སྒོ་མང་བསྟན་པ་ཆོས་འཕེལ་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 09:03:59     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་བོད།ཤོག་གྲངས།

01004དང་པོ།

1 ཡོངས་རྫོགས་བསྟན་པའི་མངའ་བདག་མཁན་ཆེན་མཁྱེན་རབ་བསྟན་པ་ཆོས་འཕེལ་དཔལ་བཟང་པོའི་རྣམ་ཐར་བྱིན་རླབས་བདུད་རྩིའི་བུམ་བཟང་ཞེས་བྱ་བ་ལ། 48

2 བླ་མའི་རྣལ་འབྱོར་གྱི་སྐོར་ལ། 11

3 ཐོག་མཐའ་བར་དུ་དགེ་བའི་དཔལ་གསང་བ་འདུས་པའི་བསྙེན་ཡིག་དངོས་གྲུབ་རྒྱ་མཚོ་སྐལ་བཟང་རེ་སྐོང་ཙིཏྟ་མ་ཎི་ལ། 30

4 དཔལ་གསང་བ་འདུས་པའི་བསྙེན་པའི་མཇུག་མེ་ལྷ་ཐབ་ཏུ་འགུགས་པའི་བསྙེན་པ་དང་དེའི་བཅུ་ཆའི་སྦྱིན་སྲེག་བྱེད་ཚུལ་དངོས་གྲུབ་ཀུན་འབྱུང་ལ། 7

5 རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དབང་གི་བཅུ་ཆའི་སྦྱིན་སྲེག་དོན་གཉིས་དོན་གྲུབ་འོད་དམར་ལྕགས་ཀྱུ་ལ། 13

6 གྲུབ་ཆེན་ལྰུ་ཨི་པའི་ལུགས་ཀྱི་དཔལ་འཁྲོ་ལོ་སྡོམ་པའི་རིམ་གཉིས་ལམ་གྱི་འཇུག་ངོགས་དམ་པ་གཞི་བསྙེན་ཆེན་པོའི་བསྙེན་སྒྲུབ་གསལ་བྱེད་ཧེ་རུ་ཀའི་ཞལ་ལུང་ལ། 20

7 དཔལ་འཁོར་ལོ་སྡོམ་པའི་བསྙེན་པའི་མཇུག་མེ་ལྷ་ཐབ་ཏུ་འགུགས་པའི་བསྙེན་པ་དང་བཅུ་ཆའི་སྦྱིན་སྲེག་དངོས་གྲུབ་འགུགས་བྱེད་འཕྲུལ་གྱི་ཞགས་པ་ལ། 7

8 བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ལྰུ་ཨི་པའི་ལུགས་ཀྱི་ལྷ་རེ་གཉིས་ཀྱི་་བསྙེན་ཆེན་ལ་ཉེ་བར་མཁོ་བའི་དབང་གི་བཅུ་ཆའི་སྦྱིན་སྲེག་བྱ་ཚུལ་འོད་དམར་འཕྲུལ་ཞགས་ཨུཏྤལའི་དོ་ཤལ་ལ། 13

9 ལྷག་པའི་ལྷ་མཆོག་ཡི་དམ་གསང་འདུས་དང་འཁོར་ལོ་བདེ་མཆོག་གཉིས་ཀྱི་་བསྙེན་ཆེན་ལ་མཁོ་བའི་གསུང་རྒྱུན་མཐོང་གྲོལ་ལྡེ་མིག་ལ། 9

10 བདེ་མཆོག་དྲིལ་བུ་ལྷ་ལྔའི་བརྒྱུད་འདེབས་བདག་མདུན་བུམ་གསུམ་དབང་ཆོག་སྨོན་ལམ་ཤིས་བརྗོད་བཅས་ནག་འགྲོས་སུ་བཀོད་པ་བདེ་ཆེན་ཙིནྡྲ་མ་ནི་མཛེས་པའི་ལྡན་མཚན་ཞེས་བྱ་བ་ལ། 84

