ལྕང་རྒྱབ་ཁྲི་ཟུར་མཁྱེན་རབ་ཡོན་ཏན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 09:27:48     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

བར་པོད།ཤོག་གྲངས།

01023

1 སྦྱོར་བའི་ཆོས་དྲུག་གི་འདོན་བསྒྲིགས་ཆེ་འབབས་སུ་བཀོད་པ་ལ། 16

2 བླ་མཆོད་ཁྲིད་ཡིག་མན་ངག་གཏེར་མཛོད་ལ། 20

3 རྡོར་དབྱིངས་ཀྱི་་བདག་མདུན་བུམ་པ་དབང་ཆོག་སྨོན་ཤིས་བཅས་ནག་འགྲོས་སུ་བཀོད་པ་ཡིད་ཀྱི་རེ་སྐོང་ལ། 30

4 ཁང་བའི་ས་དཔྱད་བཅོས་སྒྲིབ་གཏོ་ཆོག་དང་བཅས་པ་ཡང་གསལ་སྒྲོན་མེ་ལ། 17

5 ལོ་གྱོན་རིལ་བུའི་སྦྱར་ཐབས་དང་ལས་ཚོགས་རིལ་སྒྲུབ་དང་ཀེག་རྩིས་རབ་གནས་བཤད་པ་བཅས་ལ། 28

6 དབེན་ས་སྙན་བརྒྱུད་སྐྱེ་བདུད་རྩི་རིལ་བུ་བྱ་ཚུལ་མན་ངག་ཞལ་ཤེས་ལྟར་བཀོད་པ།ཆོས་སྲུང་རྣམས་ཀྱི་བླ་རྡོ་སྲོག་འཁོར་དང་རྟེན་ཐུགས་འཛུགས་ཆོག་སྤོས་སྦྱོར་མན་ངག་ཉེར་མཁོ།ཆར་འབེབས།སྒྲོལ་བསྟོད་བླ་མེད་དང་བྱ་རྒྱུད་སོགས་ཀྱི་བུམ་རྫས་སྦྱོར་ཚུལ།སྤྲུལ་སྐུ་ངོས་འཛིན་བཅས་ལ། 20

7 བོད་སྐྱེ་བརྡ་སྤྲོད་པའི་གཞུང་སུམ་རྟགས་ཉུང་ངུའི་ཚིག་གི་གོ་བདེར་བཀྲལ་བ་བློ་སྦྱོངས་གསལ་སྒྲོན་ལ། 12

དཀར་ཆག་ལ། 1

མཛད་པ་པའི་ལོ་རྒྱུས་མདོར་བསྡུས།

༄༅།།ལྕང་རྒྱབ་ཁྲི་ཟུར་མཁྱེན་རབ་ཡོན་ཏན་ནི་དུས་རབས་བཅུ་དགུ་པའི་ནང་འཁྲུངས།སྐུ་གཞོན་དུས་བླ་བྲང་བློ་གསལ་གླིང་དུ་གསན་བསམ་གནང་བ་དང༌།སྨོན་ལམ་ཆེན་མོའི་གྲྭ་སྐོར་གནང་སྟེ་རྒྱུད་སྟོད་ཀྱི་ཆོས་གྲྭར་ཞུགས།སྤྱི་ལོ་1909 ལོ་རྗེ་ཉིད་བྱང་རྩེ་ཆོས་རྗེའི་སྐབས་ཁྲི་ཆེན་བློ་བཟང་རྒྱལ་མཚན་གྱིས་སྡེ་སྲིད་ཀྱི་གསུང་བཻེཏྱ་དཀར་པོའི་པར་ཤིང་བགྲེས་སྐྱོན་གྱིས་གསར་བརྐོའི་སྐབས་ཁོང་གིས་ཞུས་དག་ཀྱང་མཛད་འདུག་དེ་རྗེས་དགའ་ལྡན་ཁྲི་ཐོག་བརྒྱད་ཅུ་གྱ་བརྒྱད་པའི་ཁྲིར་ཕེབས།ཁྲི་ཟུར་གནང་ནས་ལོ་ཤས་རྗེས་སྐུ་གཤེགས་འདུག་ཁོང་ལ་མཛད་རྣམ་ཞིབ་པ་མེད།གསུང་འབུམ་པོད་གཅིག་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།