ཨ་ལགས་འཇིགས་མེད་བསམ་གཏན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 07:34:00         ཀློག་ཐེངས།  

བར་བོད།ཤོག་གྲངས།

00961 ཀ

1 དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་རྗེ་གསེར་ཁང་པ་བློ་བཟང་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་དད་པའི་འོ་མཚོ་བཞད་པའི་ཟླ་པའི་ཕྲེང་བ་ལ། 53

2 རྗེ་བློ་བཟང་བསྟན་པ་རྒྱ་མཚོ་དཔལ་བཟང་པོའི་ཐུན་མོང་བའི་རྣམ་ཐར་མདོ་ཙམ་བརྗོད་པ་དད་པའི་ཀུནྡ་བཞད་པའི་ཟླ་བའི་འོད་ཟེར་ལ། 53

3 འཇམ་དབྱངས་བླ་མ་རྗེ་བཙུན་ཤེས་རབ་བཀྲ་ཤིས་དཔལ་བཟང་པོའི་རྣམ་ཐར་ཆ་ཙམ་བརྗོད་པ་ཡབ་གཅིག་དགྱེས་པའི་མཆོད་སྤྲིན་ལ། 10

4 འཇམ་དབྱངས་བླ་མ་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་འཇིགས་མེད་ལུང་རིགས་རྒྱ་མཚོ་དཔལ་བཟང་པོའི་རྣམ་ཐར་བསྟན་པའི་མཛེས་ལྡན་ལ། 22

5 རྡོ་རྗེ་འཆང་རང་ཉིད་ཀྱི་རྣམ་པར་ཐར་པའི་ཚིགས་བཅད་མྰ་ལི་ཀའི་ཕྲེང་བ་ལ། 6

6 མཁས་གྲུབ་ཆེན་པོ་རྗེ་མ་ཎི་པ་བློ་བཟང་མཁས་མཆོག་གི་རྣམ་ཐར་མདོ་ཙམ་བརྗོད་པ་ཐར་འདོད་རྣམས་ཀྱི་རྣ་བའི་ལྡན་ལ། 18

7 བླ་མའི་རྣལ་འབྱོར་མདོར་བསྡུས་ལམ་མཆོག་སྙིང་པོ་དངོས་གྲུབ་ཀུན་འབྱུང་ལ། 7

8 བླ་བརྒྱུད་གསོལ་འདེབས་ལ། 3

9 འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པའི་སྲོག་ཤིང་ཆེན་པོ་སྤྲུལ་པའི་སྐུ་རིན་པོ་ཆེའི་འཁྲུངས་རབས་དང་འབྲེལ་བའི་བསྟོད་པ་མུ་ཏིག་ཕྲེང་བ་ལ། 3

10 ཞབས་བརྟན་གསོལ་འདེབས་དགེ་ལེགས་དཔལ་སྟེར་ལ། 4

11 དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་མདོར་བསྡུས་སྒོམ་ཚུལ་དངོས་གྲུབ་རྣམ་གཉིས་དང༌།བླ་མ་ལྷའི་རྣལ་འབྱོར།འཇིགས་བྱེད་ཀྱི་སྦྱིན་སྲེག་མདོར་བསྡུས་སྡིག་ལྟུང་གངས་རིའི་གཉེན་པོ་ཉིན་བྱེད་གཟི་འབར་ལ། 5

12 གསོལ་འདེབས་རླབས་ཆེན་ཚོགས་གཉིས་མ་ལ། 4

13 ལམ་གྱི་གཙོ་བོ་རྣམ་གསུམ་གྱི་གདམས་པ་མདོར་བསྡུས་འཇམ་མགོན་བླ་མའི་ཞལ་གྱི་བདུད་རྩིའི་ཐིགས་པ་ཉོན་མོངས་ནད་སེལ་ལ། 5

14 རྒྱལ་མཆོག་སེང་གེ་ང་རོའི་ཞིང་དུ་སྐྱེ་བའི་སྨོན་ཚིག་གི་འགྲེལ་པ་ཞིང་མཆོག་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ། 4