11 དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལྷ་ལྔའི་ཞི་བའི་སྦྱིན་སྲེག་དང་ཚོགས་མཆོད་བྱེད་ཚུལ་དགེ་འཕེལ་བསམ་གཏན་གླིང་གི་གསུང་རྒྱུན་ནག་འགྲོས་སུ་བཀོད་པ་མཆོག་ཐུན་དངོས་གྲུབ་གཏེར་མཛོད་ལ། 32

12 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་ཐོ་ཙམ་བཀོད་པ་ལ། 8

13 སྒྲུབ་འཕྲིན་ཙིཏྟ་མ་ཎིའི་དབང་གི་བླ་བརྒྱུད་འདེབས་གསོལ་འདེབས་དང་སྒྲུབ་ཐབས་འཕྲིན་ལས་མྱུར་འཇུག་སྒྲོལ་ཆོག་དངོས་གྲུབ་ཀུན་འབྱུང་སྒྲོལ་མའི་ཆེ་སྦྱིན་སྒྲུབ་ཐབས་ཙིཏྟ་མ་ཎི་གནད་གསང་ཟབ་མོ་ལས་བརྩམས་པའི་དྲིས་ལན་བཅས་ལ། 12

14 བཀའ་གདམས་ལྷ་བཞིའི་རྣལ་འབྱོར་དང་འབྲེལ་བའི་སྤྱོད་འཇུག་ལེའུ་བཞིའི་མན་ངག་ཉམས་སུ་ལེན་ཚུལ་དངོས་གྲུབ་ཡོངས་འདུའི་སྙེ་མ་ལ། 23

15 མན་ཌལ་བཤད་པ་སོགས་བཤད་པའི་སྐོར་ཕྱོགས་བསྒྲིགས་ལ། 30

16 གསུང་ཐོར་བུ་སྣ་ཚོགས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 23

17 རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་ཡོངས་འཛིན་གྲགས་པ་དོན་གྲུབ་དཔལ་བཟང་པོའི་གསུང་རྒྱུན་ལྗགས་བསྔོ་སྐུ་གསུམ་རིན་ཆེན་གླིང་དུ་བགྲོད་པའི་ཤིང་རྟ་སོགས་བསྔོ་སྨོན་གྱི་རིམ་པ་རྣམས་ལ། 9

དཀར་ཆག་ལ། 3

01005གཉིས་པ།

1 ཡེ་ཤེས་ཁྱུང་ཁྲིའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་བྱིན་རླབས་དགའ་སྟོན་གྱི་ཟུར་རྒྱན་རིན་ཆེན་ཕྲེང་བ་ལ། 41

2 ནོར་གྱི་དབང་ཕྱུག་འཕགས་པ་ཛ་བྷ་ལ་ནག་པའི་སྒོ་ནས་ནོར་སྒྲུབ་བྱ་ཚུལ་བསམ་འཕེལ་དབང་གི་ནོར་བུའི་ཕྲེང་བ་གསེར་གྱི་ལྡེ་མིག་ཅེས་བྱ་བ་ལ། 13

3 དཔལ་ཡེ་ཤེས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གཙོ་འཁོར་གསུམ་གྱི་འཕྲིན་ལས་བཞིའི་སྦྱིན་སྲེག་བྱེད་ཚུལ་མཁའ་འགྲོའི་དགོངས་ལྡན་འཇམ་དབྱངས་བླ་མའི་ཞལ་ལུང་ཞེས་བྱ་བ་རྩོམ་འཕྲོ་ཅན་ལ། 11

4 འཇམ་དཔལ་གཤིན་རྗེ་གཤེད་སྐྱེ་བཀའ་སྡོད་དམ་ཅན་ཆོས་ཀྱི་རྒྱལ་པོའི་གཏོར་སྒྲུབ་ཡིད་བཞིན་དབང་གི་རྒྱལ་པོའི་གཏེར་མཛོད་ལ། 22

5 དཔལ་ལྡན་ལྷ་མོའི་མེ་མཆོད་ཀྱི་ལག་ལེན་ཞེས་བྱ་བ་ལ། 3

6 དཔལ་ལྡན་གསང་ཕུའི་རྟེན་གསུམ་སྤོམ་ཤུགས་སྐབས་ཀྱི་འདོད་གསོལ་མཆོག་ཏུ་གྲུབ་པའི་བདེན་ཚིག་ལ། 3

