གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 09:15:13     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

བར་བོད།ཤོག་གྲངས།

01007ཀ་

1 གྲུབ་པའི་དབང་ཕྱུག་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་རྡོ་རྗེ་འཆང་རྗེ་བཙུན་བྱང་ཆུབ་རིན་ཆེན་དཔལ་བཟང་པོའི་རྣམ་ཐར་མདོ་ཙམ་བརྗོད་པ་སྒྲུབ་བརྒྱུད་བསྟན་པའི་མཛེས་ལྡན་ལ། 16

2 བཀའ་དྲིན་མཚུངས་མེད་རྗེ་འཇིགས་མེད་མཚན་ཅན་གྱི་འཁྲུངས་རབས་གསོལ་འདེབས་བྱིན་རླབས་ལྷུན་པོ་ལ། 4

3 བྱང་ཕྱོགས་བསྟན་པའི་གསལ་བྱེད་པན་དྲི་ཏ་ཧོ་ཐོག་ཐུ་པ་ཀྵི་ནོ་མོན་ཧན་བླ་མའི་འཁྲུངས་རབས་རྟོགས་བརྗོད་སྙན་ངག་མཁས་པའི་མགྲིན་ལྡན་ལ། 5

4 རྗེ་བཙུན་བྱམས་པ་མགོན་པོ་ལ་བསྟོད་ཅིང་འདོད་དོན་གསོལ་བ་དད་པའི་གདངས་དབྱངས་ལ། 5

5 གཙུག་ཏོར་རྣམ་རྒྱལ་མ་ལ་བསྟོད་པ་འཆི་མེད་ཚེའི་བཅུད་ལེན་ལ། 21

6 གཟུངས་ཀྱི་འགྲེལ་པ་ལ། 3

7 རྗེ་བཙུན་སྒྲོལ་མའི་བསྟོད་པ་ཕྱུག་འཚལ་ཉེར་གཅིག་བཤད་སྦྱར་ཉེར་འཚོའི་གཡུལ་ལས་རྒྱལ་པའི་ཟ་འོག་རྒྱལ་མཚན་ཞེས་བྱ་བ་ལ། 27

8 འཇམ་དབྱངས་མཇིང་ཡོན་གྱི་བསྟོད་པ་བྱིན་རླབས་ཅན་གྱི་འགྲེལ་པ་ཤེས་རབ་གསལ་བྱེད་ལ། 16

9 རྒྱལ་བ་ཀུན་གྱི་མཁྱེན་པའི་རང་གཟུགས་རྗེ་བཙུན་འཇམ་དཔལ་དབྱངས་ལ་དོན་ལྡན་སོ་ལྔའི་སྒོ་ནས་བསྟོད་པ་འཇིགས་མེད་བློ་གྲོས་དབྱངས་ལ། 23

10 ལམ་རིམ་དངོས་གྲུབ་ཀུན་འབྱུང་གི་དམིགས་རྣམ་འགའ་ཞིག་གསལ་བར་བཀོད་པ་དངོས་གྲུབ་སྙེ་མ་ལ། 4

11 སྔོན་འགྲོ་ཁྲིད་ཆེན་བཞི་ལས་སྐྱབས་འགྲོའི་དམིགས་རིམ་བཤད་པ་བདེ་ཆེན་ཐར་པའི་ཕོ་བྲང་དུ་འཇུག་པའི་མན་ངག་རིན་ཆེན་ཐེམ་སྐས་ལ། 29

12 རྡོར་སེམས་སྒོམ་བཟླས་ཀྱི་དམིགས་རིམ་བཤད་པ་ཉེས་ལྟུང་དྲི་མ་འཁྲུད་པའི་དག་བྱེད་མན་ངག་རྒྱུན་བཟང་ལ། 28

13 མན་ཌལ་གྱི་དམིགས་རིམ་བཤད་པ་རབ་འབྱམས་དགེ་ཚོགས་སྡུད་པའི་ངོ་མཚར་ཡིད་བཞིན་ལྕགས་ཀྱུ་ལ། 26

14 བླ་མའི་རྣལ་འབྱོར་གྱི་དམིགས་རིམ་བཤད་པ་དངོས་གྲུབ་ཕྲང་ཆར་འཇོ་བའི་བྱིན་རླབས་ཆེ་འཛིན་དབང་པོ་ལ། 25

15 གསང་ཆེན་རྡོ་རྗེ་ཐེག་པའི་ས་དང་ལམ་གྱི་རྣམ་པར་གཞག་པ་ཟུང་འཇུག་ཁང་དུ་བགྲོད་པའི་རིན་ཆེན་ཐེམ་སྐས་ལ།208

01008 ཁ་

1 བླ་མ་དང་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ཟབ་པ་མདོར་བསྡུས་ལ། 3

2 བླ་མ་དང་གསང་བདེ་འཇིགས་གསུམ་དབྱེར་མེད་པའི་རྣལ་འབྱོར་སྒོམ་ཚུལ་མན་ངག་ཟབ་དགུ་འདུས་པའི་ཟ་མ་ཏོག་ལ། 6

3 རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་ཀྱི་སྒྲུབ་ཐབས་གཏོར་འབུལ་སོགས་གཞི་གཅིག་ཏུ་བསྡུས་ཏེ་བྱ་ཚུལ་མན་ངག་རྒྱུན་ཁྱེར་ལ། 11

4 དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད།འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མེད་པའི་འོད་ཅེས་བྱ་བ་འཆད་པའི་ས་བཅད་བསྡུས་དོན་གནས་པའི་ངོས་འཛིན་དང་བཅས་པའི་རིགས་ལྡན་དགྱེས་སྐྱེད་སྒྲུབ་པའི་མཆོད་པའི་སྤྲིན་ཕུང་ལ། 367

5 རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་གཞུང་བཀོད་པའི་ཚུལ་རྒྱས་པར་བཤད་པ་དངོས་

གྲུ་ནོར་བུའི་བང་མཛོད་ལ། 43

6 དཔལ་གསང་བ་འདུས་པའི་རྩ་རྒྱུད་རྒྱ་ཆེར་བཤད་པ་སྒྲོན་མེ་གསལ་བར་བྱེད་པ་ཞེས་བྱ་བའི་གཞུང་བཀོད་ཚུལ་

གསང་དོན་རྣམ་པར་གསལ་བ་རིན་པོ་ཆེའི་མཆོད་སྡོང་ལ། 63

དཀར་ཆག་ལ། 2

01009 ག་

1 རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་གསལ་དཀའ་གནད་ཀྱི་མཐའ་དཔྱོད་རིན་པོ་ཆེའི་

མྱུ་གུའི་བསྡུས་དོན་རིམ་གཉིས་ཀྱི་་བཅུད་ཉིན་པའི་བླ་བཟང་ལ། 14

2 རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་འགྲེལ་པ་དང་བཅས་པའི་བཤད་པས་གཞུང་འགྲེམ་ཚུལ་བློ་གྲོས་གསལ་བའི་སྙིང་ནོར་ལ། 75

3 དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་དགོངས་དོན་འགྲེལ་པ་བཞི་སྦྲགས་ཀྱི་སྒོ་ནས་འཆད་པའི་ཐབས་ཀྱི་མན་ངག་དོན་གསལ་ལ། 67

4 དཔལ་འཁོར་ལོ་སྡོམ་པ་སྦས་དོན་ཀུན་གསལ་བ་ཞེས་བྱ་བའི་རྒྱ་ཆེར་བཤད་པའི་འཆད་པའི་བསྡུད་དོན་ལྷན་ཀྱིས་བདེ་ཆེན་སྟེར་བའི་ཕོ་ཉ་མོ་ལ། 52

