ཨོ་རོད་ཞབས་དྲུང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 07:38:25         ཀློག་ཐེངས།  

པར་པོད།ཤོག་གྲངས།

00964 ཀ་

1 དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་དམིགས་བརྩེ་མའི་སྒོལ་ནས་རྗེ་བླ་མར་གསོལ་བ་འདེབས་པའི་ཕན་ཡིན་མདོར་བསྡུས་ལ། 6

2 འཇམ་མགོན་ཙོང་ཁ་པ་ཆེན་པོ་ལ་ཐུགས་རྗེ་བསྐུལ་བའི་གདུང་དབྱངས་ཉི་གཞོན་ཟེར་འཁྱིལ་ལ། 4

3 རྗེ་བླ་མའི་ཐུགས་རྗེ་བསྐུལ་བའི་གདུང་དབྱངས་འཛུམ་དཀར་ལ། 4

4 རིགས་གསུམ་གཅིག་འདུས་ཀྱི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་བརྒྱ་སྦྱིན་སྤྱི་ནོར་ལ། 6

5 རྗེའི་རྣམ་ཐར་གསེར་ཞུན་ཐིགས་པ་ལ། 4

6 ཐུགས་རྗེ་མྱུར་བར་བསྐུལ་བའི་གདུང་དབྱངས་རྒྱང་འབོད་ང་རོ་ལ། 4

7 བྱང་ཆུབ་ལམ་རིམ་གྱི་དམིགས་རྣམ་སྐྱོང་ཚུལ་མདོར་བསྡུས་ལ། 7

8 སྟོན་པ་ཐུབ་པའི་དབང་པོའི་རྣམ་ཐར་རྣ་བའི་བཅུད་ལེན་ལ། 5

9 མཉམ་མེད་ཐུབ་པའི་དབང་པོའི་མཚན་གཟུངས་བཟླས་པའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ཤིན་ཏུ་མདོར་བསྡུས་ལ།3

10 བསྟན་པའི་བདག་པོ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ལ་སྔོན་གྱི་ཐུགས་བསྐྱེད་བསྐུལ་བའི་གདུང་དབྱངས་རྨ་བྱའི་ཟློས་གར་ལ། 4

11 སྟོན་པ་ཐུབ་པའི་དབང་པོར་སྙིགས་མའི་རྒུད་པ་ཞི་ཕྱིར་གདུང་དབྱངས་མུན་སེལ་ལ། 5

12 ཐུབ་པའི་དབང་པོར་བྱིན་རླབས་བསྐུལ་བའི་ཚུལ་གྱི་རང་གི་འདོད་པའི་དོན་ལ་གསོལ་བ་བཏབ་པ་དོན་ལྡན་ལྷ་ལྔ་ལ། 4

13 མགོན་པོ་ཚེ་དཔག་མེད་དབང་གི་བླ་བརྒྱུད་གསོལ་འདེབས་ལ། 5

14 ཐུགས་རྗེ་ཆེན་པོའི་དབང་གི་བླ་བརྒྱུད་གསོལ་འདེབས་ལ། 5

15 འཇམ་དབྱངས་དམར་སེར་གྱི་བསྟོད་པ་མཁས་དབང་རལ་པའི་ཅོད་པན་ལ། 4

16 འཇམ་དབྱངས་དཀར་པོ་ལ་ཐུགས་རྗེ་བསྐུལ་བའི་གདུང་དབྱངས་ཀུནྡ་འཛུམ་པའི་ཟླ་ཟེར་ལ། 5

17 དེའི་སྒྲུབ་ཐབས་རྨད་བྱུང་བཀོད་པའི་འཇུག་ངོགས་ལ། 5

18 དེའི་སྒོམ་བཟླས་བྱེད་ཚུལ་རྒྱུན་ཁྱེར་གྱི་ཚུལ་དུ་བཀོད་པ་རིག་ཤེས་རང་རྡོལ་ལ། 4

19 དེའི་འདོད་གསོལ་སེང་ཕྲུག་གཞོན་ནུའི་མཆོང་རྩལ་ལ། 2

20 ལྷ་མོ་དབྱངས་ཅན་མའི་བསྟོད་པ་ཤེས་རབ་མིག་སྦྱིན་ལ། 3

21 དེའི་འདོད་དོན་གསོལ་བའི་སྨོན་ཚིག་ཚངས་སྲས་དགྱེས་སྒྲ་ལ། 3

22 དེའི་བཟླས་སྒོམ་བྱེད་ཚུལ་མདོར་བསྡུས་ཁྱེར་བདེ་བསྟོད་པ་ལ། 3

23 དེའི་འདོད་གསོལ་ཚིགས་སུ་བཅད་པ་ཚངས་སྲས་ཡིད་འཛིན་ལ། 2

24 དེའི་བློ་རྩལ་རྫོགས་པའི་འདོད་དོན་མཚོ་བྱུང་དགྱེས་རོལ་ལ། 3

25 བླ་མ་དང་རྡོ་རྗེ་འཇིགས་བྱེད་དབྱེར་མེད་སྒོམ་པའི་བླ་མའི་རྣལ་འབྱོར་ཟུང་འཇུག་ལམ་ཡངས་ལ། 6

