མཁས་གྲུབ་ཐར་ཤུལ་བ་དགེ་འདུན་ཆོས་སྐྱོང་གི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 07:32:02         ཀློག་ཐེངས།  

པར་བོད།ཤོག་གྲངས།

00960

ཀསྐྱབས་མགོན་རྡོ་རྗེ་འཆང་ཉིད་ཀྱི་རྣམ་ཐར་སྐལ་བཟང་དད་པའི་པདྨོ་བཞད་པའི་ཉིན་བྱེད་ཅེས་བྱ་བ་ཐུགས་སྲས་ཆེན་པོས་མཛད་པ་ཁ་སྐོང་དང་བཅས་ལ། 55

ཁརྙེ་དཔོན་སློབ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་དད་པའི་ལྡན་དང་ཆོས་གྲྭའི་ཚིགས་བཅད་བཅས་ལ། 48

གསྲད་བརྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་གྱི་དམིགས་ཁྲིད་སྐྱོང་ཚུལ་མདོར་བསྡུས་ལ། 11

ངབླ་མཆོད་བདེ་སྟོང་དབྱེར་མེད་མའི་དམིགས་རིམ་འཕྲོ་ཅན་དང་དམ་ཅན་རྡོར་ལེགས་གསོལ་མཆོད་བཅས་ལ། 9

ཅབླ་མཆོད་འདོན་བསྒྲིགས་དང་རྗེ་བདག་ཉིད་ཆེན་པོ་ལ་ཇི་ལྟར་གསོལ་བ་འདེབས་པའི་དམིགས་རིམ་ལེ་ཚན་གཉིས་ལ། 5

ཆབླ་མའི་གསོལ་འདེབས་ཀྱི་རིམ་པ་དགེ་ལེགས་མྱུ་གུ་གསོ་བའི་གྲུ་ཆར་ལ།9

ཇམྱུར་བྱོན་གསོལ་འདེབས་ཀྱི་སྐོར་ཉམས་ཆུང་ཡིད་ཀྱི་གསོས་སྨན་ལ། 6

ཉའཇམ་པའི་དབྱངས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འགའ་ཞིག་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 6

ཏསྤྱན་རས་གཟིགས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འདོད་གསོལ་ལ། 3

ཐབླ་མའི་རྣལ་འབྱོར་གྱི་རིམ་པ་དགོས་འདོད་འཇོ་བའི་བུམ་བཟང་ལ། 6

དདགེ་བའི་བཤེས་གཉེན་བསྟེན་ཚུལ་གྱི་མན་ངག་སྐལ་བཟང་རེ་སྐོང་ལ། 4

ནསྔོན་འགྲོའི་ཆོས་བཤད་མདོར་བསྡུས་ཀུན་བྱང་སྣང་བརྙན་བཀྲ་བའི་མེ་ལོང་ལ། 5

པསྦྱོར་ཆོས་དང་པོ་གསུམ་ལས་བརྩམས་པའི་ཞལ་གདམས་ལ། 5

ཕབློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་མདོར་བསྡུས་དོན་བཟང་བདུད་རྩིའི་སྙིང་པོ་ལ། 9

བབདུད་གཅོད་ཟབ་མོའི་མན་ངག་སྙིང་པོར་དྲིལ་བ་དང་ཐར་འདོད་དེད་དཔོན་གྱི་འདོན་བསྒྲིགས་སོགས་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 8

མབསླབ་བྱ་སྣ་ཚོགས་ཀྱི་སྐོར་གདུང་སེལ་བདུད་རྩིའི་ཐིགས་ཕྲེང་ལ། 8

ཙའཕྲིན་ཡིག་རིམ་པ་ངོ་མཚར་ཨུཏྤ་ལའི་ཆེན་པོ་ལ། 11

ཚསྨྱུང་གནས་དང་ཐེག་ཆེན་གསོ་སྦྱོང་གི་བསླབ་བྱ་སོགས་ཕྱོགས་བསྡེབས་སུ་བཀོད་པ་ལ། 6

ཛཐུབ་པའི་དབང་པོའི་མཚན་སྔགས་འདོན་ཐབས་དང་ལྷག་ལྷའི་སྒྲུབ་སྐོར་དོན་ལྡན་གྲུབ་པའི་དབྱངས་སྙན་ལ། 6