15 བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་རིམ་གཉིས་ཀྱི་རྣམ་གཞག་སྨོན་པའི་ཡུལ་དུ་བྱེད་པའི་རྡོ་རྗེའི་ཚིག་རྗེ་བློ་གྲོས་ཆོས་སྐྱོང་གིས་མཛད་པའི་འགྲེལ་པ་རྡོ་རྗེའི་ལམ་བཟང་བགྲོད་པའི་ཐེམ་སྐས་ལ། 8

16 གྲྭ་པའི་གནས་མཆོག་ཤབྷ་ལའི་ཞིང་གི་བཀོད་པ་མདོ་ཙམ་བརྗོད་པ་ཤེལ་དཀར་མེ་ལོང་རིགས་ལྡན་དགྱེས་པའི་མཆོད་སྤྲིན་ལ། 6

17 དབེན་པའི་གནས་མཆོག་བཀྲ་ཤིས་ཐེག་ཆེན་གླིང་གི་གནས་ཀྱི་་བསྔགས་པ་གཡས་འཁྱིལ་བཞད་པའི་སྒྲ་དབྱངས་ལ། 6

18 ཆོས་སྡེ་དམ་པ་ཀ་རིང་བཀྲ་ཤིས་དར་རྒྱས་གླིང་གི་འཆི་མེད་གྲུབ་པའི་ལྷ་ཁང་མཐོང་གྲོལ་ཆེན་མོ་ལ་བསྔགས་པ་ཀུན་བཟང་འཁོར་ལོ་ལ། 3

19 གྲྭ་པའི་དབང་ཀ་བའི་སྒྲུབ་གནས་མཆོག་ཤེལ་དགོན་བཀྲ་ཤིས་ལྗོངས་ཀྱི་རང་བཞིན་མདོ་ཙམ་བརྗོད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དགེ་ལེགས་ནོར་བུའི་དོ་ཤལ་ལ།6

20 རྟེན་ཐོ་དད་པའི་འོ་མཚོ་འཕེལ་བའི་དགེ་ལེགས་སྣང་བ་བཞད་པའི་བཅུ་དྲུག་ཆ་རྫོགས་ཟླ་བ་ལ། 5

21 བླ་མའི་བསྟོད་པ་དང་ཀུན་འཁོར་སོགས་ལེའུ་འགའ་ལ། 3

22 སྒྲུབ་བརྒྱུད་བསྟན་པའི་འབྱུང་གནས་དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་གི་དབྱར་གནས་པའི་དགེ་འདུན་རྣམས་ཀྱི་ཚོགས་འདོན་གྱི་འདོན་བསྒྲིགས་རྙོག་བྲལ་གངྒྰའའི་ཆུ་རྒྱུན་ལ། 35

23 དགེ་སྦྱོར་གྱི་དྲན་གསོ་མདོར་བསྡུས་ལ། 3

24 ཀུན་བཟང་མཁའ་དབྱིང་མ་སོགས་ཆབ་ཤོག་སྐོར་ལ། 4

25 འཕགས་པ་གནས་བརྟན་ཕྱག་མཆོད་རྒྱལ་བསྟན་མཛད་མེད་སྙིང་པོའི་ཡང་སྙིང་ལ། 8

26 བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ལ་བརྟེན་ནས་སྟོང་མཆོད་འབུལ་ཚུལ་འཆི་མེད་དཔལ་སྟེར་བདུད་རྩིའི་རྒྱུན་བཟང་ལ། 8

27 མ་ཅིག་གྲུབ་པའི་རྒྱལ་མོ་ནས་རྒྱུད་པའི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་སྒོ་ནས་ཁྲུས་དབང་བསྐྲུ་ཚུལ་གྱི་ཆོ་ག་འཆི་མེད་ཚེ་ཡི་དཔལ་སྟེར་ལ། 12

28 རྗེ་བཙུན་འཇམ་དབྱངས་དང་ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་ལ། 4

