། 7

18 དེའི་གཡང་འགུགས་འཕྲིན་བཅོལ་ནོར་བུའི་ལྕགས་ཀྱུ་ལ། 3

19 ལྷ་ཆེན་ཚངས་པའི་གཏོར་ཆོག་སྲིད་གསུམ་རྣམ་རྒྱལ་ལ། 3

20 ལྷ་ཆེན་ཚངས་པའི་གསོལ་མཆོད་ཉུང་བསྡུས་རིན་ཆེན་སིལ་མ་ལ། 3

21 སྲུང་མ་ཚངས་པ་ཆེན་པོའི་སྤྱི་བསྟབས་ལ། 3

22 བསྟན་སྲུང་བསེ་ཁྲབ་ཅན་གྱི་བསྐང་བསྐུལ་འཕྲིན་ལས་མྱུར་མགྱོགས་ལ། 3

23 བསྟན་སྲུང་རྡོ་རྗེ་གྲགས་ལྡན་གྱི་གསོལ་མཆོད་ཉུང་བསྡུས་དགོས་འདོད་དཔལ་སྟེར་ལ། 4

24 ཆོས་སྐྱོང་གཟའ་བདུད་ཆེན་པོའི་གསོལ་མཆོད་མདོར་བསྡུས་ལ། 3

25 དེའི་གཤེགས་གཏོར་འབུལ་ཚུལ་ལ། 3

26 བསྟན་སྲུང་ཀརྨ་བཛྲ་ཡི་གསོལ་མཆོད་འཕྲིན་ལས་སྒོ་འབྱེད་ལ། 9

27 རྒྱལ་ཆེན་ལས་རབ་རྡོ་རྗེའི་གསོལ་མཆོད་མདོར་བསྡུས་ལ། 4

28 དེའི་སྤྱི་བསྟབས་འབུལ་ཚུལ་ལ། 4

29 གནོད་སྦྱིན་ཆེན་པོ་ཐ་འོག་ཆོས་རྒྱལ་གྱི་གཤེགས་གཏོར་འབུལ་ཚུལ་ལ། 4

30 བསྟན་སྲུང་དབང་པོ་རྣམས་ཀྱི་གསོལ་མཆོད་གཏོར་འབུལ་གྱི་སྐོར་ལྷ་རྔའི་སྒྲ་དབྱངས་ལ། 136

31 དམ་ཅན་གྱི་གཡང་འབོད་མདོར་བསྡུས་ལ། 2

32 རྟ་མགྲིན་གསང་སྒྲུབ་ཀྱི་ལས་བྱང་པདྨ་ར་གའི་ཕྲེང་བའི་ཆོག་བསྒྲིགས་རིག་འཛིན་མགྲིན་ལྡན་ལ། 11