ཝབྱམས་པས་དམ་བཅས་པའི་གཟུངས་འདོན་ཐབས་ཡིད་དགའ་ཆོས་འཛིན་ལ་བསྔགས་པའི་རབ་བྱེད་བཅས་ལ། 4

ཞསྒྲོལ་མ་ལ་སྟོང་མཆོད་འབུལ་ཚུལ་དངོས་གྲུབ་ཀུན་འབྱུང་ལ། 6

ཟལྷག་ལྷ་དུ་མའི་འདོད་གསོལ་གྱི་སྐོར་དོན་ལྡན་གྲུབ་པའི་དབྱངས་སྙན་ལ།7

འརབ་གནས་ཀྱི་་བཤད་པ་མདོར་བསྡུས་ལེགས་བྱས་སྤྲིན་གྱི་སྒྲ་དབྱངས་ལ། 6

ཡདད་ལྡན་སོ་སོའི་མོས་པ་དང་རྗེས་སུ་མཐུན་པར་སྤེལ་བའི་གསུང་ཐོར་བུ་སྐོར་ལ། 12

རབསངས་མཆོད་ཀྱི་རིམ་པ་བྱིས་བློའི་གདུང་འཕྲོག་ལ། 5

ལའཇིགས་མཛད་དུས་གྲྭའི་དབང་པོའི་བསྙེན་སྒྲུབ་ལས་བརྩམས་པའི་ཞལ་གདམས་ཀྱི་རིམ་པ་གསང་བའི་སྙིང་ནོར་ལ།17

ཤའཇིགས་བྱེད་བདག་འཇུག་གི་འདོན་བསྒྲིགས་དང་བསྙེན་སྒྲུབ་སྦྲགས་མའི་ལག་ལེན་བཅས་ལ།6

སདྲུག་ཅུ་མའི་ཞི་རག་གི་འདོན་བསྒྲིགས་དང་དགོངས་གསོལ་དགྲ་བགེགས་དཔུང་འཇོམས་བཅས་ལ།..7

ཧམགོན་པོ་ཕྱུག་དྲུག་པའི་རྒྱས་པ་དང་དབང་གི་སྦྱིན་སྲེག་ཞི་བའི་གཏོར་སྒྲུབ་ཀྱི་འདོན་བསྒྲིགས་གུར་གྱི་ཞི་བའི་སྦྱིན་སྲེག་བཅས་ལ། 9