29 དཔལ་འཁོར་ལོ་ཆེན་པོའི་མངོན་རྟོགས་མདོར་བསྡུས་དངོས་གྲུབ་འགུགས་བྱེད་ལྕགས་ཀྱུ་སོགས་ལ། 4

30 མི་ཏྲ་བརྒྱ་རྩར་གྲགས་པ་ལས་རྒྱུད་སྡེ་བཞིའི་ཡི་དམ་དྲུག་ཅུ་རེ་ལྔའི་31 སྒྲོལ་མའི་མངོན་རྟོགས་མདོར་བསྡུས་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་32 རྗེ་བཙུན་འཕགས་མ་སྒྲོལ་མ་རྣམ་གཉིས་ཀྱི་མན་ཌལ་བཞི་པའི་ཆོ་ག་ཡིད་བཞིན་ནོར་བུའི་ཕྲེང་བ་ལ། 16

33 བླ་མ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་སྟོང་མཆོད་འབུལ་བའི་ཆོ་ག་ཕན་བདེའི་དཔལ་སྟེར་ལ། 10

34 རྗེ་བཙུན་འཇམ་དབྱངས་དཀར་པོའི་ཞི་བའི་སྦྱིན་སྲེག་སྦྱོངས་པའི་མུན་སེལ་ཉིན་བྱེད་སྣང་བ་ལ། 5

35 བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ་གྱི་འདོན་བསྒྲིགས་བདུད་རྩིའི་བུམ་བཟང་གི་མདུན་བསྐྱེད་ལ། 13

36 དུས་འཁོར་བུམ་བསྐྱེད་མདོར་བསྡུས་ལ། 4

37 དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་འཇམ་དཔལ་དགོངས་ལྡན་གྱི་ཞི་བའི་སྦྱིན་སྲེག་དངོས་གྲུབ་རྣམ་གཉིས་འདྲེན་པའི་ཤིང་རྟ་ལ། 9

38 དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་ཡུམ་མཆོག་སྣ་ཚོགས་ཡུམ་གྱི་བུམ་སྒྲུབ་བྱེད་ཚུལ་བདུད་རྩིའི་བུམ་བཟང་རྡོ་རྗེའི་ཚེར་མ་ཞི་བྱེད་ལ།4

39 འཕགས་ཆོག་སྤྱན་རས་གཟིགས་ཀྱི་སྒོ་ནས་ཡུལ་ཁྲུས་བྱེད་ཚུལ་ལ།4

40 ཐུགས་རྗེ་ཆེན་པོ་ལྷ་དགུའི་སྒོ་ནས་བསྙེན་པ་བྱེད་ཚུལ་ཨ་ལགས་ཐོ་རྒྱ་ལ་གནང་བ་ལ། 2

41 རྡོ་རྗེ་རྣམ་འཇམས་ཀྱི་སྒོ་ནས་ཡུལ་ཁྲུས་བྱ་ཚུལ་དགེ་ལེགས་དཔལ་སྟེར་ལ། 10

42 ལྷ་མོ་སྤྱན་མ་ལ་བརྟེན་ནས་བྱད་སོགས་ཞི་བའི་ཐབས་ཀྱི་བུམ་སྒྲུབ་བཀྲུ་བྱབས་བསྲུང་གསུམ་དང་བཅས་པ་བདུད་རྩིའི་སྨན་མཆོག་ག་བུར་ཆུ་རྒྱུན་ལ། 7

43 འཕགས་མཆོག་ཛམྦྷ་ལ་རིགས་ལྔའི་སྒོ་ནས་ནོར་སྒྲུབ་བྱ་ཚུལ་དཔག་བསམ་ལྗོན་ཤིང་དགོས་འདོད་ཀུན་འབྱུང་ལ།10

00962 ཁ་

1 དབུ་མ་བཞི་བརྒྱ་པའི་ས་བཅད་བསྡུས་དོན་ལ། 53

2 དཔལ་གསང་བ་འདུས་པའི་རྩ་རྒྱུད་སྒྲོན་མ་རབ་ཏུ་གསལ་བར་བྱེད་པའི་རྒྱ་ཆེར་བཤད་པའི་ས་བཅད་བསྡུས་དོན་ལ།34