33 དེ་དང་འབྲེལ་བར་གཏོར་བཟློག་བྱེད་ཚུལ་བདུད་ལས་རྒྱལ་བའི་སྒྲ་དབྱངས་ལ། 15

34 པདྨ་ཡང་གསང་ཁྲོས་པའི་རྒྱུན་ཁྱེར་བསྡུས་པ་ཁྲག་འཐུང་བཞད་པའི་སྒྲ་དབྱངས་སོགས་ལ། 9

35 དེའི་རྒྱུན་ཁྱེར་ཉུང་བསྡུས་བདུད་རྩིའི་སྙིང་པོ་ལ། 4

36 ཡང་དེའི་ལྷ་ཚོགས་ལ་མཆོད་གཏོར་འབུལ་ཚུལ་དང་ཚེ་འགུགས་ལ། 6

37 གསེར་སྐྱེམས་དང༌།ཡང་གསང་བདག་འཇུག་གཉིས་ལ། 13

38 དེའི་བསྙེན་སྒྲུབ་སྐྱེ་བཅའ་ཐབས་དང་ལས་འགྲིགས་ལ། 4

39 དེའི་ལམ་གྱི་རིམ་པའི་སྨོན་ལམ་པདྨ་ར་གའི་ཕྲེང་བ་ལ། 3

40 སྒྲད་རྫོང་བར་ཆད་ཀུན་སེལ་ལ། 4

41 སྨོན་ཚིག་སྐོར་དགེ་ལེགས་དཔལ་སྟེར་ལ། 9

42 གྲྭ་པའི་ཞིང་མཆོག་ཤབྷ་ལར་སྐྱེ་བའི་སྨོན་ཚིག་དོན་ཡོད་འཕྲུལ་གྱི་ཞགས་པ་ལ། 4

43 པར་བྱང་སྨོན་ཚིག་གི་སྐོར་འགའ་ཞིག་ལ། 9

44 བསྔོ་བ་དགེ་ལེགས་སྒོ་འབྱེད་ལ། 4

01032 ད་

1 སྔ་འགྱུར་སྐོར་གྱི་ལྷག་ལྷ་འགའ་ཞིག་གི་བྱིན་རླབས་གསན་པའི་རྒྱུད་ཡིག་ལ། 7

2 ཨོ་ལྡན་པདྨ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སོགས་བླ་མའི་རྣལ་འབྱོར་འགའ་ཞིག་ལ། 11

3 བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་དམིགས་ཁྲིད་མདོར་བསྡུས་ལ། 5

4 ཡི་དམ་ཞི་ཁྲོ་འགའ་ཞིག་གི་བསྟོད་པ་འདོད་གསོལ་གྱི་རིམ་པ་ལ། 10

5 ཡང་གསང་རྒྱ་ཅན་གྱི་བརྒྱུད་འདེབས་སོགས་བརྒྱུད་འདེབས་སྐོར་ལ། 4

6 གུ་རུ་ཞི་དྲག་སོགས་ལ་ཐུན་མོང་དུ་སྦྱར་ཆོག་པའི་བསྙེན་སྒྲུབ་ཀྱི་རྣམ་གཞག་མདོར་བསྡུས་ལ། 7

7 རྙིང་ཕྱོགས་ཀྱི་ཡི་དམ་སྦྱི་ལ་སྦྱར་ཆོག་པའི་ཁ་སྐོང་གི་སྦྱིན་སྲེག་མདོར་བསྡུས་ལ། 3

8 དྲིས་ལན་གྱི་སྐོར་འགའ་ཞིག་ལ། 11

9 དྲག་པོའི་རྒྱུན་ཁྱེར་རྡོ་རྗེ་ཕ་ལམ་སོགས་སྒྲུབ་འཕྲིན་ལས་འགའ་ཞིག་གི་སྐོར་ལ། 13

10 བླ་མ་དྲག་པོའི་ལས་བྱང་གི་མཇུག་ཏུ་བྱ་བའི་སྨོན་ལམ་ལ། 2

11 བཀའ་བརྒྱད་ཞི་ཁྲོ་རྣམ་རོལ་གྱི་ལས་བྱང་མདོར་བསྡུས་དཔའ་བོའི་གད་རྒྱངས་ལ། 8

12 གསང་བདག་དྲེགས་པ་ཀུན་འདུས་ཀྱི་ལས་བྱང་སྙིང་པོ་དྲིལ་བ་ལ། 5

13 དབང་ཆེན་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་དབང་གི་ཆོག་བསྒྲིགས་པདྨའི་ཕྲེང་བ་ལ། 12

14 གསང་བདག་དྲེགས་འདུལ་བདུད་སྡེ་ཕྱེར་འཐག་གི་འཕྲིན་ལས་གནམ་ལྕགས་འབར་བའི་འཁོར་ལོ་ལ། 13

