ངག་དབང་ཐུབ་བསྟན་རྒྱ་མཚོའི་གསུང་འབུམ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 08:54:53     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་གྲངས།

00991 དང་པོ།

1 དགེ་ལྡན་བསྟན་པའི་སྲོག་ཤིང་རྗེ་བཙུན་ངག་དབང་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་རིན་ཆེན་བྱེ་བའི་གཏེར་མཛོད་ལ། 231

00992 གཉིས་པ།

1 ཕར་ཕྱིན་བཅའ་ཡིག་འགོ་ལྡན་དང་གཞུང་འགོད་སོགས་ཀྱི་སྐོར་ལ། 13

2 བླ་མའི་རྣལ་འབྱོར་དོན་གཉིས་རིན་ཆེན་འདྲེན་པའི་གྲུ་གཟིངས་ལ། 22

3 བླ་མའི་རྣལ་འབྱོར་བྱིན་རླབས་འོད་འབར་ལྷ་དབང་གཙུག་གི་ནོར་བུ་ལ། 11

4 ལབ་རྩེའི་མཆོད་ཆོག་མདོར་བསྡུས་གཡས་འཁྱིལ་དུང་སྒྲ་དང་གསོལ་ཁ་གཡང་འབོད་བཅས་ལ། 6

5 འགྲེལ་པ་དོན་གསལ་གྱི་བཤད་ལུང་ཟིན་བྲིས་བདུད་རྩིའི་ཐིགས་པ་ལ། 9

6 སྤྱན་འདྲེན་ཁྲུས་གསོལ་གྱི་བཤད་པ་མདོ་ཙམ་བཀོད་པ་ཟླ་འོད་བདུད་རྩིའི་ཟིལ་པ་ལ། 31

7 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་ལམ་རིམ་གཉིས་དང་འབྲེལ་བའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་པ་གསང་གསུམ་ལྡན་གྱི་སྣང་བ་ལ། 178

8 ས་ལམ་གྱི་རྣམ་གཞག་བློ་གསལ་མགུལ་ལྡན་ལ། 5

9 བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ་ལ་བསྟོད་ཅིང་གསོལ་བ་འདེབས་པའི་ཚིགས་བཅད་འདོད་རྒུའི་བུམ་བཟང་ལ། 3

10 མཁས་མང་ཡོངས་འདུའི་སྐྱེད་ཚལ་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་གི་རྩོད་ཡིག་འོད་དཀར་ཕྲེང་བ་ལ། 8

00993 གསུམ་པ།

1 གངས་ལྗོངས་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ལ་བསྟོད་པའི་ཚིགས་བཅད་ཀ་ལ་པིངྒྰའི་སྒྲ་དབྱངས་ཀྱི་འགྲེལ་པ་བདུད་རྩིའི་འཁྲི་ཤིང་ལ། 44

2 མི་ཏྲའི་དབང་གི་ལག་ལེན་གསལ་བར་བཀོད་པ་གསང་ཆེན་བདུད་རྩིའི་སྒོ་འབྱེད་ལ། 39

3 བརྒྱ་རྒྱམ་གཉིས་ཀྱི་ལག་ལེན་ཟིན་ཐོ་ལ། 34

4 མ་ཅིག་ཁྲོས་མའི་བརྟན་བཞུགས་འབུལ་ཚུལ་འཆི་མེད་མཆོག་གྲོལ་ལ། 4

5 དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་བརྩམས་པའི་བཤད་པ་མདོར་བསྡུས་རྒྱུད་གཞུང་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ལ། 18

6 རྡོ་རྗེ་འཆང་པྲཛྙའི་མཚན་ཅན་ལས་ཟུར་བཀའི་དབང་འགའ་ཞིག་གསན་སྐབས་ཀྱི་ལག་ལེན་ཟིན་བྲིས་ལ། 63

7 དཔལ་དུས་ཀྱི་འཁོར་ལོའི་དབང་གི་ལག་ལེན་དང་གསུང་བཤད་ཟིན་བྲིས་ལ། 20

00994 བཞི་པ།

1 མ་ཅིག་ཁྲོས་མ་ལྷ་ལྔའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་བྱིན་རླབས་བདུད་རྩིའི་དགའ་སྟོན་ལ། 21

2 གསེར་འོད་འདོན་ཐབས་མཁས་པའི་མགུལ་ལྡན་ཨུཏྤལ་ལའི་དོ་ཤལ་ལ། 7

3 རྗེ་བཙུན་མཁྱེན་པའི་གཏེར་ཆེན་འཇམ་དབྱངས་དཀར་པོ་ལ་བརྟེན་པའི་སྨྱུང་གནས་བྱ་ཚུལ་ཤེས་རབ་བདུད་རྩིའི་འོད་དཀར་ལ། 10

4 འཇམ་དབྱངས་དཀར་པོ་ལ་བསྟོད་པ་རབ་བྱེད་བློ་ལྡན་ཡིད་དབང་འགུགས་པའི་སྙན་ཚིག་ལ། 5

5 རྗེ་བཙུན་འཇམ་དབྱངས་ལ་ཆེ་མཆོད་འབུལ་ཚུལ་དང༌།གསང་སྒྲུབ་ཀྱི་ཚོགས་མཆོད་གཉིས་ལ། 4

6 འཇམ་དབྱངས་ཀྱི་་བསྟོད་སྒྲུབ་མན་ཌལ་བཞི་པའི་ཆོ་ག་ཕན་བདེའི་ཉིན་བྱེད་ལ། 11

7 ཁྱབ་བདག་སྟག་ཕུའི་ལུགས་ཀྱི་རྗེ་བཙུན་སྒྲོལ་མའི་ལུས་དཀྱིལ་བདག་འཇུག་དབང་ཆོག་བྱིན་རླབས་བདུད་རྩི་འཛགས་པའི་ཟླ་ཤེལ་ལ། 13

8 སྟག་ཕུའི་སྒྲོལ་མའི་བརྒྱུད་འདེབས་དང་སྨོན་ལམ་བདུད་རྩིའི་བུམ་བཟང་ལ། 4

9 བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མར་གྲགས་པའི་ཁྲིད་ཡིག་ཤེས་རབ་སྣང་བའི་མཛོད་ལ། 7

10 དམིགས་བརྩེ་མ་དང་འབྲེལ་བའི་སེར་སྲུང་མེ་ལྟུང་འཁྱིལ་བ་ལ། 3

11 ཆོས་འཁོར་ལས་བརྩམས་པའི་འཕྲོས་གཞུང་རྒྱས་པར་འགོད་ཚུལ་ལ། 9

12 ལྷ་མོའི་གཏོར་སྒྲུབ་ཀྱི་ཚོགས་གཏམ་དང་གཡང་འབོད་འཕྲིན་བཅོལ་ལ། 7

13 ཛམ་དཀར་གཏེར་སྒྲུབ་ཡིད་བཞིན་ནོར་བུའི་བང་མཛོད་འདོད་འཇོའི་བུམ་བཟང་ལ། 5

14 སྐྱབས་འཇུག་སྣ་ཚོགས་ཀྱི་སྐོར་ལ། 18

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ངག་དབང་ཐུབ་བསྟན་རྒྱ་མཚོ་ནི་མདོ་སྨད་ཆེ་ལྷོ་བརྒྱུད་དུ་ཁ་གྱའི་རུས་ཉང་འབང་ཁྱིམ་ཚང་དུ་ཡབ་མགོན་པོ་དོན་གྲུབ་དང༌།ཡུམ་སྒྲོལ་མ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་སྤྲེ་1836 ལ་འཁྲུངས།མཚན་འཇམ་དབྱངས་བསྟན་འཛིན་དུ་གསོལ།དགུང་ལོ་བདུན་ལ་བཀྲ་ཤིས་འཁྱིལ་གདན་སར་ཆོས་ཞུགས་མཛད།སྐྱབས་མགོན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་དྲུང་དུ་རབ་བྱུང་བསྒྲུབས།མཚན་ངག་དབང་ཐུབ་བསྟན་རྒྱ་མཚོར་གསོལ།དགུང་ལོ་བཅུ་གཅིག་ལ་འཇམ་དབྱངས་ཐུབ་བསྟན་ཉི་མའི་ས་ནས་ཆོས་གསན།རྗེ་ཤེས་རབ་རྒྱ་མཚོ་ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད།དགུང་ལོ་བཅུ་དྲུག་ལ་ཕར་ཕྱིན་མཐའ་དཔྱོད་དང་པོ་དང༌།གཉིས་པ།རྟེན་འབྲེལ།ཀུན་གཞི་སོགས་ཐུགས་འཛིན་མཛད།དགུང་ལོ་བཅུ་བདུན་ལ་དྲང་ངེས་དཀའ་འགྲེལ་དང༌།གྲུབ་མཐའ་སོགས་ཐུགས་འཛིན་མཛད།དགུང་ལོ་ཉི་ཤུ་ལ་སྐྱབས་མགོན་མཆོག་གི་དྲུང་དུ་བསྙེན་རྫོགས་བསྒྲུབས།དགུང་ལོ་ཉི་ཤུ་རྩ་དྲུག་ལ་དཀའ་རམས་འཛིན་གྲྭར་ཕེབས།ཡོངས་འཛིན་ཤེས་རབ་རྒྱ་མཚོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན།དགུང་ལོ་ཉེར་བདུན་ལ་དཀའ་རྣམས་པའི་གྲྭ་སྐོར་དམ་བཅའ་མཛད།དགུང་ལོ་བཞི་བཅུ་ལོ་རྒྱ་ནག་པེ་ཅིང་དུ་ཕེབས།སྟོང་འཁོར་སྤྲུལ་སྐུ་དང༌།ཁྲི་རྒྱ་ནག་པའི་སྤྲུལ་སྐུ་རྣམ་གཉིས་དང་མཇལ།དེ་ནས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་སྐུ་གདུང་རིན་པོ་ཆེ་མཇལ།དགུང་ལོ་བཞི་བཅུ་ཞེ་བཞི་ལ་དབུས་སུ་ཕེབས་ནས་སེ་བླ་དགེ་གསུམ་ལ་གནས་གཟིགས་དང༌།བསྙེན་བཀུར་ཞུས།རྒྱལ་བ་ཐུབ་བསྟན་རྒྱ་མཚོ་དང༌།ཁྲི་རིན་པོ་ཆེ་ངག་དབང་ནོར་བུ་གཉིས་ལ་མཇལ་ཁ་ཞུས།རྒྱ་དངུལ་སྲང་ཉིས་བརྒྱ་ལྔ་བཅུའི་བླུ་ཡོན་ཕུལ་ཏེ་སྣར་ཐང་བསྟན་འགྱུར་ཆ་ཚང་གཅིག་གདན་དྲངས།དེ་ནས་རང་དགོན་དུ་ཕྱིར་ཕེབས།དགུང་ལོ་ཞེ་དྲུང་ལོ་གསང་སྔགས་དར་རྒྱས་གླིང་གི་ཁྲི་པ་མཛད།དགུང་ལོ་ལྔ་བཅུ་ང་བཞི་སྟེ་ས་གླང་1889 ལོར་གཤེགས།གསུང་འབུམ་པོད་བཞི་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།