བླ་མི་ཉག་མཁན་སྤྲུལ་བློ་བཟང་སྐལ་ལྡན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 09:27:07     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་གྲངས།

01021 དང་པོ།

ཀཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་སློབ་དཔོན་ཤེས་རབ་གོ་ཆའི་རྒྱ་འགྲེལ་གྱི་ཚིག་ཕལ་ཆེར་སོར་བཞག་བགྱིས་པ་ལ། 48

ཁདགའ་ལྡན་ལྷ་བརྒྱ་མའི་ངག་འདོན་བླ་མའི་མན་ངག་བཞིན་བསྒྲིགས་པ་འཇམ་མགོན་བྱིན་འཇུག་ལ། 9

གལམ་རིམ་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་གི་ཟིན་བྲིས་ལ། 7

ངཐུགས་རྗེ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ལ། 4

ཅསྐྱེས་རབས་སོ་ལྔ་པ་པའི་དོན་བསྡུས་པའི་བསྟོད་པ་ལ། 6

ཆདམིགས་བརྩེ་མའི་བེའུ་བུམ་ནང་བཞུགས་པའི་ལྷ་བརྒྱ་མའི་ཁྲིད་ཡིག་ཐམས་ཅད་ཀྱི་སྙིང་པོ་རྣམས་དང་བླ་མའི་མན་ནང་ཏུ་མའི་ཆེ་ཕྲན་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་ཁྲིད་ཡིགརྒྱ་མཚོ་ལ། 38

ཇཡི་དམ་སྤྱི་འགྲོའི་ཚོགས་མཆོད་དང་དེའི་དམ་ཚིག་གི་རིམ་པ་རྒྱས་པར་བཤད་པ་ཚོགས་གཉིས་རིན་ཆེན་འདྲེན་པའི་ཤིང་རྟ་ལ། 24

ཉརྟ་མགྲིན་གསང་སྒྲུབ་སྐྱེ་བདག་བསྐྱེད་ཐུའུ་བཀྭན་རིན་པོ་ཆེའི་མཛད་པ་ལ་སྒྲུབ་མཆོད་སྐབས་དགོས་པའི་ཁ་སྐོང་སོགས་ཇི་རིགས་བགྱིས་པ་རྟ་མཆོག་ཞལ་ལུང་དང་བསྐང་བཤགས་བྱ་ཚུལ་བཅས་ལ། 27

ཏསྔགས་ཆེན་བློ་བཟང་བསྟན་འཛིན་གྱིས་ཆོག་བསྒྲིགས་མཛད་པའི་རྟ་མགྲིན་གྱི་དཀྱིལ་ཆོག་སོར་བཞག་ལས་འདིར་རྟ་མཆོག་ཞལ་ལུང་ལ་སྦྱར་ནས་སྨོན་ཤིས་དང་དཀྱིལ་ཆོག་བསྡུས་པ་བཅས་གསར་བསྒྲིགས་བྱས་པ་ལ། 28

ཐདཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་དགྲ་བགེགས་རེངས་པར་བྱེད་པའི་སྦྱིན་སྲེག་ལི་ཐང་ཕྱོགས་སུ་དཔེ་བྲིས་མ་ཞིག་འདུག་པ་སླར་དངོས་རྒྱམ་མ་སོགས་ལ་གཞག་ནས་དག་པར་བགྱིས་ཁུལ་ལ། 12

དཚེ་ཁྲིད་རྡོ་རྗེའི་སྲོག་ཤིང་གི་ཆོག་བསྒྲིགས་རང་གི་བླ་མ་ལས་ཐོབ་པའི་ལག་ལེན་ལ། 22

ནཕྱུག་ན་རྡོ་རྗེའི་མདུན་བསྐྱེད་བསྐང་བཤགས་ལ། 13

པསེང་གདོང་མའི་གཏོར་བཟློག་རྒྱུད་སྟོད་པ་སོགས་ཀྱི་གྲོང་ཆོག་ཏུ་གནང་བ་དེ་ལ་བསྒྲལ་ལས་དང་བཟློག་པ་སོགས་སྦྱར་བ་ལ། 26

ཕགདུགས་དཀར་བཟློག་བསྒྱུར་ལྷོ་བྲག་གྲུབ་ཆེན་གྱི་གསུང་བཞིན་བསྒྲིགས་པ་ལ། 10

བརྒྱལ་ཆེན་བསྐང་གསོ་བསྟན་སྲུང་དགྱེས་པའི་རོལ་མོ་ལ། 12

མཔཎ་ཆེན་ཆོས་རྒྱལ་གྱིས་མཛད་པའི་སྒྲོལ་བསྟོད་ཤིན་ཏུ་བསྡུས་ཤིང་རྒྱལ་དབང་ལྔ་པ་ས་བདག་བསྐྱེད་གཏེར་གཞུང་ལ་བརྟེན་པ་དང་ད་ལྟའི་དབུས་པར་དེ་ཤིན་ཏུ་མ་དག་པ་སོགས་ཀྱིས་འདིར་གསར་བསྒྲིགས་བྱས་པ་ལ། 26

ཅརྒྱལ་བ་དགེ་འདུན་རྒྱ་མཚོའི་དགོངས་པ་བཞིན་ལྷ་མོའི་གཏོར་ཆེན་ཐུན་མོང་མ་ཡིན་པའི་ཚེ་ཡང་ལག་ལེན་འགའ་ཞིག་བསྣན་པས་ཆོག་པ་རྡོ་རྗེའི་ཐོག་མདའ་ལ། 20

ཆགནས་བརྟན་ཕྱག་མཆོད་ཀྱི་ཆོ་ག་རྒྱལ་དབང་བདུན་པས་མཛད་པ་ཚིག་དོན་ཤིན་ཏུ་ལེགས་པ་ཁ་སྐོང་ཅུང་ཟད་བགྱིས་པ་ལ། 12

ཇའཕྲལ་གྱི་དོན་སྒྲུབ་པ་རྣམས་ལ་ཆེ་ཁའི་གཉན་པ་ལྟར་ཉེ་བར་མཁོ་བ་གསོལ་མཆོད་བསངས་རྔན་གསེར་སྐྱེམས་སོགས་ལ། 13

01022 གཉིས་པ།

ཀརྟ་མགྲིན་གསང་སྒྲུབ་ཀྱི་འཕྲིན་ལས་ཀྱི་བྱང་བུ་གསང་གཏམ་སྙིང་གཏེར་དང་དེའི་བསྙེན་ཡིག་རྗེས་གནང་སོགས་ལ།21

ཁརྟ་མགྲིན་གསང་སྒྲུབ་ཀྱི་འཁོར་ལོའི་མན་ངག་དང་འབྲེལ་བའི་གཏོར་བཟློག་བྱ་ཚུལ་བཀའ་རྒྱ་མར།8

གདེའི་འཁོར་ལོ་མན་ངག་གི་ཁ་བྱང་རྒྱལ་དབང་དང་ཐུའུ་བཀྭན་སོགས་ཀྱི་མཛད་པ་ལ་འདོན་ཆོག་ལག་ལེན་སོགས་གསལ་བར་བཀོད་པ་མཚོན་ཆ་འཁོར་ལོ་བཀའ་རྒྱ་མ་ལ། 10

ངརྟ་མགྲིན་སོགས་ཀྱི་ཉེར་མཁོའི་ཚོགས་སྐོང་བྱ་ཚུལ་ལ།5

ཅརྟ་མགྲིན་གྱི་གཏོར་བཟློག་སྐབས་ཉེར་བར་མཁོ་བའི་དགྲ་བགེགས་ངག་སྦྱོར་དབྱེ་བའི་ཆོ་ག་ལ། 14

ཆརྟ་མགྲིན་གསང་སྒྲུབ་ཀྱི་ལས་འཇམ་པོ་གསུམ་གྱི་སྦྱིན་སྲེག་ལྷན་ཐབས་དང་བསྲེས་ནས་གསལ་བར་བཀོད་པ་ལ།17

ཇསློབ་དཔོན་རིན་པོ་ཆེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རམ་བླ་མཆོད་ཆོ་གལ། 10

ཉརྟ་མགྲིན་ཡང་གསང་གི་སྦྱིན་སྲེག་རྒྱལ་དབང་གི་གསུང་ལ་ཁ་སྐོང་ལྷན་ཐབས་དུ་མ་དང་བསྲེ་དགོས་པ་ལས་དང་པོ་བར་ལག་ལེན་མི་བདེ་བ་འདིར་དཀྱུས་གཅིག་ཏུ་བསྒྲིགས་པ་ལ། 21

ཏརྟ་མགྲིན་ཡང་གསང་གི་བསྙེན་སྒྲུབ་རྒྱལ་དབང་གི་བསྙེན་ཡིག་ནང་བཞིན་བྱེད་ན་ཡིག་ཆ་མང་པོ་འཚོལ་དགོས་པས་འདིར་སྒྲུབ་ཐབས་འདྲ་མིན་ལྔ་དང་བསྙེན་ཡིག་དངོས་གྲུབ་ལེན་ཆོག་སོགས་མན་ངག་མང་པོ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 27

ཐརྟ་མགྲིན་སྐྱེར་སྒང་ལུགས་ཀྱི་ལས་བྱང་རྒྱས་པར་བཀོད་པ་ལོག་འདྲེན་འཇོམས་བྱེད་གནམ་ལྕགས་རལ་གྲི་ཞེས་བྱ་བ་ལ། 19

དགཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་ཚིག་འགྲེལ་གཞན་འདོད་བཞིན་བྲིས་པ་ལ། 15

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།བླ་མི་ཉག་མཁན་སྤྲུལ་བློ་བཟང་སྐལ་ལྡན་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་ནང་མགར་མཐར་དུ་འཁྲུངས།སྐུ་གཞོན་དུས་མི་ཉག་སྐྱིད་ལེགས་དགོན་དུ་ཆོས་ཞུགས་ཀྱིས་གཞུང་ལ་གསན་བསམ་མཛད།རྗེ་འདིས་དབུས་སུ་ཁྲི་རིན་པོ་ཆེ་ངག་དབང་ནོར་བུ་དང༌།ཀེའུ་ཚང་བློ་བཟང་བསྟན་འཛིན་ཡར་རྒྱས།གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན།རྗེ་ཉིད་ལ་རྣམ་ཐར་ཞིབ་པ་མེད།གསུང་འབུམ་པོད་གཉིས་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།