15 ལྷ་བྲག་ཕུར་པའི་ཚོགས་མཆོད་ཉུང་བསྡུས་ལ། 3

16 མཁའ་འགྲོ་བདུད་འདུལ་དྲག་མོའི་རྒྱུན་ཁྱེར་བསྡུས་པ་ལ། 3

17 དེའི་ལས་བྱང་གི་མཇུག་ཏུ་བྱ་བའི་སྨོན་ལམ་ལ། 3

18 དེའི་བསྙེན་པ་བྱེད་ཚུལ་མདོར་བསྡུས་ལ། 6

19 དེའི་གཏོར་བཟློག་གི་ལས་འགྲིག་ལ། 5

20 སྐུ་བསྲི་མནན་པ་ཀུན་ཐུབ་རྒྱལ་མོའི་བསྐུལ་བ་དང་བཅས་པ་ལ། 3

21 བཀའ་སྲུང་མ་མགོན་ལྕམ་དྲལ་སྡེ་བརྒྱད་བཅས་ཀྱི་་བསྐང་གསོ་ལ། 3

22 དཔལ་མགོན་ཚོགས་ཀྱི་་བདག་པོའི་འཕྲིན་བཅོལ་འཇིགས་མེད་སྒྲ་དབྱངས་ལ། 3

23 ལྷ་མོ་གིང་ལྔ་གཟའ་གདོང་སོགས་ཀྱི་་བསྐུལ་བ་ལ། 4

24 དུར་ཁྲོད་ལྷ་མོའི་ཚོགས་མཆོད་ལ། 3

25 དམ་ཅན་ནོར་སྒྲུབ་ཀྱི་གསོལ་མཆོད་མདོར་བསྡུས་འདོད་དགུའི་རེ་སྐོང་ལ། 6

26 དམ་ཅན་ནོར་སྒྲུབ་སྙིང་གི་བང་མཛོད་ཀྱི་ཟུར་འདེབས་རིན་ཆེན་ལྡེ་མིག་ལ། 7

0103ཨྦི

1 བཀའ་རྒྱ་མའི་སྐོར་ལ་བླ་མའི་རྣལ་འབྱོར་བཀའ་རྒྱ་མ་ལ། 3

2 དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྙེན་སྒྲུབ་བྱ་ཚུལ་བླ་མའི་གསུང་རྒྱུན་གསལ་བར་བཀོད་པ་དངོས་གྲུབ་ནོར་བུའི་བང་མཛོད་ལ། 49

3 དེའི་སྐོར་ཀྱི་དྲིས་ལན་ལ། 4

4 འཇམ་དབྱངས་ཕྱི་ནང་གསང་གསུམ་གྱི་འདོད་གསོལ་སོགས་ལ། 6

5 འཇམ་དབྱངས་དཀར་པོ་ལ་བརྟེན་པའི་ཞི་ཁྲོ་སྦྲགས་སྒྲུབ་བྱེད་ཚུལ་ཐུན་མོང་མ་ཡིན་པ་ལ། 4

6 བསླབ་བྱ་འགའ་ཞིག་ལ། 7

7 བྲག་རྫོང་རྒྱུན་ཁྱེར་ལ། 2

8 བླ་མ་ནག་པོ་ཆེན་པོ་གུར་གྱི་གསོལ་འདེབས་ལ། 3

9 སྟོབས་འཕྲོག་དབང་པོ་བྲམ་ཟེ་གཟུགས་ཅན་ལ་བསྟོད་པ་བདུད་དཔུང་ཕྱེ་མར་འཐག་པའི་ང་རོ་ལ། 3

10 ལྷ་མོ་རིག་བྱེད་མའི་དབང་གི་སྦྱིན་སྲེག་དོན་ཡོད་ལྕགས་ཀྱུ་ལ། 6

11 ལྕགས་མཁར་གྱི་ལག་ལེན་ཡིག་ཆུང་ལ། 3

12 འཕྲུལ་འཁོར་གསན་བཞེས་སྐབས་ཀྱི་་བརྗེད་ཐོ་ལ། 6

13 བསམ་གྱི་མི་ཁྱབ་ཀྱི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་ལ། 2

14 ནོར་བདག་གནོད་སྦྱིན་ཆེན་པོ་ལ་བརྟེན་པའི་གཏོར་སྒྲུབ་བྱེད་ཚུལ་སྲིད་གསུམ་གཡོ་བའི་ལྕགས་ཀྱུ་ལ། 8