26 ཙོང་ཁ་པའི་ཐུགས་བཅུད་རྡོ་རྗེ་གསང་ལམ་ལ། 4

27 སྒྲོལ་མའི་བསྟོད་པ་པད་དཀར་ཆེན་པོ་ལ། 2

28 རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཐུགས་རྗེ་བསྐུལ་བའི་གདུང་དབྱངས་བྱིན་རླབས་སྣང་བྱེད་ལ། 4

29 དེའི་འདོད་དོན་གསོལ་བ་འཛུམ་ཞལ་ལྟ་བའི་མེ་ལོང་ལ། 3

30 དེའི་སྟོང་མཆོད་འབུལ་བའི་ཆོ་ག་ཡིད་བཞིན་རོལ་མཚོ་ལ། 12

31 དེའི་ཚོགས་མཆོད་འབུལ་བའི་བདུད་རྩིའི་རོལ་མཚོ་ལ། 5

32 དེའི་འབྱུང་འགྱུར་གྱི་འདོད་དོན་གསོལ་བ་བྱིན་རླབས་མྱུར་འཇུག་ལ། 3

33 དེའི་སྒྲོལ་ཆོག་རྒྱས་པའི་ངག་འདོན་གྱི་རིམ་པ་ལ། 3

34 དེའི་བརྒྱ་མཆོད་འབུལ་བའི་ཆོ་ག་ཀུན་བཟང་ཞིང་གི་ལམ་བཟང་ལ། 5

35 འདོད་གསོལ་སྨོན་ཚིག་ལ། 7

36 བླ་མ་ལྷག་པའི་ལྷ་ལ་འདོད་གསོལ་ཚིགས་བཅད་ལ། 4

37 སྦྱི་ལམ་འཁྲུལ་སྣང་དབྱངས་ཅན་ཞལ་ལུང་ལ། 3

38 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཐུགས་རྗེ་བསྐུལ་ཞིང་རྗེས་འཛིན་འདོད་གསོལ་ལ། 4