7 མགོན་པོ་བསེ་ཁྲབ་ཅན་གྱི་གཏོར་འབུལ་ལ། 3

8 རྒྱལ་ཆེན་བསེ་ཁྲབ་པའི་ཞལ་འབག་ཁྱོད་འདྲ་མའི་ནང་བཞུགས་ཀྱི་དཀར་ཆག་ལ། 6

9 སྣང་མཐའི་མགོན་པོ་བསེ་ཡི་ཁྲབ་ཅན་ལ་བརྟེན་པའི་རྣོ་མཐོང་སྒྲུབ་ཚུལ་བླ་བཤད་དང་བཅས་པ་མཁས་པའི་

གསུང་རྒྱུན་འོད་འབར་འགྲོ་ཀུན་མུན་སེལ་ལ། 15

10 བསྟན་སྲུང་གནོད་སྦྱིན་ཆེན་པོ་བསེ་ཁྲབ་ཅན་གྱི་ཞི་རྒྱས་སྦྱིན་སྲེག་སྔོན་མེད་ལེགས་བཤད་ཟླ་བ་གསར་བ་ལ། 4

11 བསྟན་སྲུང་གནོད་སྦྱིན་ཆེན་པོ་བསེ་ཁྲབ་ཅན་གྱི་དབང་དྲག་སྦྱིན་སྲེག་ཀྱི་ཆོ་ག་བདུད་སྡེ་སྲེག་བྱེད་བསྐལ་པའི་མེ་དཔུང་ལ། 17

12 དཔལ་ལྡན་གསང་ཕུའི་དབང་དྲག་ལྕོག་ཆོས་སྲུང་རྣམས་ཀྱི་ཐུགས་དམ་བསྐང་བའི་རིམ་པ་ལག་ལེན་མ་ཉམས་པར་ངག་འདོན་ཆོག་བསྒྲིགས་སུ་བཀོད་པ་ལ། 59

13བོག་ཏའི་སྰུ་རུག་ཤོག་གི་ཡུལ་སྐྱོང་རྣཏ་བཛྲ་སུ་རའི་གསོལ་མཆོད་འདོད་དགུའི་འཕྲིན་ལས་ཆར་འབེབས་དང༌།ནོར་ལྷ་དེ་ཉིད་ལ་བརྟེན་ནས་ཆོས་ནོར་ཚེ་འཕེལ་དགེ་མཚན་ཕྱྰ་གཡང་འགུགས་པའི་ཆོ་ག་དགོས་འདོད་ཆར་འབེབས།ཁྲི་ཁའི་ཡུལ་ལྷའི་གསོལ་མཆོད་བསམ་དོན་དོན་གྲུབ་མ་ལ། 22

14 ཡོངས་རྫོགས་བསྟན་པའི་མངའ་བདག་མཁན་ཆེན་མཁྱེན་རབ་བསྟན་པ་ཆོས་འཕེལ་དཔལ་བཟང་པོའི་གསུང་ལས་བཅའ་ཡིག་དང་སྒྲིག་ཡིག་སྐོར་ལ། 19

16 བཀའ་འགྱུར་པ་ཆེན་པོ་ཡེ་ཤེས་དོན་ལྡན་དཔལ་བཟང་པོའི་ཞབས་བརྟན་དོན་གཉིས་དོན་གྲུབ་ཐུབ་བསྟན་རྒྱས་བྱེད་སོགས་གསུང་ཐོར་བུ་འགའ་ཤས་ལ། 5

17 དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱུག་དྲུག་པའི་གཏོར་ཆེན་ཐུན་མོང་མ་ཡིན་པ་ནག་འགྲོས་སུ་བཀོད་པ་རྡོ་རྗེའི་ཐོག་མདའ་ཞེས་བྱ་བ་ལ། 17