15 དགེ་ལྡན་བསྟན་པ་འཕེལ་རྒྱས་གླིང་གི་སྣོད་བཅུད་གཉེར་གཏད་ལ། 2

16 སྲུང་མའི་འཁུ་ལྡོག་ཞི་བའི་སྒོམ་བཟླས་བྱེད་ཚུལ་ལ། 2

17 ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གི་གློ་བུར་ལས་བཅོལ་བྱེད་ཚུལ་གནམ་ལྕགས་འཕྲུལ་སྒྱོགས་ལ། 6

18 བསྟན་སྲུང་བསེ་ཡི་ཁྲབ་ཅན་ལ་བརྟེན་པའི་གཏོར་བཟློག་གི་ཆོ་ག་འཇིགས་རུང་རྡོ་རྗེའི་མེ་ཆར་ལ། 19

19 ཚངས་པ་དྲག་པོ་བསེ་ཁྲབ་ཅན་གྱི་འཕྲིན་ལས་ཕྱི་མ་གསུམ་གྱི་སྦྱིན་སྲེག་གྱི་ཁྱད་པར་ཐོ་ཙམ་བཀོད་པ་ལ། 4

20 རྒྱལ་པོ་ཆེན་པོའི་དྲག་བསྐུལ་རྡོ་རྗེའི་ཐོག་མདའ་ལ། 4

21 ཆོས་སྐྱོང་གཟའ་བདུད་སྐྱེ་བསྐུལ་བ་དུག་གི་རལ་གྲི་ལ། 3

22 གཟའི་འཕྲིན་བཅོལ་དང་གསེར་སྐྱེམས་བཀའ་རྒྱ་མ་ལ། 3

23 སྲོག་བདག་རྡོ་རྗེ་དཔའ་བོ་རྩལ་ཀྱི་དྲག་བསྐུལ་དུས་མཐའི་མེ་དཔུང་ལ། 5

24 བསྟན་སྲུང་ཀརྨ་བཛྲ་ཡི་གསོལ་མཆོད་བཀའ་རྒྱ་མ་ལ། 3

25 བསྟན་སྲུང་དགྲ་ལྷ་ཆེན་པོའི་ཐུན་མོང་མ་ཡིན་པའི་སྲོག་གཏད་བྱེད་ཚུལ་བཀླག་ཆོག་ཏུ་བཀོད་པ་འདོད་དགུའི་བུམ་བཟང་ལ། 8

599

26 བསྟན་སྲུང་ཚངས་པ་དྲག་པོའི་སྒོས་ཀྱི་སྲོག་གཏད་འཕྲིན་ལས་འདོད་འཇོ་ལ། 6

27 རྡོ་རྗེ་ཤུགས་ལྡན་གྱི་རྗེས་གནང་བྱེད་ཚུལ་འཕྲིན་ལས་དོན་གྲུབ་ལ། 5

28 རྒྱལ་ཆེན་ཀརྨ་བཛྲའི་རྗེས་གནང་ལ། 4

29 གཉན་རྒོད་སྔོ་ལྷ་གཡུ་རྩེའི་སྲོག་དབང་བཀའ་རྒྱ་མ་ལ། 4

30 ལྷ་ཆེན་གཉན་པོ་གཡུ་རྩེའི་སྲོག་དབང་བྱེད་ཚུལ་དྲེགས་པའི་སྲོག་ཐིག་བཀའ་རྒྱ་མ་ལ། 4

31 དེའི་རྟེན་རྫས་བཅའ་ཐབས་དྲེགས་པའི་རོལ་མཚོ་ལ། 4

32 གཉན་རྒོད་རྡོ་རྗེ་བདུད་འཇོམས་ཀྱི་ཟོར་ནག་གི་ལས་མཐའ་རྣོ་ངར་དུག་གི་རལ་གྲི་ལ། 7

33 གཏེར་བདག་གཉན་གྱི་རྒྱལ་པོ་ལ་བརྟེན་ནས་ནོར་སྒྲུབ་བྱེད་ཚུལ་འདོད་དགུའི་གཏེར་མཛོད་འབྱེད་པའི་ལྡེ་མིག་ལ།10