ཨདམག་ཟོར་རྒྱལ་མོའི་ཞི་རྒྱས་གཏོར་སྒྲུབ་བྱེད་ཚུལ་དང་ཞབས་བརྟན་གསོལ་འདེབས་བཅས་ལ། 15

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།མཁས་གྲུབ་ཐར་ཤུལ་བ་དགེ་འདུན་ཆོས་སྐྱོང་ནི་མདོ་སྨད་ཆེ་ཇིའི་ཀླུ་མཁར་དུ་ཡབ་རྡོ་རྗེ་རབ་བརྟན་དང༌།ཡུམ་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པ་ལྕགས་རྟ་1810ལོར་འཁྲུངས།དགུང་ལོ་བདུན་ལ་ཕེབས་སྐབས་འདུལ་འཛིན་པ་དགེ་འདུན་ཡར་འཕེལ་གྱི་དྲུང་ནས་དགེ་བསྙེན་དང༌།བར་མ་རབ་བྱུང༌།དགེ་ཚུལ་གྱི་སྡོམ་པ་རྣམས་དཀྱུས་གཅིག་ལ་ཡང་དག་པར་མནོས་ཏེ།མཚན་དགེ་འདུན་ཆོས་སྐྱོང་ཞེས་གསོལ།དགུང་ལོ་བཅུ་བཞིར་བདེ་ཆེན་དགེ་ཚོགས་གླིང་དུ་ཆོས་གྲྭར་ཞུགས།དགེ་བསྙེན་ཆེན་པོ་ངག་དབང་བཟོད་པ་ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་པོད་ལྔར་གསན་སྦྱངས་མཛད།དགུང་ལོ་ཉི་ཤུ་ཐམ་པར་ཕེབས་སྐབས་རྗེ་ངག་དབང་བསྟན་འཛིན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།དགུང་ལོ་ཉེར་བཞིར་ཕེབས་སྐབས།རྗེ་ཉིད་ཀྱི་གདན་ས་བདེ་ཆེན་ཆོས་གླིང་གི་ཆོས་ཁྲིར་མངའ་གསོལ།དེ་ནས་གཞུང་བརྒྱ་སྨྲ་བའི་དབང་པོ་ལྷ་རྣམས་པ་བྱམས་པ་དང༌།རྗེ་ངག་དབང་བསྟན་འཛིན་གཉིས་ཀྱི་དྲུང་ནས་ལོ་བཞིའི་རིང་མདོ་སྔགས་ཀྱི་ལུང་གསན།དགུང་ལོ་ཉེར་བརྒྱད་ལ་ཕེབས་སྐབས།གྲུ་གནས་ཆོས་ལུང་གསེར་དགོན་དུ་རྗེ་གྲུབ་པའི་དབང་ཕྱུག་བློ་བཟང་བསྟན་འཛིན་རྒྱ་མཚོར་དབེན་པ་བསྟེན་རྒྱུའི་སྐྱབས་ཞུ་སྤྲུལ་བར་ཞལ་བཞེས་ཐོབ་སྟེ་རི་ཁྲོད་དུ་བཞུགས།དེའི་རིང་མདོ་སྔགས་ཀྱི་གཞུང་མང་པོར་ཉམས་བཞེས་མཛད།དགུང་ལོ་སོ་བརྒྱད་ལ་སྐྱབས་མགོན་གསེར་ཁང་རྡོ་རྗེ་འཆང་བོད་དུ་ཆིབས་བསྒྱུར་གནང་བ་དང་ལྷན་དུ་དབུས་གཙས་དག་པའི་ཞིང་དུ་བྱང་ལམ་རིམ་པར་བརྒྱུད་དེ་ཕེབས་ནས་ལོ་གཅིག་བཞུགས།དགུང་ལོ་སོ་དགུར་ལྷ་ས་ནས་མདོ་སྨད་ཕྱོགས་སུ་ཕྱིར་ཕེབས།དགུང་ལོ་ཞེ་དྲུག་ལ་ཕེབས་སྐབས་མདོ་སྨད་བྱང་ཕྱོགས་ཀྱི་རྟེན་རྣམས་ཆེད་གཉེར་གྱིས་མཇལ་དུ་ཕེབས།དགུང་ལོ་ཞེ་དགུར་ཕེབས་སྐབས་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་ཕེབས།རྗེ་ཤེས་རབ་རྒྱ་མཚོའི་དྲུང་ནས་མདོ་སྔགས་ཟབ་ཆོས་རྒྱས་པར་གསན།དགུང་ལོ་ང་བརྒྱད་ནས་བཟུང་ཕྱུག་རྫས་གང་ཡོད་གོང་བའི་གྲྭ་ཚང་དང༌།འཇམ་མོའི་གྲྭ་ཚང༌།ཅོག་རོང༌།ཧོར་རྒྱའི་གྲྭ་ཚང༌།མི་ཉག་གྲྭ་ཚང་སོགས་ཀྱི་གསར་བཞེངས་དགོས་མཁོར་གཏོང་གནང་གིས་འདུ་ཁང་ཁག་ཉི་ཤུ་བཞེངས།དགུང་ལོ་ང་དགུར་ཕེབས་སྐབས་རྭ་ཟའི་དགོན་བསྟན་རྒྱས་བསམ་གཏན་གླིང་དུ་ཁྲི་ཆེན་བློ་གྲོས་རྒྱ་མཚོའི་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོ་སོགས་བལ་མ་ཁ་ཤས་ཀྱིས་བཙོས་བསྒྲུབ་བྱ་སུམ་ཅུ་ལྷག་ཙམ་ལ་དགེ་ཚུལ་གྱི་སྡོམ་པ་དང༌།དགེ་སློང་གི་སྡོམ་པ་ལེགས་པར་གསོལ།དགུང་ལོ་དྲུག་ཅུ་རེ་གཉིས་བཞེས་པ་ན་གོང་བའི་གྲྭ་ཚང་ཐོས་བསམ་གླིང་དུ་རྗེ་བཙུན་བློ་བཟང་བསྟན་པ་རྒྱ་མཚོ་དང༌།མངའ་བདག་ལྷ་རི་བློ་བཟང་འབྱུང་གནས་ཀྱི་སྤྲུལ་སྐུ་རིན་པོ་ཆེ་བློ་བཟང་བཀྲ་ཤིས་སོགས་བླ་མ་ཁ་ཤས་ལ་མདོ་སྔགས་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ཤིན་ཏུ་མང་པོར་མདོ་སྡེ་ཀུན་གྱི་གསུང་བཤད་གནང༌།དགུང་ལོ་བདུན་ཅུ་དོན་ལྔ་སྟེ་ཤིང་སྤྲེལ་1884 ལོ་ལ་སྐུ་གཤེགས།འདིར་གསུང་འབུམ་པོད་གཅིག་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།