18 དཔལ་གསང་ཕུ་ནེའུ་ཐོག་གི་ཆོས་སྐྱོང་ཆེན་པོ་མགོན་པོ་བསེ་ཡི་ཁྲིབ་ཅན་ལ་བརྟེན་པའི་ཐུན་མོང་མ་ཡིན་པའི་དྲག་པའི་གཏོར་ཆེན་གནམ་ལྕགས་རྡོ་རྗེའི་འབྲུག་སྒྲ་དགྲ་བགེགས་ཕྱེ་མར་འཐག་པའི་ཐོག་མདའ་ཞེས་བྱ་བ་ལ། 25

19 དེའི་ཡན་ལག་རྒྱལ་ཆེན་བསེའི་ཁྲབ་ཅན་གྱི་ཚོགས་མཆོད་དོན་གཉིས་དོན་གྲུབ་མ་ལ། 3

དཀར་ཆག་ལ། 3

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།སྒོ་མང་བསྟན་པ་ཆོས་འཕེལ་ནི་ལྷ་སའི་བྱང་བརྒྱུད་གནས་ནང་ཞེས་པར་ཡབ་ནི་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་སྐུ་མཆེད་སྡེ་པ་སྐལ་བཟང་དོན་གྲུབ་དང༌།ཡུམ་ནི་གནས་ནང་པའི་མི་ངོ་ལྷས་སྲུང་གཉིས་ལ་སྲས་ལྕམ་དྲལ་བདུན་བྱུང་བ་ལས་བཞི་པ་རྗེ་འདི་རབ་བྱུང་བཅུ་བཞི་པའི་ལྕགས་བྱི་1840 ལོར་འཁྲུངས།སྐུ་གཞོན་ནུའི་དུས་པཎ་ཆེན་བསྟན་པའི་ཉི་མའི་མདུན་དུ་མིང་འཁུར་ཁྲིད་པའི་མཚན་བསྟན་པ་ཆོས་འཕེལ་ཞེས་གསོལ།གུང་རིའི་གྲྭ་ཚུལ་ཁྲིམས་

བྱམས་པ་དགེ་རྒན་དུ་བཅོལ་ནས་ཀློག་བསླབས།དགུང་ལོ་བདུན་ལ་ཕེབས་སྐབས་འདུལ་འཛིན་བསྟན་པ་ཆོས་བཟང་གི་མདུན་ནས་རབ་བྱུང་སྡོམ་པ་བཞེས།མཚན་བསྟན་པ་ཆོས་འཕེལ་བཏགས།དགུང་ལོ་ཉི་ཤུ་རྩ་གསུམ་ལ་ཁྲི་ཆེན་བློ་བཟང་མཁྱེན་རབ་དབང་ཕྱུག་དཔལ་བཟང་པོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།དེའི་ལོར་རྡོ་རམས་པའི་མཚན་བཏགས་མཛད།དགུང་ལོ་སོ་བརྒྱད་ལ་རྒྱ་ནག་ཏུ་རྦ་ཡེར་བླ་མར་ཕེབས།སྨད་ཕྱོགས་ཀྱི་ཆོས་སྡེ་ཁག་ལ་མདོ་སྔགས་ཀྱི་ཆོས་འཁོར་མང་པོ་རྒྱུན་སྤེལ།དགུང་ལོ་ང་གཅིག་གཞུང་གི་བཀའ་འབྲེལ་གྱིས་ལྷ་སར་ཕེབས་ནས་གདན་ས་གསུམ་དང༌།ནག་ཆེ་ཞབས་བརྟན་དགོན་སོགས་དགེ་འདུན་རྣམས་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཀླག་ལུང་དང་སྣར་ཐང་པར་མ་གཞིར་བཞག་ནས།རྒྱལ་རྩེ་ཐེམ་སྤངས་མ་དང༌།སྡེ་དགེ་པར་མ་བཅས་པར་ཞུས་དག་ནན་ཏན་གནང༌།དགུང་ལོ་ང་ལྔ་ལོར་གོང་ས་མཆོག་ནས་དམིགས་བསལ་གྱིས་བླ་སྒོ་མང་གི་ཆོས་ཁྲིར་ལོ་བཅུ་གཅིག་བཞུགས།དགུང་ལོ་རེ་བརྒྱད་དེ་མེ་ལུག 1907 ལོར་སྐུ་གཤེགས།

གསུང་འབུམ་པོད་གཉིས་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།