34 དེའི་གཡང་འབོད་སོགས་ལ། 3

35 ལྷ་རྩེ་ཡིད་བཞིན་བདུད་འཇོམས་ཀྱི་ཟོར་ལས་རལ་གྲི་རེག་གཅོད་ལ། 12

36 དགྲ་སྲི་མནན་པའི་ཆོ་ག་དུག་མདའ་ནག་པོ་ལ། 5

37 མི་མ་ཡིན་རྣམས་ལ་སྤྲིངས་པའི་བཀའ་ཤོག་དམ་བསྒྲགས་སྐོར་ལ། 2

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཀིརྟི་བློ་བཟང་འཕྲིན་ལས་ནི་མཚོ་སྔོན་ལྷོ་རྒྱུད་རྩེ་གཞུང་གི་ས་ཆའི་བྱེ་བྲག་དང་པོའི་མདོ་ཞེས་པའི་ཡུལ་དུ་ཡབ་སྔགས་འཆང་བདེ་ཆེན་དང༌།ཡུམ་ཇོ་མོ་ཐར་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ས་བྱ་1849 ལོ་ལ་འཁྲུངས།ཡབ་བདེ་ཆེན་ནས་འཕྲིན་ལས་རྡོ་རྗེ་ཞེས་པའི་མཚན་གསོལ།དགུང་གྲངས་ལྔ་པ་ར་ཕེབས་སྐབས་འཇམ་བཞད་སྐུ་ཕྲེངས་གསུམ་པ་འཇིགས་མེད་རྒྱ་མཚོ་མཆོག་ནས་རོང་པ་ཆོས་རྗེའི་སྐུ་ཀྱི་རུ་ངོས་འཛིན་མཛད།མཚན་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོར་གསོལ།དགུང་ལོ་དྲུག་པ་ནས་ཨ་ལགས་བསྟན་པ་ཡོངས་འཛིན་དུ་བསྟེན་ནས་འབྲི་ཀློག་སོགས་སློབ་འགོ་ཚུགས།བླ་བྲང་བཀྲ་ཤིས་འཁྱིལ་གྱི་འདུ་ཁ་ཆེན་མོར་ཁྲི་སྟོན་མཛད།དགེ་བཤེས་ཐུབ་བསྟན་མཐའ་ཡས་ལས་མདོ་སྔགས་ཀྱི་དབང་མང་པོ་གསན་པ་དང༌།དགུང་ལོ་བརྒྱད་ལ་རྗེ་དཀོན་མཆོག་སྨོན་ལམ་བཟང་པོའི་མདུན་དགེ་ཚུལ་གྱི་སྡོམ་པ་བཞེས།དགུང་ལོ་བཅུ་གཅིག་ནས་ཉེར་བཞིའི་བར་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་

མཐར་ཕྱིན་མཛད།དགུང་ལོ་ཉེར་བཞི་པར་རང་གི་གདན་སར་རྗེ་བཙུན་ངག་དབང་ཆོས་འཕེལ་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།དགུང་ལོ་ཉེར་ལྔ་ལོར་ཟི་ཁྲོན་རྔ་པའི་ཡུལ་དུ་དགོན་གསར་ཕལ་ཆེར་བཏབ་ནས་གྲུབ་རྗེས་དགོན་དེའི་གདན་སར་བཞུགས་ཏེ།བཤད་གྲྭ་དང་སྒྲུབ་གྲྭ་བཙུགས་ཏེ་བསྟན་པ་རྒྱ་ཆེར་སྤེལ།ཁོང་ནི་དབུས་གཙང་དུ་ཕེབས་མ་མྱོང་ཡང་མདོ་སྨད་ཀྱི་མགོན་སྡེ་ཕལ་མོ་ཆེ་དང་སོག་ཡུལ་གྱི་དགོན་སྡེ་འགར་ཞབས་ཀྱིས་བཅགས་ཏེ་སྐུ་ཚེ་ཧྲིལ་བོར་རྟེན་གསེར་བཞེངས་དང་འཆད་ཉན་གྱིས་དུས་འདའ་བར་མཛད།མཐར་དགུང་ལོ་ང་དྲུག་སྟེ་ཤིང་འབྲུག 1904ལོར་སྐུ་གཤེགས།གསུང་འབུམ་པོད་དགུ་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།