5 རྒྱུད་ཀྱི་རྒྱལ་པོ་དཔལ་བརྟག་པ་གཉིས་པའི་བསྡུས་དོན་རིམ་གཉིས་ཀྱི་དོན་རྣམ་པར་གསལ་བ་ལ། 39

6 བཅོམ་ལྡན་འདས་རྒྱལ་བ་སེང་གེའི་ང་རོ་ལ་བརྟེན་ནས་ཕྱག་མཆོད་བྱེད་ཚུལ་རྨད་བྱུང་བཀོད་པར་འཇུག་པའི་དད་པའི་ཅང་ཤེས་ལ། 16

7 རྗེ་བཙུན་བླ་མ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ལ་གསོལ་བ་འདེབས་ཤིང་བསྙེན་པ་བྱེད་ཚུལ་ཐུན་དྲུག་རྣལ་འབྱོར་དང་བཅས་གསལ་བར་བརྗོད་པ་གནད་དོན་ཕྲང་རྩིའི་བཅུད་ལྡན་པད་དཀར་ཕྲེང་མཛེས་ལ། 12

8 བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་ལྷ་ཚོགས་ལ་གཏོར་མ་འབུལ་ཚུལ་མདོར་བསྡུས་ལ། 2

9 དཔལ་དུས་ཀྱི་འཁོར་ལོ་ལ་བརྟེན་ནས་བཟློག་པའི་ཆོ་ག་བྱེད་ཚུལ་རྡོ་རྗེ་ཕ་ལམ་ལ། 3

10 དཔལ་གསང་བ་འདུས་པ་འཇིག་རྟེན་དབང་ཕྱུག་ལྷ་བཅུ་དགུའི་སྒྲུབ་དཀྱིལ་ངག་འདོན་དུ་བྱེད་ཚུལ་གསལ་བར་བཀོད་པ་ཕུལ་བྱུང་དགོངས་གསལ་པདྨ་རྭ་གའི་ལྷུན་པོ་ལ། 60

11 བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་བདུད་ལས་རྣམ་རྒྱལ་གྱི་སྒྲུབ་ཐབས་མདོར་བསྡུས་བདེ་ཆེན་འདོད་འཇོ་ལ།10

12 བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་བདུད་ལས་རྣམ་རྒྱལ་གྱི་སྒོ་ནས་བཀྲུ་བྱབས་བསྲུང་བ་དང་དུག་དབྱུང་བྱ་ཚུལ་གྱི་ཆོ་ག་འཇིགས་མཛད་ཞལ་གྱི་བདུད་རྩི་ལ། 14

13 འཇམ་དཔལ་གཤིན་རྗེའི་གཤེད་ལྷ་ཞེ་དགུ་མ་དང་རོ་ལངས་བརྒྱད་སྐོར་གྱི་དཀྱིལ་ཆོག་འཇིགས་མཛད་ཞལ་ལུང་ལ། 20

14 དཔལ་གཤིན་རྗེའི་གཤེད་དགྲ་ནག་གི་སྒྲུབ་པའི་ཐབས་རིན་པོ་ཆེ་འབར་བ་ངག་འདོན་དུ་བྱ་ཚུལ་ཆ་ལག་དང་བཅས་པ་དངོས་གྲུབ་འདོད་པ་འཇོ་བའི་འོད་སྣང་ལ། 29

15 བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་བདུད་ལས་རྣམ་རྒྱལ་གྱི་སྒོ་ནས་ཚོགས་མཆོད་བྱ་ཚུལ་བདེ་ཆེན་འཛུམ་ཞལ་ལ། 6

16 རབ་གནས་རྒྱས་པའི་ངག་འདོན་བཀྲ་ཤིས་བདུད་རྩིའི་ཆར་འབེབས་ཀྱི་ལྷན་ཐབས་དང་གསང་འདུས་ལ་བརྟེན་པའི་ཚུལ་ས་བོན་དང་བཅས་པ་དགེ་མཚན་དབྱར་རྔ་ལྡིར་བའི་ཆེ་འཛིན་དབང་པོ་ལ། 38

17 གྲུབ་ཆེན་ལུ་ཧི་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་རས་བྲིས་དཀྱིལ་འཁོར་དུ་སྒྲུབ་མཆོད་བྱ་ཚུལ་གྱི་བཅའ་བསྒྲིགས་ཀུན་གསལ་མེ་ལོང་ལ། 8

18 བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་སྒོ་ནས་རབ་གནས་རྒྱས་པ་བྱ་ཚུལ་གསལ་བར་བརྗོད་པ་བཀྲ་ཤིས་སྒོ་འཕར་འབྱེད་པའི་ལྡེ་མིག་ལ། 3

དཀར་ཆག་ལ། 2

01010 ང་

1 བཅོམ་ལྡན་འདས་དཔལ་ཕྱུག་ན་རྡོ་རྗེའི་སྒྲུབ་ཐབས་རྡོ་རྗེ་ཕ་ལམ་ལ། 9

2 བཅོམ་ལྡན་འདས་གསང་བདག་དྲག་པོ་གསུམ་དྲིལ་གྱི་ཚོགས་མཆོད་རྡོ་རྗེའི་སྲོག་ཤིང་ལ། 3

3 རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་གཏོར་ཟོར་བྱ་ཚུལ་གྱི་ཐོ་ཡིག་བསྟན་དགྲ་འཇོམས་པའི་རྡོ་རྗེ་ཐེག་ཆེན་ལ། 8

4 དཔལ་ཁྲོ་རྒྱལ་རྟ་ཆོག་རོལ་པ་གསང་སྒྲུབ་ཀྱི་རྡུལ་ཚོན་དཀྱིལ་འཁོར་སྒྲུབ་མཆོད་བྱ་ཚུལ་ཟུར་འདེབས་རིན་ཆེན་མཛེས་པའི་ཆེན་འཕྱང་ལ། 18

5 ཁྲོ་བཅུ་གཏོར་བཟློག་བདུད་སྡེའི་གཡུལ་ལས་རྒྱལ་བའི་འཁྲུལ་འཁོར་གྱི་ཟུར་འདེབས་ལ། 3

6 གྲུབ་ཆེན་ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་ཨུཏྤལ་གསར་པའི་ཆེན་པོ་ལ། 10

7 བཅོམ་ལྡན་འདས་མ་ཅིག་ཁྲོས་ནག་ལྷ་ལྔའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་ཡེ་ཤེས་བདུད་རྩིའི་རྒྱུན་བཟང་ལ། 9

8 དབེན་ས་སྙན་བརྒྱུད་ལུགས་ཀྱི་གཅོད་ཆོག་དང་འབྲེལ་བའི་ཚོགས་མཆོད་བྱ་ཚུལ་བདེ་ཆེན་འོད་སྣང་འབར་བ་ལ། 4

9 མ་ཅིག་གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ལ་བརྟེན་པའི་ཚེ་སྒྲུབ་དང་འབྲེལ་བར་སྟོང་མཆོད་བྱ་ཚུལ་འཆི་མེད་བདུད་རྩིའི་རྒྱ་མཚོ་ལ། 8

10 བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒོ་ནས་རབ་གནས་འབྲིང་པོའི་ཆོ་ག་བྱ་ཚུལ་བཀྲ་ཤིས་སྙེ་མ་ལ། 26

11 ཀུན་རིག་རྣམ་པར་སྣང་མཛད་སྐྱེ་བསྙེན་ཡིག་མདོར་བསྡུས་ལ། 5

12 བཅོམ་ལྡན་འདས་ཐམས་ཅད་རིག་པའི་དཀྱིལ་འཁོར་གྱི་ལྷ་མཚན་བཀོད་ཚུལ་དང༌།ཚོགས་མཆོད་བྱ་ཚུལ་གཉིས་ལ། 5

13 བཅོམ་ལྡན་འདས་སྨན་པའི་རྒྱལ་པོ་ལྷ་ལྔ་བཅུ་རྩ་གཅིག་གི་སྒྲུབ་ཐབས་དཀྱིལ་ཆོག་གི་རིམ་པ་བཻེཏྱའི་ཞིང་དུ་བགྲོད་པའི་ཨུཏྤལ་སྔོན་པོའི་ཐེམ་སྐས་ལ། 29

14 བཅོམ་ལྡན་འདས་སྨན་བླའི་རྒྱལ་པོ་ལ་བརྟེན་ནས་གཤིན་གསོན་ལ་ཁྲུས་ཆོག་གཏོང་ཚུལ་ལ། 3

15 བདེ་བར་གཤེགས་པ་སྨན་བླའི་བརྒྱུད་རིམ་གསོལ་འདེབས་ཨ་རུ་རའི་ས་བོན་དང༌།བསྙེན་པའི་ཡིག་ཆུང༌།གདུང་འབོད་གསོལ་འདེབས་བཅས་ལ། 5

16 སྨན་བླ་མཆེད་བརྒྱད་ལ་མདོ་ལུགས་ཀྱི་ཟས་མཆོད་བྱ་ཚུལ་བསོད་ནམས་གཏེར་བུམ་ལ། 3

17 ཛམྦྷ་ལ་འབྲུག་བཞོན་ལ་གཏང་རག་ཚོགས་མཆོད་འབུལ་ཚུལ་ཟས་ནོར་ཆར་ཆེན་ལ། 3

18 འཕགས་མ་སོ་སོར་འབྲང་མའི་སྨྱུང་གནས་བྱ་ཚུལ་ལེགས་ཚོགས་སྣང་བའི་དཔལ་སྟེར་ལ། 18

19 བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་སྒོ་ནས་སྟོང་མཆོད་བྱ་ཚུལ་བསོད་ནམས་ལེགས་ཚོགས་དཔལ་གྱི་སྣང་བ་ལ། 13

20 བླ་མ་དང་རྗེ་བཙུན་འཇམ་དཔལ་དབྱངས་དབྱེར་མེད་བླ་མའི་རྣལ་འབྱོར་བྱ་ཚུལ་བློ་གྲོས་སྣང་བ་རྒྱས་བྱེད་ལ། 3

21 འཇམ་དབྱངས་དཀར་པོའི་སྒོ་ནས་བྱབས་ཁྲུས་བྱ་ཚུལ་གདུང་སེལ་ཟླ་འོད་ལ། 5

22 འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་རྒྱུན་ཁྱེར་ཕན་བདེའི་ལེགས་ཚོགས་ཉིན་པའི་བླ་བཟང་ལ། 3

23 དཔལ་རྡོ་རྗེ་སྡེར་མོ་འདོན་ཐབས་ལ། 2

24 འཕགས་པ་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་ཀྱི་་བཀླག་ཐབས་ལ། 2

25 གཙུག་ཏོར་རྣམ་རྒྱལ་མའི་ཚེ་སྒྲུབ་མདོར་བསྡུས་ལ། 3

26 འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་སྒོ་ནས་དུར་བའི་སྦྱིན་སྲེག་བྱ་ཚུལ་འཆི་མེད་འདོད་དགུའི་མཆོག་སྦྱིན་ལ། 7

27 སྣ་ཚོགས་ཡུམ་གྱི་སྦྱིན་སྲེག་བྱ་ཚུལ་ཉེར་འཚེ་ཀུན་སེལ་ལ། 7

28 རྗེ་བཙུན་སྒྲོལ་མའི་བསངས་མཆོད་གཡང་འགུགས་དང་བཅས་ལ། 2

29 རྒྱལ་བའི་ཡུམ་མཆོག་རྗེ་བཙུན་མ་སྒྲོལ་མ་ལ་སྟོང་མཆོད་འབུལ་ཚུལ་སྲིད་ཞིའི་འདོད་ཡོན་རྒྱ་མཚོ་ལ། 20

30 འཕགས་མ་སྒྲོལ་དཀར་ལ་མན་ཌལ་གྱི་མཆོད་པ་འབུལ་ཏེ་ཚེའི་དངོས་གྲུབ་ཞུ་བའི་ཚུལ་ཚེ་དཔལ་ལང་ཚོ་བཞད་པའི་དགའ་སྟོན་ལ། 8

31 སྔགས་ཀྱི་སྡོམ་པ་བཟུང་བའི་གཞུང་ཚིག་གི་མཆན་འགྲེལ་མདོར་བསྡུས་ལ། 9

32 ཡི་དམ་ལྷག་པའི་ལྷ་མཆོག་དཔལ་གསང་བདེ་འཇིགས་གསུམ་གྱི་ལས་རུང་བསྙེན་པ་ཇི་ལྟར་བྱ་ཚུལ་གསང་ཆེན་ལམ་བཟང་གསལ་བའི་སྒྲོན་མེ་ལ། 39

33 དཔལ་གསང་བདེ་འཇིགས་གསུམ་དུས་འཁོར་དང་བཅས་པའི་བླ་མ་རྒྱུད་མཆོད་དང་ཁྲིད་མཆོད་ནག་འགྲོས་ཆེ་བབས་སུ་བཀོད་པ་མཆོག་ཐུན་དངོས་གྲུབ་འགུགས་པའི་དབང་གི་ལྕགས་ཀྱུ་ལ། 67

34 ཕྲེང་ཀྲེ་སྦྲགས་མའི་དཀྱིལ་འཁོར་བཞི་བཅུ་རྩ་ལྔའི་དཀྱིལ་ཆོག་གི་ངག་འདོན་ནག་འགྲོས་སུ་བཀོད་པ་རྡོ་རྗེ་འཆང་གི་ཞལ་ལུང་བྱིན་རླབས་འབར་བ་ལ། 89

35 སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་རྗེས་གནང་སྐབས་སུ་ཉེ་བར་མཁོ་བའི་མཆོད་གཏོར་སོགས་ཀྱི་ལག་ལེན་ཟུར་དུ་བཀོལ་བ་ཀུན་གསལ་མེ་ལོང་ལ། 44

དཀར་ཆག་ལ། 3

01011 ཅ་

1 རྗེ་བཙུན་འཇམ་དབྱངས་སྨྲ་སེང་ཡབ་ཡུམ་གྱི་སྒྲུབ་ཐབས་རྗེས་གནང་བྱ་ཚུལ་ཤེས་རབ་སྣང་བའི་དཔལ་སྟེར་ལ། 8

2 འཕགས་པ་ཀླུ་འདུལ་འཇམ་དཔལ་ནྰ་ག་རཀྵའི་སྒྲུབ་ཐབས་རྗེས་གནང་བྱ་ཚུལ་ཀླུ་ནག་པོའི་སྲོག་སྙིང་འབྱིན་པའི་དྲག་སྔགས་ཁྱུང་ཆེན་ལྡིང་བ་ལ། 9

3 སློབ་དཔོན་སངས་རྒྱས་གསང་བའི་ལུགས་ཀྱི་རྣམ་འཇོམས་མཐིང་གའི་སྒྲུབ་ཐབས་རྗེས་གནང་གི་ཆོ་ག་བྱ་ཚུལ་ནོར་བུ་ཀེ་ཏ་ཀ་ལ། 10

4 འཕགས་པ་ཛམྦྷ་ལ་དམར་པོ་ཆགས་པ་རྡོ་རྗེའི་སྒྲུབ་ཐབས་རྗེས་གནང་བྱ་ཚུལ་འཛད་མེད་འདོད་དགུའི་གཏེར་མཛོད་ལ། 8

5 ཐུགས་སྒྲུབ་བླ་མ་གསང་འདུས་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་དང་འབྲེལ་བའི་ཟླུམ་པོ་བཞིའི་དབང་སྐལ་ལྡན་རེ་སྐོང་བྱིན་རླབས་འདོད་འཇོ་ལ། 19

6 འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འགྲོ་བ་འདུལ་བའི་དབང་གི་བྱང་བུ་དངོས་གྲུབ་པད་དཀར་བཞད་པའི་དྲི་བཟང་ལ། 13

7 འཕགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོ་ལུགས་ནམ་མཁའི་རྒྱལ་པོ་སྒྲུབ་ཐབས་བསྒོམ་ལུང་བྱ་ཚུལ་བྱིན་རླབས་གངས་རི་ལ། 4

8 རྒྱལ་བའི་བསྟན་སྲུང་ཆེན་པོ་དྲང་སྲོང་གཟའ་བདུད་ར་ཧུ་ལའི་སྲོག་དབང་ཡན་ལག་དང་བཅས་པ་བྱ་ཚུལ་དམ་ཉམས་སྲོག་འཕྲོག་དུག་གི་ཆེ་སྲིན་ནག་པོ་ལ། 26

9 རྒྱལ་བའི་བསྟན་སྐྱོང་ཆེན་མོ་དམ་ཅན་བསྟན་མ་བཅུ་གཉིས་ཀྱི་སྲོག་གཏད་རྗེས་གནང་བྱ་ཚུལ་དངོས་གྲུབ་དགའ་མ་འགུགས་པའི་ལྕགས་ཀྱུ་ལ། 13

10 བཅོམ་ལྡན་འདས་སྨན་པའི་རྒྱལ་པོའི་རྡུལ་ཚོན་དཀྱིལ་འཁོར་གྱི་ཆོ་ག་བྱ་ཚུལ་གྲུབ་པའི་རྩི་སྨན་རྒྱ་མཚོ་ལ། 21

11 བཅོམ་ལྡན་འདས་སྨན་པའི་རྒྱལ་པོའི་ལྷ་ལྔ་བཅུ་རྩ་གཅིག་གི་ཞི་བའི་སྦྱིན་སྲེག་བྱ་ཚུལ་ཡེ་ཤེས་བྱིན་ཟ་རང་འབར་ལ། 12

12 བཅོམ་ལྡན་འདས་འཕགས་མ་གདུགས་དཀར་པོ་ཅན་གྱི་སྒོ་ནས་དྲག་པོའི་སྦྱིན་སྲེག་བྱ་ཚུལ་འཇིགས་རུང་མེའི་འཁྲུལ་འཁོར་རབ་ཏུ་འབར་བ་ལ། 19

13 བཅོམ་ལྡན་འདས་གདུགས་དཀར་མོ་ཅན་གྱི་མདོས་ཆོག་དགྲ་བགེགས་དཔུང་འཇོམས་ཀྱི་ཟུར་འདེབས་མན་ངག་མེ་ཤེལ་འོད་ཀྱི་སྒྲོན་མེ་ལ། 15

14 བཅོམ་ལྡན་འདས་རྒྱལ་བ་མི་འཁྲུགས་པ་ལ་བརྟེན་པའི་ཕྱག་མཆོད་བྱ་ཚུལ་སྒྲིབ་གཉིས་ཀྱི་་བ་མོ་འཇོམས་པའི་ཉི་མའི་འོད་ལ། 19

15 བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བར་ཆེ་མཆོད་འབུལ་ཚུལ་ཀུན་བཟང་འཁྲི་ཤིང་དང་དར་ལྕོག་འཛུགས་ལུགས་བཅས་པ་ལ། 8

16 འཕགས་པ་སྤྱན་རས་གཟིགས་ཕྱག་བཞི་པའི་སྒོ་ནས་རིལ་སྒྲུབ་བྱ་ཚུལ་ཡིད་བཞིན་ནོར་བུ་ལ། 6

17 བཅོམ་ལྡན་འདས་སངས་རྒྱས་འཁོར་ལོ་ཆེན་པོའི་སྒྲུབ་ཐབས་ངག་འདོན་དུ་བསྡུས་ཏེ་བརྗོད་པ་ཡེ་ཤེས་འབར་ལ།19

18 བཅོམ་ལྡན་འདས་དཔལ་ཕྱུག་ན་རྡོ་རྗེ་དྲག་པོ་གསུམ་དྲིལ་གྱི་གཏོར་ཆོག་བསངས་གསེར་སྐྱེམས་དང་བཅས་པ་འདོད་དགུའི་མཆོད་སྦྱིན་ལ། 8

19 དཔལ་ཕྱུག་ན་རྡོ་རྗེའི་སྒོ་ནས་གཏོར་ཟོར་བྱ་ཚུལ་དགྲ་སྲོག་འཇོམས་པའི་མཚོན་ཆ་ལ། 15

20 ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་བྱ་ཚུལ་སྡིག་མུན་སེལ་བའི་ཚ་ཟེར་ལ། 10

21 དཔལ་རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་ལྷོ་སྒོ་བྱ་ཚུལ་སྡིག་སྒྲིབ་ཀུན་འཇོམས་ལ། 24

22 འཕགས་པ་དྲི་མེད་རྣམ་གཉིས་ཀྱི་མཆོད་ཆོག་དང་འབྲེལ་བར་སྟོང་མཆོད་འབུལ་ཚུལ་རིན་ཆེན་ཕྲེང་མཛེས་ལ། 17

23 ཁྲག་འཐུང་པདྨ་དྲག་པོ་ལ་བརྟེན་པའི་གཏོར་བཟློག་བྱ་ཚུལ་གྱི་ཟུར་འདེབས་ཁྲིགས་རིམ་དང་བཅས་པ་ངར་ལྡན་རལ་གྲིའི་འཁྲུལ་འཁོར་ལ། 14

24 མགོན་དཀར་ཡིད་བཞིན་ནོར་བུའི་ཐོད་སྒྲུབ་ཀྱི་རྒྱུན་ཁྱེར་ཆོ་ག་ལ། 3

25 དཔལ་ས་སྐྱའི་དྲག་འབར་གསང་སྒྲུབ་ཀྱི་ཆོ་གའི་འདོན་བསྒྲིགས་ནག་འགྲོས་སུ་བཀོད་པ་ལ། 9

26 མགོན་པོའི་གཏོར་ཆེན་གྱི་འདོན་བསྒྲིགས་ལ། 5

27དཔལ་མྱུར་མཛད་ཡེ་ཤེས་ཀྱི་མདོན་པོ་ནང་སྒྲུབ་ལྡན་ཅན་ལ་བརྟེན་པའི་བཟློག་པ་སྟོབས་ཆེན་ཤུགས་བཟློག་གི་ཆོག་བསྒྲིགས་ངར་ལྡན་མཚོན་ཆ་ལ། 12

28 ཡེ་ཤེས་ཀྱི་སྲུང་མ་མགོན་ཆོས་ལྷ་གསུམ་ལ་ཚོགས་མཆོད་འབུལ་ཚུལ་དངོས་གྲུབ་འདོད་འཇོ་ལ། 3

29 བདེ་མཆོག་གི་བཀའ་སྲུང་མགོན་པོ་ཕྱག་བཞི་པ།ཞལ་བཞི་པ།དུར་བདག་རྣམ་གསུམ་གྱི་གཏོར་བསྔོས་དང་དྲེགས་པ་ལྕམ་སྲིད་དང་རྣམ་སྲས་གཉིས་ཀྱི་་བརྟབ་གཏོར་དང་བཅས་པ་ལ། 5

30 དམ་ཅན་རྡོ་རྗེ་ལེགས་པའི་གཏོར་འབུལ་གཉེར་གཏད་དང༌།དགེ་འདུན་འདུས་པའི་གཡང་འབོད་དང་བཅས་པ་ལ།2

31 བཀའ་སྲུང་སྐྱེས་བུ་ཆེན་པོ་དམ་ཅན་ནོར་སྒྲུབ་ལ་བརྟེན་པའི་ཆོ་གའི་འདོན་བསྒྲིགས་ལ། 5

32 བཀའ་སྲུང་རྡོ་རྗེ་ལེགས་པའི་བསྙེན་སྒྲུབ་ལས་གསུམ་བྱ་ཚུལ་དགྲ་བགེགས་གཡུལ་ལས་རྒྱལ་བའི་རུ་མཚོན་ལ།34

33 བཀའ་སྲུང་དམ་ཅན་སྐྱེས་བུ་ཆེན་པོའི་མདོས་གཞུང་གི་ཟུར་འདེབས་ལ། 4

34 རྒྱལ་བའི་ལུང་ཟིན་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་གཞི་བདག་ལིའུ་ཆེའི་གསོལ་མཆོད་ཆ་ལག་དང་བཅས་པ་དགོས་འདོད་འཇོ་བའི་ཡིད་བཞིན་ལྕགས་ཀྱུ་ལ། 10

35 འགོ་བའི་ལྷ་ལྔའི་རྟེན་འཛུགས་ཀྱི་ཆོ་ག་དགེ་མཚན་གཡུང་དྲུང་འཁྱིལ་བའི་གཏེར་མཛོད་ལ། 9

36 རྨ་ཆེན་སྤོམ་རའི་གཤེགས་གཏོར་འབུལ་ཚུལ་ཟག་མེད་བདུད་རྩི་ལ། 4

37 ལབ་རྩེ་དང་དགྲ་ལྷའི་ཀ་འཛུགས་ཟུང་འབྲེལ་གྱི་གསོལ་མཆོད་འདོན་ཐབས་ཡིད་འོང་མཆོད་སྤྲིན་ལ། 4

38 བྱང་ཕྱོགས་ཁལ་ཁའི་ཡུལ་གྱི་འོད་གསལ་རི་བོའི་གནས་སྐྱོང་རྡོ་རྗེ་འོད་ལྡན་གྱི་གསོལ་མཆོད་བདུད་རྒྱལ་དུང་གི་སྒྲ་དབྱངས་ལ། 5

39 སྨེ་བདུན་སྐར་མ་མཆོད་ཚུལ་བཀྲ་ཤིས་མྱུ་གུ་ལ། 4

40 རྗེ་བཙུན་སྒྲོལ་མའི་སྒོ་ནས་དགེ་འདུན་འདུ་བའི་འཁོར་ལོ་བསྒྲུབ་པའི་ངག་འདོན་ལ། 2

41རླུང་རྟའི་ཀ་འཛུགས་བསོད་ནམས་དཔལ་བསྐྱེད་ཀྱི་ཟུར་འདེབས་ལེགས་ཚོགས་བླ་ཀྱི་སྙེ་མ་ལ། 4

42 རྒྱལ་པོ་སྡེ་ལྔའི་ཚོགས་མཆོད་ཀྱི་ཁྲིགས་རིམ་སིདྡྷ་འགུགས་པའི་ལྕགས་ཀྱུ་ལ། 5

43 རྒྱལ་པོ་སྐུ་ལྔའི་ནང་རྟེན་རྒྱལ་མཚན་སྒྲུབ་པའི་ཆོ་གའི་ངག་འདོན་ནག་འགྲོས་སུ་བཀོད་པ་ཆོས་སྲུང་དགྱེས་པའི་བཞད་སྒྲ་ལ། 17

44 དགའ་གདོང་ཡོན་ཏན་རྒྱལ་པོ་ལ་བརྟབ་གཏོར་འབུལ་ཚུལ་དཔའ་པོ་རོལ་པའི་གད་རྒྱངས་ལ། 3

45 གསུང་རྒྱལ་གྱི་བཀའ་བློན་རྡོ་རྗེ་གྲགས་ལྡན་ལ་མཆོད་གཏོར་འབུལ་ཚུལ་རྔམས་ཆེན་རོལ་པའི་གད་རྒྱངས་ལ། 5

46 བསྟན་སྲུང་སྤྲུལ་པའི་ཆོས་རྒྱལ་རྡོ་རྗེ་གྲགས་ལྡན་ལ་གཏང་རག་འབུལ་ཚུལ་བསྟན་སྲུང་དགྱེས་པའི་རོལ་གར་ལ།5

47 དཔལ་ལྡན་དམག་ཟོར་རྒྱལ་མོའི་སྒྲུབ་ཐབས་མདོར་བསྡུས་ལ། 2

48 དཔལ་ལྡན་ལྷ་མོར་ཚོགས་མཆོད་དང་དཔལ་མགོན་ཞལ་བཞི་པར་གསེར་སྐྱེམས་དང་ཚོགས་མཆོད་དམ་ཅན་ལ་གསུར་མཆོད་དང་བཅས་འབུལ་བའི་ཚུལ་བདེ་ཆེན་སྤྲིན་ཕུང་ལ། 4

49 སློབ་དཔོན་ཆེན་པོ་ལྰ་བ་དམར་པོས་མཛད་པའི་དཔལ་ལྡན་ལྷ་མོའི་སྒྲུབ་གཞུང་གི་མཆན་འགྲེལ་སྙིང་ཐིག་གསང་བའི་བརྡ་སྐད་ལ། 6

50 བསྟན་སྲུང་གནོད་སྦྱིན་ཆེན་པོ་བསེའི་ཁྲབ་ཅན་ལ་བརྟེན་པའི་བརྡབ་གཏོར་བྱ་ཚུལ་རྡོ་རྗེ་ཕ་ལམ་ལ། 6

51 གནོད་སྦྱིན་ཆེན་པོ་ལྕམ་སྲིང་གི་གློ་བུར་ལས་བཅོལ་ལ་ཉེ་བར་མཁོ་བའི་ཟུར་འདེབས་དམ་ཉམས་ཀྱི་སྙིང་ཁྲག་འབྱིན་པའི་ཆེ་སྲིན་སྡེར་མོ་ལ། 9

དཀར་ཆག་ལ། 4

01012 ཆ་

1 འཕགས་པ་ལྗོན་ཤིང་གི་མདོ་མཆན་གྱི་འགྲེལ་པ་བདུད་རྩིའི་སྙིང་པོ་ལ། 7

2 སེམས་བསྐྱེད་མཆོད་པའི་འདོན་བསྒྲིགས་དམ་པའི་ལག་ལེན་འབྲིང་པོ་ལྟར་བརྗོད་པ་ལ། 7

3 སྤྱན་འདྲེན་ཁྲུས་གསོལ་གྱི་དམིགས་རིམ་མདོར་བསྡུས་ལ། 7

4 བླ་མ་མཆོད་པ་དང་འབྲེལ་བའི་ཚོགས་མཆོད་རྒྱས་པའི་ཁ་སྐོང་ལ། 7

5 རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་དངོས་བརྒྱུད་ཀྱི་བླ་མ་རྣམས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་རྩི་སྨན་འབུམ་གྱི་ཉིང་ཁུ་ལ། 3

6 ལམ་ཟབ་རྣལ་འབྱོར་གདམས་པའི་སྙིང་བཅུད་ཕྲམ་བུ་ལ། 4

7 བློ་སྦྱོང་ཉམས་ལེན་དང་འབྲེལ་བའི་བསླབ་བྱ་འཕྲལ་ཕུགས་ཀུན་ཏུ་ཕན་པའི་སྙིང་གཏམ་ལ། 9

8 སྐུ་འབུམ་དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་དབྱངས་རའི་བཅའ་བསྒྲིགས་ལ། 3

9 བསྟན་པའི་རྒྱལ་མཚན་འཛིན་པའི་ཆོས་གྲྭ་ཆེན་པོ་བློ་ཆེན་གླིང་གི་སྐོར་ཚད་རྒྱལ་བསྟན་གནས་ཚད་དང་བཅས་པ་བཤད་པ་སྐལ་བཟང་ཡིད་ལ་དཔལ་སྟེར་ལ། 10

10 ཧོར་ཡུལ་ཨོར་ཏུ་སུ་ཧང་གིན་ཤོག་གི་དགོན་པ་དགའ་ལྡན་ཕུན་ཚོགས་གླིང་གི་བཅའ་ཡིག་བླང་དོར་ཀུན་གསལ་གསེར་གྱི་མེ་ལོང་ལ། 7

11 བསྟན་པའི་རྒྱལ་མཚན་འཆང་བ་གསོ་རིག་དར་རྒྱས་གླིང་གི་བཅའ་ཡིག་ཐར་ལམ་གསལ་བའི་སྒྲོན་མེ་ལ། 9

12 སྒྲུབ་པའི་གནས་མཆོག་སན་ཁྲོན་གྲང་ཀྱ་དགོན་བཀྲ་ཤིས་དར་རྒྱས་གླིང་གི་བཅའ་ཡིག་ཀུན་སྤྱོད་གསལ་བའི་མེ་ལོང་ལ། 6

13 ཁུར་ལུགས་བྰི་ཐི་ཤོག་གི་གསང་འདུས་གྲྭ་ཚང་སྐལ་ལྡན་རྣམ་རྩེན་གླིང་གི་བཅའ་བསྒྲིགས་བསམ་འཕེལ་དབང་རྒྱལ་ལ། 5

14 བསྟན་པའི་རྒྱལ་མཚན་འཛིན་པའི་སྒྲུབ་སྡེ་བཤད་སྒྲུབ་འཕེལ་རྒྱས་གླིང་གི་བཅའ་ཡིག་ཐེག་ཆེན་ལམ་བཟང་བགྲོད་པའི་ཅང་ཤེས་ལ། 7

15 བོད་སྐྱེ་བརྡ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག་ལ། 115

16 བྱ་བྱེད་ལས་གསུམ་དུས་གསུམ་དང་བཅས་པའི་དཔེར་བརྗོད་ཆེ་ལོང་བསྡུས་པ་ལ། 26

17 སྔགས་ཀྱི་་བཀླག་ཐབས་བཏུས་པའི་མཆན་འགྲེལ་འཕགས་ཡུལ་མཁས་པའི་མགྲིན་ལྡན་ལ། 60

18 ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་གདན་རབས་རྟེན་དང་བརྟེན་པར་བཅས་དཀར་ཆག་ཆེད་དུ་བརྗོད་པ་དོན་ལྡན་ཚངས་པའི་དབྱངས་སྙན་ལ། 295

དཀར་ཆག་ལ། 3

01013 ཇ་

1 སྐྱེས་ཕྲེང་གོང་མའི་མཚན་གྱིས་བྱིན་གྱིས་བརླབས་པའི་སྦྱོངས་རྟུལ་བྱིས་པ་གྱི་ན་པའི་ཀུན་སྤྱོད་དྲང་པོར་བརྗོད་པ་དེ་ཉིད་རང་གསལ་ལ། 24

2 རྒྱལ་ཀུན་རང་གཟུགས་རྗེ་དཀའ་ཆེན་སྤྲུལ་པའི་སྐུ་རིན་པོ་ཆེའི་འཁྲུངས་རབས་བརྟན་གསོལ་ལ། 3

3 སྐྱབས་རྗེ་རྒྱ་ཡག་རྟ་ནག་པ་མཧ་པན་ཌི་ཏ་ཨེར་ཏི་ནི་ཆ་གན་ཧོ་ཐོག་ཐུའི་འཁྲུངས་གསོལ་ལ། 4

4 འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ལ་བསྟོད་ཅིང་སྨོན་ལམ་འདེབས་པའི་རབ་ཏུ་བྱེད་པ་བསམ་འཕེལ་དབང་གི་རྒྱལ་པོའི་གཏེར་མཛོད་ལ། 8

5 བླ་མ་བསྟེན་ཚུལ་གྱི་གནད་མདོར་བསྡུས་པ་སྙན་བརྒྱུད་གཏེར་གྱི་ཁ་བྱང་ལ། 4

6 བླ་མས་རྗེས་འཛིན་གསོལ་འདེབས་སྨོན་ལམ་དང་བཅས་པ་བྱིན་རླབས་སྤྲིན་ཕུང་ལ། 3

7 བྱང་ཕྱོགས་བསྟན་པའི་གཙུག་ལྡན་སྨོན་ལམ་ཧོ་ཐོག་ཐུ་རྗེ་བློ་བཟང་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོའི་སྐྱེས་རབས་རྟོགས་བརྗོད་མདོར་བསྡུས་མིག་འབྱེད་གསེར་གྱི་ཐུར་མ་ལ། 12

8 རྗེ་བཙུན་འཇམ་དཔལ་གྱི་བསྟོད་པའི་འགྲེལ་པ་དོན་ཟབ་སྣང་བ་ལ། 15

9 སློབ་གཉེར་བསླབ་བྱའི་འགྲེལ་པ་ཕན་འདོགས་མཛའ་བོའི་སྙིང་གཏམ་ལ། 8

10 དད་ལྡན་གྱི་སློབ་མ་རྣམས་ལ་གདམས་པའི་བསླབ་བྱ་སྐྱོ་ཤས་གདུང་བའི་སྒྲ་དབྱངས་ལ། 8

11 རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ཆོས་འཁོར་ཆེན་པོ་བཞེངས་པའི་དཀར་ཆག་སྐལ་བཟང་ལང་ཚོ་བཞད་པའི་བཅུད་ལེན་ལ། 15

12 ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་དཔལ་ལྡན་བཤད་སྒྲུབ་གླིང་གི་བླ་བརྒྱུད་གསོལ་འདེབས་ཙིཏྟ་མ་ཎིའི་ཕྲེང་མཛེས་ལ། 4

13 ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་རྒྱུད་པ་གྲྭ་ཚང་གི་བླ་བརྒྱུད་གསོལ་འདེབས་ལ། 4

14 གསོ་རིག་དར་རྒྱས་གླིང་གི་བླ་བརྒྱུད་གསོལ་འདེབས་ལ། 3

15 ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་དུས་འཁོར་གྲྭ་ཚང་རིགས་ལྡན་བློ་གསལ་གླིང་གི་བླ་བརྒྱུད་གསོལ་འདེབས་བྱིན་རླབས་མྱུར་འཇུག་ལ།3

16 ཐུབ་པའི་དབང་པོའི་བསྟན་རྩིས་དགེ་ལྡན་རང་ལུགས་བཞིན་གསལ་བར་བརྗོད་པ་མཁས་པ་དགྱེས་པའི་མཆོད་སྤྲིན་ལ། 24

17 དགེ་ལྡན་རྩིས་གསར་ལུགས་ཀྱི་ངེས་པ་མདོ་ཙམ་བརྗོད་པ་བླང་དོར་གསལ་བའི་སྣང་བའི་མཛོད་ལ། 66

18 དགེ་ལྡན་རྩིས་གཞུང་བླང་དོར་གསལ་བའི་སྣང་བའི་མཛོད་མངོན་པར་དྲངས་པའི་རེའུ་མིག་མདོར་བསྡུས་མགྱོགས་འགྲོ་བདུན་ལྡན་གྱི་ཤིང་རྟ་ལ། 108

19 དགེ་ལྡན་རྩིས་གཞུང་གི་དཀའ་གནད་གསལ་བར་བྱེད་པའི་ཆེ་འཐུང་ཕོད་འབར་ལ། 154

20 བཅོམ་ལྡན་འདས་མ་གདུགས་དཀར་པོ་ཅན་གྱི་སྒོ་ནས་རྒྱལ་མཚན་འཛུགས་པའི་ཆོ་ག་དགེ་མཚན་དཔལ་འབར་ལ། 39

21 ཞང་བློན་གནོད་སྦྱི་ཆེན་པོའི་སྒོ་ནས་བུམ་སྒྲུབ་བྱ་ཚུལ་དངོས་གྲུབ་རྒྱ་མཚོ་ལ། 6

22 རྒྱལ་པོ་སྐུ་སྔའི་ཆེས་གསང་བློན་པོ་ཕྲ་ཆེན་གྱི་གཏོར་འབུལ་གཉེར་གཏད་ལ། 2

23 རྗེ་བཙུན་མ་སྒྲོལ་དཀར་གྱི་མན་ཌལ་མཆོད་ཆོག་གི་ལྷན་ཐབས་སྟོང་མཆོད་འབུལ་ཚུལ་ལ། 3

24 བཅོམ་ལྡན་འདས་ཐམས་ཅད་རིག་པའི་དཀྱིལ་འཁོར་གྱི་ཆོ་ག་བྱ་ཚུལ་ཙིཏྟ་མ་ཎི་ལ། 21

25 བཅོམ་ལྡན་འདས་ཐམས་ཅད་རིག་པའི་ཞི་བའི་སྦྱིན་སྲེག་བྱ་ཚུལ་འདོད་དོན་ཀུན་གྲོལ་ལ། 12

དཀར་ཆག་ལ། 3

01014 ཉ།

1 ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་བརྒྱུད་ལྡན་བདུད་རྩིའི་ཀླུང་རྒྱུན་འདུས་པའི་ཡོངས་འཛིན་ཞལ་ཆབ་ལ། 71

2 ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་བརྒྱུད་ལྡན་བདུད་རྩིའི་ཀླུང་རྒྱུན་འདུས་པའི་ཡོངས་འཛིན་ཞལ་ཆབ་ལས་རྣལ་འབྱོར་རྒྱུད་ཀྱི་དབང་གི་སྐོར་རྣམས་ལ། 6

3 གསན་ཡིག་ཞལ་ཆབ་ལས་སྤྱོད་རྒྱུད་ཀྱི་དབང་གི་སྐོར་ལ། 4

4 བྱ་རྒྱུད་ཀྱི་དབང་གི་རིམ་པ་ལ། 22

5 རྒྱུད་སྡེ་ངེས་མེད་བྱིན་རླབས་དབང་བཞི་དང་རིགས་གཏད་སོགས་ཀྱི་སྐོར་ལ། 19

6 སྤྱི་བཀའི་དབང་གི་སྐོར་ལ། 18

7 སྤྱི་བཀའི་རྗེས་གནང་གི་སྐོར་ལ། 98

8 ཟུར་བཀའི་གྲངས་བཅད་ཅན་གྱི་སྐོར་ལ། 40

9 ཟུར་བཀའི་རྗེས་གནང་ཐོར་བུའི་སྐོར་ལ། 118

10 མདོ་ཕྱོགས་ཀྱི་་བཤད་ལུང་དང་ཁྲིད་སོགས་ཀྱི་རིམ་པ་ལ། 48

11 སྔགས་ཕྱོགས་ཀྱི་་བཤད་ལུང་དང་ཁྲིད་ཀྱི་སྐོར་ལ། 63

12 ཆེས་ཤིན་ཏུ་གསང་བའི་མན་ངག་ཟབ་ཁྲིད་ཀྱི་སྐོར་ལ། 52

01015 ཏ།

1 ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་བརྒྱུད་ལྡན་བདུད་རྩིའི་ཀླུང་རྒྱུན་འདུས་པའི་ཡོངས་འཛིན་ཞལ་ཆབ་ལས་བོད་གཞུང་གི་ལུང་སྐོར་ལ།97

2 རྒྱ་གཞུང་ལུང་སྐོར་ལ། 53

3 དག་སྣང་ཆོས་སྐོར་དང་མན་ངག་བེའུ་བུམ་སོགས་ཀྱི་ལུང་གི་སྐོར་ལ། 55

4 དེ་དག་ཐམས་ཅད་ཀྱི་རྩ་བར་གྱུར་པ་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལུང་གི་སྐོར་ལ། 367

དཀར་ཆག་ལ། 1

01016 ཐ་

1 རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལུང་རྒྱུན་སྣར་ཐང་བར་མའི་སྟེང་ནས་སྤེལ་སྐབས་སུ་ཉེ་བར་མཁོ་བའི་ཧོར་ཁོངས་བསབས་ཚུལ་གྱི་བརྗེད་ཐོ་མདོ་ཙམ་ལ། 89

2 ཡོངས་འཛིན་ཞལ་ཆབ་ཀྱི་ཆོས་ཚན་བཅུ་ཐམ་པ་ནས་བཅོ་ལྔའི་བར་གྱི་ཁ་སྐོང་བ་ལ། 63

3 མདོ་སྔགས་ཀྱི་་བཤད་ལུང་དང་བཤད་ཁྲིད་ཟབ་ཁྲིད་སོགས་ཀྱི་སྐབས་སུ་ཉེ་བར་མཁོ་བའི་བརྒྱུད་འདེབས་རྣམས་དང་རྒྱུད་སྡེ་བཞིའི་དབང་སྐབས་སུ་མཁོ་བའི་བླ་བརྒྱུད་གསོལ་འདེབས་དང་ཁ་སྐོང་བཅས་ཕྱོགས་བསྒྲིགས་ལ། 70

4 བླ་མ་ལྷ་ཚོགས་ལ་བསྟོད་པ་དང་འཁྲུངས་རབས་གསོལ་འདེབས་འདོད་དོན་སྨོན་ཚིག་གི་རིམ་པ་ཕྱོགས་གཅིག་ཏུ་བཏུས་པ་ལ། ..49

5 རྗེ་མཚན་སྒྲོན་རིན་པོ་ཆེའི་འཁྲུངས་རབས་བརྟན་གསོལ་བཀྲ་ཤིས་དབྱངས་སྙེན་ལ། 3

6 བླ་མ་མཆོད་པའི་ཚོགས་མཆོད་ཀྱི་འདོན་བསྒྲིགས་ལ། 4

7 དམ་ཅན་རྣམ་གསུམ་གྱི་ཚོགས་མཆོད་དམ་ཚིག་བླ་བཟང་ལ། 4

8 མགོན་པོའི་སྟོང་མཆོད་ཀྱི་ཡི་ཆུང་དངོས་གྲུབ་དཔལ་འབར་ལ། 5

9 དུས་བཞི་ལྷ་མོའི་བསྐང་བཤགས་དངོས་གྲུབ་ཆར་རྒྱུན་བསྐུལ་བའི་འབྲུག་སྒྲ་ལ། 13

10 ལྕམ་སྲིང་ནང་སྒྲུབ་ཀྱི་བུམ་སྒྲུབ་མི་ཟད་གཏེར་ཆེན་ལ། 7

11 རྒྱལ་ཆེན་ཀརྨ་འཕྲིན་ལས་ཀྱི་་བསྐང་གསོ་རྒྱལ་ཆེན་དགྱེས་རོལ་ལ། 10

12 ཁལ་ཁ་སེ་ཆེན་ཝང་ཤོག་གི་ཆོས་གྲྭ་གཡས་པའི་སྣང་སྲིད་བདུད་འདུལ་གླིང་གི་བཅའ་ཡིག་བག་མེད་རྩིང་སྤྱོད་འདམ་ལས་བསྐྱབ་པའི་བདེ་ཆེན་ལམ་བཟང་ལ། 14

13 མཚོ་སྔོན་ཁུར་ལུགས་ཤོག་གི་མ་ཎི་སྒྲུབ་མཆོད་སྐྱེ་བཀའ་ཤོག་དང་བཅའ་ཡིག་ཟུང་འབྲེལ་གྱི་ལྡེབ་ཡིག་ལ། ..17

14པྰ་རིན་ཤོག་གི་དམ་ཆོས་དར་རྒྱས་གླིང་གི་བཅའ་ཡིག་བླང་དོར་གསལ་བའི་མེ་ལོང་ལ། 11

15 ཐོས་བསམ་དར་རྒྱས་གླིང་གི་བཅའ་ཡིག་མུ་ཏིག་དོ་ཤལ་ལ། 6

16 སྒྲུབ་སྡེ་ཆེ་བ་དགའ་ལྡན་ཆོས་འཛིན་གླིང་གི་བཅའ་ཡིག་བྱང་གྲོལ་འཇུག་ངོགས་ལ། 4

17 བསྟན་སྲུང་རྣམས་ཀྱི་གར་འཆམ་གྱི་ཡི་གེ་མན་ངག་གནད་ཀྱི་ལྡེ་མིག་ལ། 8

18 རབ་གནས་འབྲིང་པོའི་ཆོ་ག་བཀྲ་ཤིས་འཕེལ་རྒྱས་འདོན་བསྲིགས་དགེ་མཚན་འོད་འབར་ལ། .19

19 དགེ་འདུན་ཐུགས་མཐུན་པའི་ཕྱིར་དུ་རྗེ་བླ་མ་ལ་གསོལ་བ་འདེབས་ཚུལ་ལ། 2

20 མཆོག་དམན་མགྲོན་ལ་བསངས་མཆོད་འབུལ་ཚུལ་གྱི་རིམ་པ་ཕྱོགས་བསྒྲིགས་འདོད་ཡོན་མཆོད་པའི་རྒྱ་མཚོ་ལ།49

དཀར་ཆག་ལ། 2

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ནི་མདོ་སྨད་ཙོང་ཆུའི་ཉེ་འགྲམ་ཨར་ཆ་ཞེས་པར་ཡབ་རྟ་མགྲིན་དང༌།ཡུམ་ཚེ་མདོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་ཤིང་སྦྲུལ། 1845 ལོ་ལ་ཁྲུངས།དགུང་ལོ་ཕྱེད་གསུམ་ཙམ་གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་མནོས།མཚན་བློ་བཟང་རྒྱ་མཚོ་གསོལ།དགུང་ལོ་ལྔ་ལ་གསེར་ཏོག་དགོན་དགའ་ལྡན་འགྲོ་ཕན་གླིང་དུ་གདན་དྲངས།རྗེ་སྐལ་བཟང་གྲགས་པ་བསྟེན་ནས།ཕྱི་མའི་ཡི་གསུམ་ཅུ་དང༌།ཉེར་མཁོའི་ཀློག་འདོན་གསན་བཞེས་མཛད།དགུང་ལོ་བདུན་ལ་ཆེ་བཟང་ཧོ་ཐོག་ཐུ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་མནོས་ནས་མཚན་བློ་བཟང་ཚུལ་ཁྲིམས་ཆོས་གྲགས་ཞེས་གསོལ།དགུང་ལོ་བརྒྱད་ཐོག་སྐུ་འབུམ་བྱམས་པ་གླིང་གི་རང་སྒར་དུ་གདན་དྲངས།དགུང་ལོ་དགུ་ནས་ཉེར་གཉིས་བར་ཉ་སྐྱ་ལྷ་རམས་པ་ངག་དབང་ཆོས་གྲགས་ཡོངས་འཛིན་དུ་བསྟེན་ནས་སྒར་པ་རང་དུ་འདོན་ཆོས་སྤྱོད་དང༌།ལྡན་འཇུག་བསྡུས་གཞུང༌།རྣམ་འགྲེལ་སོགས་བློ་འཛིན་དང༌།དཔེ་ཁྲིད་དང༌།སུམ་རྟགས།སྙན་ངག་སོགས་རིག་གནས་དང་བཅས་པ་གསན་བཞེས་མཛད།དགུང་ལོ་བཅུ་དགུའི་ཐོག་དཔྱིད་ཆོས་དང་པོའི་སྟེང་ཚོགས་ལངས་མཛད།དེ་སྐབས་རྒྱ་སོག་གི་དུས་ཟིང་གི་རྐྱེན་པས་དབུ་མཛོད་འདུལ་བ་སོགས་གསན་བཞེས་གནང་རྒྱུ་དབྱུང་མེད།དགུང་ལོ་ཉི་ཤུར་ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཀྱི་དྲུང་དུ་བསྙེན་པར་རྫོགས།དགུང་ལོ་ཉེར་གཅིག་ལ་རྒྱུད་གྲྭར་མཁན་པོའི་ཁྲི་ལོ་གཅིག་བཞུགས།དགུང་ལོ་ཉེར་བཞི་ལ་སུམ་རྟགས་ཀྱི་མཆན་འགྲེལ་ངོ་མཚར་འཕྲུལ་གྱི་ལྡེ་མིག་བརྩམས།དགུང་ལོ་ཉེར་བདུན་ལ་སྐུ་འབུམ་གྱི་ཁྲིར་བཞུགས།དགུང་ལོ་སོ་བདུན་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་གདན་ས་བྱ་ཁྱུང་དགོན་པའི་ཁྲི་ལ་བཞུགས།དགུང་ལོ་ང་དྲུག་སྐབས་ཟི་ན་སྐལ་བཟང་དར་རྒྱས་རྒྱ་མཚོའི་དྲུང་ནས་རྩིས་སྐར་ནག་དང༌།དགའ་ལྡན་རྩིས་གསར་སོགས་རྩིས་རིག་གསན་བཞེས་མཛད།དགུང་ལོ་ང་དགུ་ལ་སྐུ་འབུམ་གྱི་གདན་རབས་བརྩམས།དགུང་ལོ་བདུན་ཅུ་སྟེ་ཤིང་སྟག 1914 ལོ་ལ་སྐུ་གཤེགས།གསུང་འབུམ་པོ་ད་བཅུ་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།