3 དཔལ་འཁོར་ལོ་སྡོམ་པ་ལུས་དཀྱིལ་གྱི་བདག་འཇུག་མདོར་བསྡུས་བཀླག་ཆོག་ཏུ་བཀོད་པ་དངོས་གྲུབ་རྣམ་གཉིས་འགུགས་པའི་ལྕགས་ཀྱུ་ལ། 16

4 དེའི་བུམ་བསྐྱེད་མདོར་བསྡུས་ལ། 3

5 དཔལ་གསང་བ་འདུས་པའི་རྩ་རྒྱུད་སྒྲོན་གསལ་ཚིག་དོན་ཇི་བཞིན་འབྱེད་པའི་མཆན་གྱི་ཡང་འགྲེལ་ས་བཅད་བསྡུས་དོན་གོ་རིམ་གསལ་བར་བཀོད་པ་ལ། 86

6 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བསྙེན་པ་བྱེད་ཚུལ་ལ། 3

7 ཡང་གསང་ཁྲོས་པ་ལྷ་དགུའི་བླ་བརྒྱུད་གསོལ་འདེབས་ལ། 1

8 རྟ་མགྲིན་ཡང་གསང་ཁྲོས་པའི་སྒྲུབ་ཐབས་མདོར་བསྡུས་ལ། 3

9 པདྨ་དབང་གི་རྒྱལ་པོ་ཡང་གསང་ཁྲོས་པ་ལྷ་དགུའི་སྒྲུབ་ཐབས་སྙིང་པོ་བཅུད་བསྡུས་ཀྱི་གཞུང་བསྲིངས་ལ། 23

10 དེའི་ལས་བྱང་མདོར་བསྡུས་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ།6

11 ཡང་གསང་ཁྲོས་པ་ལྷ་དགུའི་སྒོ་ནས་ཚོགས་བཟློག་བྱེད་ཚུལ་དབང་ཆེན་ཞལ་ལུང་ལ། 10

12 འཕགས་མཆོག་སེང་གེ་སྒྲ་ལ་བརྟེན་པའི་གདོན་འགྲོལ་བྱ་ཚུལ་གྱི་ཆོ་ག་ཀླུ་གདོན་གདུང་བ་སེལ་བྱེད་ཟླ་བ་འབུམ་གྱི་འོད་ཟེར་ལ། 12

13 ས་བདག་གདོན་འགྲོལ་གྱི་ཆོ་ག་ནག་འགྲོས་སུ་བཀོད་པ་ལ། 6

14 མྱུར་བྱོན་གསོལ་འདེབས་ཀྱི་སྐོར་ལ།8

15 གསོན་གཤིན་གྱི་འཕོ་བ་བྱེད་སྐབས་ཀྱི་མཚམས་སྦྱོར་བྱ་ཚུལ་ཉམ་ཐག་ཀྱི་བོའི་དབུགས་འབྱིན་ལ། 8

16 རྒྱལ་ཀུན་སོར་རྟོགས་མ་ལ། 4

17 ཁ་རག་སྒོམ་ཆེན་གྱི་དགག་ལན་གནམ་ལྕགས་འཁོར་ལོ་ལ། 8

18 འཇམ་མགོན་བསྟན་སྲུང་ཆོས་ཀྱི་རྒྱལ་པོའི་འཕྲིན་བཅོལ་ལས་བཞི་དོན་གྲུབ་དང་དེའི་བསྙེན་པ་གཏོང་ཚུལ་སོགས་ལ། 6

19 དགྲ་ལྷའི་རྒྱལ་པོ་ཨ་མྱེས་གེ་སར་གྱི་བསངས་མཆོད་ལས་བཞི་དོན་གྲུབ་སོགས་ལ། 4

20 ལྷ་བཙན་བསེ་རྒོད་ནོར་ལྷའི་ངོ་བོར་སྒྲུབ་ཚུལ་འདོད་དགུ་འབྱུང་བའི་ནོར་བུའི་བང་མཛོད་ལ། 10

