དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེའམ་བློ་བཟང་ཆོས་འཕེལ་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 07:28:39         ཀློག་ཐེངས།  

བར་བོད།ཤོག་གྲངས།

00957 ཀ

1 རྗེ་བཙུན་བླ་མ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་མཚན་སྔགས་གསུམ་སྒྲིག་ལ། 1

2 རྗེ་ཉིད་ཀྱི་ཞལ་སྔ་ནས་རྣམ་ཐར་གྱི་སྒོ་ནས་གསོལ་བ་འདེབས་ཚུལ་བྱིན་རླབས་ནོར་བུ་འདྲེན་པའི་ཤིང་རྟ་ལ། 6

3 རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་འཕེལ་དཔལ་བཟང་པོའི་རྣམ་ཐར་དགའ་ལྡན་བསྟན་པའི་ཉི་འོད་ལ། 209

4 ཐེག་པ་ཆེན་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་མཁས་གྲུབ་བླ་མའི་ཞལ་ལུང་རྒྱལ་བའི་གཞུང་ལམ་སྟོན་པའི་ས་མཁན་ལ། 14

5 ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་སྒོམ་བཟླས་བྱ་ཚུལ་དངོས་གྲུབ་ཆར་དུ་བསྙིལ་བའི་ཕྲིན་ཕུང་ལ། 5

6 ཟབ་ལམ་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མ་ལ་བརྟེན་ནས་མདོ་སྔགས་ཀྱི་ལམ་ཆ་ཚང་བར་ཉམས་སུ་ལེན་ཚུལ་སྐལ་བཟང་དགའ་སྟོན་ལ། 26

7 དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་ནས་ས་བརྟགས་བསླང་སྦྱང་བ་གསུམ་གྱི་ལག་ལེན་གསལ་བར་བཤད་པ་ལེགས་ཚོགས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ། 8

8 དེའི་ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག་གི་ཆོ་ག་གསལ་བར་བཤད་པ་བློ་བཟང་རྒྱལ་བའི་ཞལ་ལུང་ལ། 37

9 དེའི་བྱབས་ཁྲུས་དང་བཀའ་བསྒོ་སྟབས་གཅིག་ཏུ་བྱ་ཚུལ་དྲེགས་པ་ཟིལ་གནོན་ཞེས་བྱ་བ་ལ། 7

10 དེའི་སྒོ་ནས་བྱབས་ཁྲུས་བྱེད་ཚུལ་འཆི་མེད་གངྒྰའི་རྒྱུན་བཟང་ལ། 12

11 འཇིགས་བྱེད་དམར་པོ་མདའ་གཞུ་འགེངས་པའི་བསྙེན་སྒྲུབ་སྦྲགས་མ་ཉམས་སུ་ལེན་ཚུལ་ལ། 5

508

12 བླ་མ་དང་འཇམ་དཔལ་ཞི་ཁྲོ་དབྱེར་མེད་པའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་དངོས་གྲུབ་གཏེར་མཛོད་ལ། 13

13 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་བདུད་འཇོམས་དཔའ་བོ་ཆེན་པོ་ལ། 13

དཀར་ཆག་ལ། 2

00958 ཁ

1 འཇིགས་བྱེད་སེར་པོའི་སྒོ་ནས་ཚེ་སྒྲུབ་བྱ་ཚུལ་འཆི་མེད་སྲོག་གི་ཀ་བ་ལ། 3

2 དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁྲུལ་འཁོར་བརྒྱུད་རིམ་དང་འཁོར་ལོ་བཏབ་ཚུལ་ལ། 8

3 འཇིགས་བྱེད་བཅུ་གསུམ་མའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཚུལ་གྱི་ཆོག་བསྒྲིགས་ལ། 6

4 གཤིན་རྗེའི་འཁྲུལ་འཁོར་གྱི་ཐིག་རྩ་ལ། 2

5 དྲུག་ཅུ་མར་གྲགས་པའི་གཏོར་མ་ལ་བརྟེན་ནས་འཕྲིན་ལས་བཞི་སྒྲུབ་ཚུལ་ལ། 8

6 དབྱུ་གུ་དྲུག་ཅུ་རྩ་བཞིའི་གཏོར་མ་ལ་བརྟེན་ནས་མངོན་སྤྱོད་དྲག་པོ་ཟོར་འཕེན་མན་ངག་གནམ་ལྕགས་ཐོག་ཟེར་མྱུར་འབེབས་ལ། 15

7 བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་ཀྱི་སྙིང་པོ་བསྡུས་པ་བདེ་ཆེན་གསལ་སྒྲོན་ལ། 9

8 དྲིལ་བུ་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་དགའ་སྟོན་ལ། 20

9 བདེ་མཆོག་ལྷ་རེ་གཉིས་པའི་ནང་གི་ཐིག་རྩ་དང་དེའི་ཐོག་འབུབས་ཚུལ་དཔྱད་པ་གཟུར་གནས་མཁས་སྙན་ལ། 8

10 བདེ་མཆོག་དཀར་པོའི་སྒོ་ནས་ཚེ་རིལ་སྒྲུབ་ཚུལ་འཆི་མེད་བདུད་རྩིའི་བཅུད་ལེན་ལ། 4

11 དེའི་ཚེ་སྒྲུབ་བྱ་ཚུལ་འཆི་མེད་བདུད་རྩིའི་བུམ་བཟང་ལ། 15

12 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནྰ་རོ་མཁའ་སྤྱོད་མའི་མཆོད་ཕྲེང་རྒྱས་པ་བྱ་ཚུལ་ཁྱད་ཆོས་གསུམ་ལྡན་ལ། 5

13 རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་ཅིང་གསོལ་བ་འདེབས་པའི་ཚིགས་བཅད་དངོས་གྲུབ་མྱུར་འགུགས་ལ། 5

14 དེའི་ལམ་གྱི་སྨོན་ལམ་ཆ་ཚང་སྐལ་བཟང་མཁའ་སྤྱོད་འཛེགས་པའི་ཐེམ་སྐས་ལ། 4

15 རྣལ་འབྱོར་མའི་ལམ་གྱི་སྨོན་ལམ་ཚིག་དོན་ལྷུག་པར་བཤད་པ་མཁའ་སྤྱོད་ཞིང་དུ་འབོད་པའི་ལྷའི་རྔ་དབྱངས་ལ།50

16 དེའི་སྒོ་ནས་མཁའ་འགྲོའི་གྲིབ་སེལ་བྱ་ཚུལ་གངྒྰའི་ཆུ་རྒྱུན་ལ། 5

17 འཁོར་ལོ་སྡོམ་པ་དྲིལ་བུ་ལྷ་ལྔ་དང༌།བླ་མ་ལྷ་སྲུང་གི་སྣང་བརྙན་བཞེངས་ཚུལ་ཡེ་ཤེས་མེ་ལོང་ལ། 12

18 བྱང་ཆུབ་ལམ་རིམ་གྱི་ཤར་བསྒོམ་ཟིན་བྲིས་སྐལ་ལྡན་རེ་སྐོང་ལ། 19

19 ཉིན་ཞག་ཕྲུགས་གཅིག་ལ་དགེ་སྦྱོར་བྱ་ཚུལ་ལེགས་བཤད་རིན་ཆེན་ཕྲེང་བ་ལ། 27

20 མདོ་སྨད་བསྟན་པའི་བདག་པོ་བཙན་པོ་ཧོ་ཐོག་ཐུ་སྐལ་བཟང་ཐུབ་བསྟན་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་ནས་

བཀའ་འདྲི་གནང་བའི་ལན་མུན་ནག་མདའ་འཕེན་ལ། 14

21 ཀུན་རིག་གི་བསྙེན་པ་བྱ་ཚུལ་རབ་གསལ་ཉི་མའི་སྣང་བ་ལ། 13

22 རྗེ་བཙུན་ཡིད་བཞིན་འཁོར་ལོ་ལ་བརྟེན་པའི་ཞི་བའི་སྦྱིན་སྲེག་མདོར་བསྡུས་བྱ་ཚུལ་ལ། 12

23 གཟུངས་སྔགས་མཁོ་ཆེ་བ་འགའ་ཞིག་ཀློག་འདོན་བྱ་ཚུལ་ལེགས་བཤད་སྨྲ་བའི་ཉིན་བྱེད་ལ། 24

24 ཁྲི་གུང་ཐང་པ་ཆེན་པོས་མཛད་པའི་སྡོམ་ཚིག་གི་སྒོ་ནས་སྡོམ་གསུམ་གྱི་མི་མཐུན་ཕྱོགས་དྲན་ཚུལ་ཐུབ་བསྟན་

པད་མོའི་མཛེས་ལྡན་ལ། 24

25 བསླབ་བྱ་མཐོང་བ་དོན་ལྡན་ལ། 14

26 མཆོད་རྟེན་གྱི་ཐིག་རྩ་བཀླགས་པའི་སྒྲུབ་པ་ལ། 9

27 མགོན་དཀར་གྱི་བུམ་ཐོད་འཁོར་ལོ་སྒྲུབ་ཚུལ་འདོད་རྒུའི་ཆར་འབེབས་ལ། 12

28 ནོར་གྱི་དབང་ཕྱུག་ཛམྦྷ་ལ་སེར་པོ་གཙོ་རྐྱང་དང་ནོར་རྒྱུན་སེར་མོའི་བུམ་པ་སོ་སོར་བྱ་ཚུལ་འདོད་རྒུའི་འབྱུང་

གནས་ལ། 11

དཀར་ཆག་ལ། 2

00959 ག

1 ཉེ་བརྒྱུད་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་ཚེ་དབང་བསྐུར་ཚུལ་གནས་གསུམ་མཁའ་འགྲོའི་ཞལ་ལུང་ལ། 31

2 ཁྱིའུ་རིན་ཆེན་ཟླ་བས་ཞུས་པའི་མདོ་དོན་ཉམས་སུ་ལེན་ཚུལ་དོན་གཉིས་དོན་གྲུབ་ལ། 4

3 དབྱངས་ཅན་མ་དཀར་མོའི་བསྙེན་ཡིག་མདོར་བསྡུས་ལ། 4

4 དཔལ་ལྡན་ལྷ་མོ་ལ་བརྟེན་ནས་ཤོ་མོ་འདེབས་ཚུལ་ནོར་བུའི་མེ་ལོང་ལ། 24

5 འཇིག་རྟེན་པའི་ལྷ་རྟེན་ནང་དུ་འཇུག་རྒྱུའི་བུམ་པ་སྒྲུབ་ཚུལ་ལ། 6

6 བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལ་འཇམ་དབྱངས་བླ་མས་འགྱུར་བཅོས་མཛད་པ་ལ། 11

7 སུམ་ཅུ་བའི་རྩ་བ་ལེགས་བཤད་ལྗོན་དབང་ལ། 1

8 དེའི་འགྲེལ་པ་ལ། 10

9 རྟགས་ཀྱི་འཇུག་པའི་སྙིང་པོའི་དོན་མདོ་ཙམ་བརྗོད་པ་དཀའ་གནས་གསལ་བའི་མེ་ལོང་ལ། 5

10 བོད་ཡིག་གི་གནས་དང་བྱེད་རྩོལ་ངོས་འཛིན་གསར་པའི་གཏམ་གྱི་མྱུ་གུ་ལ། 3

11 མིང་གཅིག་དོན་མང་ལ་འཇུག་ཚུལ་བཤད་པ་བློ་གསལ་མགྲིན་ལྡན་ལ། 5

12 རྗེ་བོད་མཁས་པའི་གབ་ཚིག་དཔེར་བརྗོད་ལོགས་སུ་བཀོལ་ཏེ་བཤད་པ་པཎ་ཆེན་བླ་མའི་ཞལ་ལུང་ལ། 8

13 གསུང་ཐོར་བུ་ཕྱོགས་བསྒྲིགས་ལ། 9

14 རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པ་དབྱངས་ཅན་གྲུབ་པའི་རྡོ་རྗེ་དཔལ་བཟང་པོའི་གསུང་ཐོར་བུ་ཕྱོགས་གཅིག་ཏུ་

བསྒྲིགས་པ་ལ། 41

15 སྐྱབས་མགོན་པཎ་ཆེན་བསྟན་པའི་ཉི་མའི་མཚན་སྔགས་བྱིངས་ནས་བསྒྲུབས་པ་ལ། 11

16 པཎ་ཆེན་མཆོག་གི་སྦྲུལ་སྐུའི་མཚན་སྔགས་སྒྲུབ་བྱས་པ་ལེགས་བཤད་རིན་ཆེན་ཕྲེང་བ་ལ། 5

17 ཟམ་པར་རབ་གནས་བྱ་ཚུལ་འགྱུར་མེད་རྡོ་རྗེའི་ལྷུན་པོ་ལ། 5

18 ཞྭ་སེར་བསྟན་པའི་གསལ་བྱེད་ཧོར་ཁང་གསར་སྦྲུལ་སྐུ་ནས་བཀའ་འདྲི་གནང་བའི་ལན་བྲིས་པའི་མར་མེ་ལ། 9

19 སད་སྲུང་རིལ་བུ་སྒྲུབ་ཚུལ་ལ། 3

20 ཟབ་ལམ་གཅོད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་མྱུར་འཇུག་ལ། 4

21 གྲྭ་ཚངས་ཆེན་མོའི་ཆོས་བདག་རྒྱལ་པོར་གསོལ་མཆོད་མདོར་བསྡུས་བྱ་ཚུལ་ལ། 3

22 ཞུ་འཕྲིན་གྱི་རིམ་པ་ཁ་ཤས་ལ། 12

23 དགེ་སློང་བློ་བཟང་ཆོས་འཕེལ་གྱི་དབྱངས་ཆུང་འགའ་ཞིག་ལ། 8

24 ཚོགས་མཆོད་རྒྱ་ཆེར་འབུལ་ཚུལ་མདོར་བསྡུས་མཁའ་འགྲོ་དགྱེས་བྱེད་ལ། 3

25 རྡོ་རྗེ་ཁྱུང་ལུང་མ་ཞི་དྲག་དང་རྒྱལ་པོ་ལི་བྱིན་ཧ་ར་གཉིས་ལ་མཆོད་གཏོར་འབུལ་ཚུལ། 9

26 བློ་བཟང་འཇིགས་མེད་དབང་པོའི་མཚན་བསྟོད་མཚན་སྔགས་ཡུན་བརྟན་ཚིགས་བཅད་ལ། 3

27 གྲུབ་དབང་སྦྲུལ་སྐུ་རིན་པོ་ཆེའི་བརྟན་བཞུགས་ལ། 1

28 དམ་པ་འགའ་ཞིག་གི་བརྟན་བཞུགས་ལ། 7

29 རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ཐིག་རྩ་གསར་པའི་ལེགས་བཤད་ལ། 3

30 འོད་དཔག་མེད་ཀྱི་འཕོ་བ་བཀའ་རྒྱ་མའི་བཀའ་ཟིན་ལ། 10

31 ཀླུ་གཏོར་མདོར་བསྡུས་གཏོང་ཚུལ་བདུད་རྩིའིརྒྱ་མཚོ་ལ། 6

32 བྱང་ཆུབ་ལྟུང་བཤགས་དང་སྦྱི་བཤགས་གཉིས་ཀྱི་ཟིན་བྲིས་ཐར་འདོད་སྙིང་གི་དགའ་སྟོན་ལ། 15

33 དགའ་ལྡན་རྩིས་གསར་ལས་ཉི་ཟླ་སྒྲ་གཅན་འཇུག་ཚུལ་གཟུར་གནས་མཁས་པ་དགྱེས་པའི་མཆོད་སྤྲིན་ལ། 13

34 རྒྱ་ནག་ས་གླང་བརྟག་ཚུལ་ལེགས་བཤད་ཡོངས་འདུའ་ཤང་དབང་ལ། 7

35 རྩིས་ཀྱི་འཁོར་ལོའི་གསལ་བྱེད་ལ། 2

36 ངོ་མཚར་རེའུ་མིག་ལས་ཞི་གