ཏྲེ་ཧོར་ཁང་གསར་བློ་བཟང་ཚུལ་ཁྲིམས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 09:25:55     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་གྲངས།

01018 ཀ་

1 སྔོན་འགྲོའི་ཆོས་དྲུག་ནས་གསང་ཆེན་རིམ་གཉིས་བར་བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་བླང་ཚུལ་ཐུགས་རྗེའི་ཞལ་གྱི་བུམ་བཟང་ལ། 32

2 ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོའི་ཟིན་བྲིས་ཐེག་ཆེན་གཞལ་མེད་ཁང་དུ་འཛེགས་པའི་བཻ་ཌྰརྱའི་ཐེམ་སྐས་ཞེས་བྱ་བ་ལས་བཤེས་གཉེན་བསྟེན་ཚུལ་ཡན་གྱི་སྐོར་ལ།152

3 བྱང་ཆུབ་ལ་རིམ་ཆེན་མོའི་བཤད་ལུང་ལན་ལྔ་བ་ཞུས་སྐབས་ཀྱི་ཟིན་བྲིས་སྐུ་བཞིའི་གཞལ་མེད་ཁང་དུ་བགྲོད་པའི་བཻ་ཌྰརྱ་སེར་པོའི་ཐེམ་སྐས་ལ། 34

4 བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་གྱི་ཟིན་བྲིས་བྲིས་བླ་མའི་གསུང་རྒྱུན་དྲི་མ་མེད་པ་ཕན་བདེའི་ཆར་ཆེན་འབེབས་པའི་དཔག་བསམ་ལྗོན་པ་ལ། 39

5 དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རིམ་པ་དང་པོའི་ཟིན་བྲིས་ཟུང༌།

འཇུག་རིན་ཆེན་འདྲེན་པའི་ཤིང་རྟ་ལ། 107

6 དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་པའི་རིམ་པའི་དམར་ཁྲིད་ཁྱེར་བདེ་བ་བདེ་འབྱུང་གཙུག་ལྡན་ག་བུར་ཐིགས་པ་ལ། 40

7 ཞལ་གདམས་རང་རྒྱུད་དགུ་གསུམ་འཇོམས་པའི་བདུད་རྩིའི་བུམ་བཟང་ལ། 11

དཀར་ཆག་ལ། 2

01019 ཁ་

1 བླ་མའི་རྣལ་འབྱོར་བྱིན་རླབས་བདུད་རྩིའི་ཕྲང་ཆར་ལ། 4

2 ལམ་རིམ་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་མྱུར་ལམ་གྱི་ཟིན་བྲིས་ཕན་བདེའི་ཆར་ཆེན་འབེབས་པའི་ཡིན་ནོར་ལ། 72

584

3 མྱུར་ལམ་དམར་ཁྲིད་ཀྱི་ཟིན་བྲིས་གསེར་གྱི་ཤིང་རྟ་ལ། 137

4 བླ་མའི་མན་ངག་བདུད་རྩིའི་ཐིགས་པ་ཉོན་མོངས་གདུང་སེལ་ལ། 5

5 འཆི་བ་མི་རྟག་པ་ལ་བློ་སྦྱོང་བའི་ཚུལ་རྟག་འཛིན་དགྲ་དཔུང་འཇོམས་པའི་རུ་མཚན་ལ། .10

6 མན་ཌལ་བཤད་པ་ནོར་བུའི་ཕྲེང་བ་ལ། 10

7 མཎ་བཤད་གནད་བསྡུས་ལ། 10

8 ཟབ་ལམ་བླ་མ་མཆོད་པའི་མན་ངན་སྙན་བརྒྱུད་ལག་ལེན་དུ་བསྟར་བའི་རིམ་པ་ནག་འགྲོས་སུ་བཀོད་པ་ལ། 32

9 དཔལ་དུས་ཀྱི་འཁོར་ལོའི་མཆོད་བརྗོད་ཚིགས་བཅད་ཟུང་གི་འགྲེལ་བཤད་ལ། 9

10 བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་བའི་ཆོ་གའི་ཡན་ལག་ས་ཆོག་གི་སྐོར་སོགས་ནག་འགྲོས་སུ་བཀོད་པ་བདེ་ཆེན་མྱུར་ལམ་ལ། 81

11 དུས་འཁོར་དབང་ཆོག་ནག་འགྲོས་སུ་བཀོད་པ་ལ། 28

དཀར་ཆག་ལ། 1

01020 ག་

1 མཁྱེན་རབ་རྣམ་པར་བཀྲ་བ་བྲག་དཀར་སྤྲུལ་སྐུ་དང་བརྒྱལ་ལན་འགའ་ཞིག་བགྱིས་པ་ལ། 18

2 རྗེ་བཙུན་བླ་མ་དམ་པ་རྡོ་རྗེ་འཆང་བློ་བཟང་ཆོས་འཕེལ་མཐུ་སྟོབས་རྒྱ་མཚོ་དཔལ་བཟང་པོའི་ཞབས་བསྟན་སོགས་ཐོར་བུ་སྣ་ཚོགས་ལ། .74

3 ཟབ་ལམ་ནྰ་རོཆོས་དྲུག་གི་ཁྲིད་ཡིག་བདེ་ཆེན་མྱུར་ལམ་ལ། 50

4 ལམ་རིམ་བསྡུས་དོན་གྱི་ཟིན་བྲིས་བདུད་རྫིའི་སྙིང་པོ་ལ། 16

5 ཟབ་མོ་དབུ་མའི་ལྟ་ཁྲིད་བདག་འདྲེན་དགྲ་འཇོམས་ལ། 13

6 དུས་འཁོར་གྱི་དབང་བཤད་ལ། 60

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཏྲེ་ཧོར་ཁང་གསར་བློ་བཟང་ཚུལ་ཁྲིམས་ནི་མདོ་ཁམས་དཀར་མཛེས་ཀྱི་སའི་ཆར་རབ་བྱུང་བཅུ་བཞི་པའི་ས་སྤྲེ་1848 ལོ་ལ་འཁྲུངས།སྐུ་གཞོན་དུས་དབུས་སུ་གྲྭ་སར་ཆོས་ཞུགས་མཛད་དེ་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད།རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་དུས་རྒྱུད་སྨད་མཁན་པོ་གནང༌།དེའི་ཕྱིར་ཏྲེ་ཧོར་ཁང་གསར་བློ་བཟང་ཚུལ་ཁྲིམས་ཞེས་ཞུ།རྗེ་དེའི་རྣམ་ཐར་ཞིབ་པ་ལག་སོན་མ་བྱུང༌།གསུང་འབུམ་པོད་གསུམ་ནས་འདིར་པོད་གཉིས་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།