21 གཞི་བདག་བསེ་རྒོད་ལ་གཏོར་མ་འབུལ་ཚུལ་ལ། 2

22 གསང་བ་ལས་ཀྱང་ཆེས་གསང་བ་མཁའ་འགྲོའི་སྙིང་ཁྲག་ལྟ་བུའི་གདམས་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་བཀའ་རྒྱ་མའི་སྐོར་ལ།དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་བདུད་ལས་རྣམ་རྒྱལ་གྱི་སྟེང་ནས་གཞི་བསྙེན་ཆེན་མོར་འདུག་ཚུལ་བླ་མ་དམ་པའི་ཞལ་གྱི་བདུད་རྩི་དངོས་གྲུབ་ཀུན་འབྱུང་ལ། 20

23 ཡང་གཞི་བསྙེན་ཆེན་མོའི་གོ་རིམ་ནག་འགྲོས་སུ་བཀོད་པ་ལ། 11

24 དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཞི་བསྙེན་ཆེན་མོའི་དངོས་གཞི་གཏོང་ཚུལ་གྱི་འདོན་བསྒྲིགས་ལ། 4

25 བླ་མའི་མན་ངག་སེམས་ཀྱི་གླང་སྨྱོན་འགུགས་པའི་ལྕགས་ཀྱུ་ལ། 9

26 དཔལ་རྡོ་རྗེ་འཇིགས་བྱེད་སྐྱེ་བདག་འཇུག་མདོར་བསྡུས་སྒྲིབ་གཉིས་དྲི་མ་དག་བྱེད་བདུད་རྩིའི་ཆུ་རྒྱུན་དང་དེའི་བུམ་ཆོག་ལ། 6

27 དཔལ་རྡོ་རྗེ་འཇིགས་བྱེད་སྐྱེ་བདག་འཇུག་རྒྱུན་གྱི་རྣལ་འབྱོར་བྱ་ཚུལ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ། 15

28 འཇིགས་བྱེད་སྐྱེ་བསྙེན་སྒྲུབ་སྦྲགས་མའི་འདོན་བསྒྲིགས་དངོས་གྲུབ་ཀུན་འབྱུང་ལ། 7

29 དེའི་བཅུ་ཆའི་སྦྱིན་སྲེག་ངག་འདོན་གྱི་རིམ་པ་འཇུག་བདེ་གྲུབ་དབང་བློན་ཆོས་རིན་པོ་ཆེས་མཛད་པ་ལ། 6

30 དངོས་གྲུབ་ཀྱི་རྫས་སྒྲུབ་སྐབས་ཀྱི་འདོད་གསོལ་ཡབ་རྗེ་གསེར་ཁང་པས་མཛད་པ་ལ། 2

31 བཅུ་ཆའི་སྦྱིན་སྲེག་འབུལ་ཚུལ་གྱི་འདོན་བསྒྲིགས་དངོས་གྲུབ་ཀུན་འབྱུང་བླ་མའི་གསུང་བཞིན་བཀོད་པ་ལ། 6

32 དྲུག་ཅུ་པའི་འདོན་བསྒྲིགས་དངོས་གྲུབ་ཀུན་འབྱུང་བླ་མའི་གསུང་རྒྱུན་ལྟར་བཀོད་པ་ལ། 5

33 རྗེ་བཙུན་མཁའ་སྤྱོད་དབང་མོའི་སྒྲུབ་ཐབས་མདོར་བསྡུས་གསང་ཆེན་བཅུད་ཀྱི་ཡང་སྙིང་ལ། 6

34 ཁྱབ་བདག་སྟག་ཕུ་རིན་པོ་ཆེའི་དག་སྣང་རྗེ་བཙུན་སྒྲོལ་མའི་བདག་འཇུག་མཁས་གྲུབ་དམ་པའི་ཞལ་ལུང་ལ། 17

35 སྟག་ཕུའི་དག་སྣང་སྒྲོལ་མའི་བསྙེན་ཡིག་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ། 9

36 དེའི་མེ་ལྷའི་བསྙེན་པ་དང་བསྙེན་སྒྲུབ་སྦྲགས་མ་བཅུ་ཆའི་སྦྱིན་སྲེག་རྣམས་ཀྱི་ཐོ་ཙམ་བཀོད་པ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ། 8

37 ཁྲོ་བཅུའི་གཏོར་བཟློག་གི་ཆོ་ག་རལ་གྲི་སྟོང་གི་འཁོར་ལོ་ལ། 27

38 དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པའི་ལས་མཐའ་གནམ་ལྕགས་ཐོག་ཆེན་ལ། 9

39 དམ་ཅན་རྡོ་རྗེ་ལེགས་པའི་བསྐང་ཆོག་དཔག་བསམ་འཁྲི་ཤིང་ལ། 13

དཀར་ཆག་ལ། 9

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཨ་ལགས་འཇིགས་མེད་བསམ་གཏན་ནི་མདོ་སྨད་རེབ་ཀོང་གི་སྟོད་ཀྱི་ཆར་གཡུ་འབྲོང་ཁྱུང་གསུམ་གྱི་ལྷ་ཞོལ་དུ་ཡབ་མགོ་རྒས་མཁར་བྱམས་དང༌།ཡུམ་སྙིང་མོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཤིང་ཁྱི་1814ལོ་ལ་འཁྲུངས།དགུང་ལོ་བཅུ་ཙམ་ལ་རྫོང་དཀར་གྱི་ཆོས་གྲྭར་ཞུགས་ཏེ་རྫོང་ཆུང་པན་ཌི་ཏ་འཇིགས་མེད་ལུང་རིགས་རྒྱ་མཚོ་བསྟེན་ནས་ཀློག་དང༌།ཆོས་སྤྱོད་སོགས་འཛིན་སྐྱོར་གནང༌།རབ་འབྱམས་པ་བློ་བཟང་ཉི་མ་བསྟེན་ནས་བསྡུས་རྟགས་བློ་གསུམ་ལ་སློབ་སྦྱོང་རྡོ་རུས་མཛད།རོང་པོ་བློ་བཟང་ཆོས་དར་ས་ནས་སྒྲ་སྙན་ངག་དང༌།སྨན།རྩིས་སོགས་གསན།དགུང་ལོ་ཉེར་དྲུག་ནས་དགུང་ལོ་ཞེ་གསུམ་བར་དབེན་གནས་སུ་སྒྲུབ་པ་རྩེ་གཅིག་ཏུ་མཛད།དགུང་ལོ་ཞེ་བཞི་ནས་གཞན་དོན་མཁའ་ཁྱབ་ཏུ་སྐྱོང་བའི་དབུ་བཙུགས་ཏེ་རོང་པོ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་དང༌།ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ།ཆེ་ཤོས་རིན་པོ་ཆེ།ཁྱད་པར་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་སོགས་སློབ་མ་རྣམས་ལ་མདོ་སྔགས་ཆོས་ཀྱི་མན་ངག་རྣམ་གསུམ་བུམ་པ་གང་བྱོའི་ཚུལ་དུ་གནང༌།གཞན་ཡང་མགོན་པོའི་གཏོར་ཆེན་དང༌།ལྕགས་མཁར་ཟུར་དགུ་པ།ཆོས་རྒྱལ་གཏོར་ཆེན།ལྕམ་སྲིང༌།ཀྵེ་ཊ་པ་ལའི་གཏོར་ཆེན།ཡ་མ་ར་ཛའི་སྒོ་ནས་དྲག་པོའི་ལས་སྦྱོར་གྲངས་ལས་འདས་པ་གནང༌།དགུང་ལོ་རེ་བརྒྱད་དེ་ལྕགས་སྦྲུལ་1881 ལོ་ལ་གཤེགས།འདིར་གསུང་འབུམ་པོད་གཉིས་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།