39 བཅོམ་ལྡན་འདས་དཔལ་གསང་བའི་བདག་པོའི་སྒྲུབ་ཐབས་ལ། 5

40 སྐྱོ་ལྡན་སྙིང་གི་གདུང་སེལ་ལ། 5

41 བསླབ་བྱ་ངེས་འབྱུང་བསྐུལ་བའི་སྒྲ་དབྱངས་ལ། 3

42 ཉམས་བཞེས་གསོལ་འདེབས་ཚིག་ཉུང་མདོར་བསྡུས་ལ། 2

43 ཡིད་གསོའི་གཏམ་བརྗོད་ཚེ་གཅིག་ནམ་ལངས་ལ། 5

44 ཚེ་ལྷ་རྣམ་གསུམ་གྱི་སྒོ་ནས་ཚེ་སྤེལ་བར་བྱེད་པའི་ཆོ་ག་ལ། 13

45 དགེ་སྦྱོར་མཇུག་ཏུ་སྦྱར་ཆོག་པའི་འདོད་གསོལ་སྐྱ་རེངས་སྣང་བ་ལ། 2

46 པཎ་ཆེན་བསོད་ནམས་གྲགས་པའི་རྣམ་ཐར་མདོར་བསྡུས་ལ། 4

47 ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་ཐར་མདོར་བསྡུས་ལ། 5

48 རྟེན་འབྲེལ་སྙིང་པོའི་སྒོ་ནས་ཡུལ་ཁྲུས་བྱ་བའི་ཆོ་ག་ལ། 7

49 སྤྱི་བཤགས་ཀྱི་འགྲེལ་པ་བྱད་གྲོལ་སྒོ་འབྱེད་ལ། 11

00965 ཁ་

1 ལུང་ཁྲིད་དབང་རྗེས་གནང་སྐོར་གྱི་ཐོབ་ཡིག་དྭངས་ཤེལ་ཕྲེང་བ་ལ། 47

2 ཐོར་བུ་སྣ་ཚོགས་ཕྱོགས་གཅིག་ཏུ་བསྡུས་པ་མེ་ཏོག་ཆེན་པོ་ལ། 23

3 མགུར་མ་འགའ་ཞིག་གི་ལེ་ཚན་ལ། 4

4 སྐུ་ཐང་གི་རྒྱབ་ཡིག་སྐོར་གྱི་ལེ་ཚན་ལ། 8

5 སྔོན་རབས་དྲན་གསོ་འདེབས་པའི་འཕྲིན་བཅོལ་ལྷ་ཞལ་མྱུར་འཛུམ་ལ། 2

6 མཁན་ཆེན་སྤྲུལ་སྐུ་རིན་པོ་ཆེའི་ཞབས་བརྟན་དྲང་སྲོང་བདེན་ཚིག་ལ། 2

7 བླ་མ་ཁྲི་བཞུགས་ལེགས་གསོའི་རྟེན་འབྱུང་ཚངས་སྲས་དེས་པའི་གཟིགས་མོ་ལ། 3

8 བདག་བསྐྱེད་མདོར་བསྡུས་དོད་ཐུབ་ལ། 2

9 མགོན་པོ།ཆོས་རྒྱལ།དཔལ་ལྡན་ལྷ་མོ་བཅས་ལ་མཆོད་གཏོར་འཕྲིན་བཅོལ་གསེར་སྐྱེམས་བཅས་ལ། 4

10 མགོན་པོ་ཕྱུག་དྲུག་པའི་འཕྲིན་བཅོལ་ཁྱེར་བདེ་ལ། 3

11 དམ་ཅན་ཆོས་རྒྱལ་གྱི་གཏོར་འབུལ་འཕྲིན་ལས་འདོད་འཇོ་ལ། 2

12 དཔལ་ལྡན་ལྷ་མོའི་མཆོད་གཏོར་འཕྲིན་བཅོལ་ཡིད་འདོད་ལ། 2

13 མགོན་དཀར་ཡིད་བཞིན་ནོར་བུའི་འདོད་གསོལ་ལ། 2

14 དེའི་གཏོར་འབུལ་ལ། 3

15 དེའི་གཡང་འབོད་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ། 3

16 ཆོས་སྐྱོང་སྤྱི་ལ་གཏོར་མ་འབུལ་ཚུལ་འདོད་དོན་ཀུན་སྒྲུབ་ལ། 4

17 དཔལ་ལྡན་ལྷ་མོ་ལ་འཕྲིན་བསྐུལ་ཚིགས་བཅད་དམག་ཟོར་དགྱེས་པའི་བཞད་སྒྲ་ལ། 3

18 ཚེ་རིང་མཆེད་ལྔའི་གསོལ་མཆོད་དང་འབྲེལ་ནས་གཡང་འབོད་བྱ་ཚུལ་ལ། 4

19 གཡང་འབོད་བྱ་ཚུལ་རྫོགས་ལྡན་གསར་པ་ལ། 5

20 བསངས་མཆོད་འདོད་རྒུའི་མཆོག་སྦྱིན་ལ། 4

21 ཛམྦྷ་ལ་དཀར་པོའི་བསངས་དཔལ་དུམ་བུའི་དྲི་བསུང་ལ། 4

22 ལྷག་པའི་ལྷ་ལ་ཐུགས་རྗེ་བསྐུལ་བའི་མགུར་དབྱངས་ལ། 3

23 ཤིས་བརྗོད་སྤེལ་བའི་ཚིགས་བཅད་ལ། 12

24 འདུལ་བའི་ལྟུང་བ་སྤྱིར་བསྟན་སྐོར་གྱི་སྡོམ་ཚིག་ལ། 12

25 ཆོས་སྡེ་བདེ་ཆེན་ཆོས་འཁོར་གླིང་གི་བཅའ་ཡིག་ལ། 8

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཨོ་རོད་ཞབས་དྲུང་བློ་བཟང་བསྟན་པའི་རྒྱལ་མཚན་ནི་མདོ་སྨད་ཁུལ་དུ་རབ་བྱུང་བཅུ་བཞི་པའི་ས་ཡོས་1819 ལོ་ལ་འཁྲུངས།སྐུ་གཞོན་དུས་བླ་བྲང་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད།ཧོར་སྤྲུལ་བློ་བཟང་རབ་བརྟན་རྒྱ་མཚོ་དང༌།མཁན་ཆེན་བློ་བཟང་འཇམ་དབྱངས།ཁྲི་ཆེན་བློ་བཟང་ལྷུན་གྲུབ།རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་སོགས་སྔ་ཕྱིར་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད།དགུང་ལོ་ཉི་ཤུ་ཐམ་པར་པཎ་ཆེན་བསྟན་པའི་ཉི་མ་མཆོག་གི་དྲུང་དུ་བསྙེན་རྫོགས་བསྒྲུབས།དགུང་ལོ་ཉེར་བརྒྱད་ལ་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་མཛད་ནས་ལྷ་རམས་པའི་མཚན་བཏགས་བཞེས།དགུང་ལོ་སོ་གསུམ་ལ་གཞིས་དགོན་དུ་ཕྱིར་ཕེབས།དགུང་ལོ་ཞེ་གཉིས་ལོ་དབུས་ཤོག་པ་ཡན་ཤ

བརྒྱུད་འགོད།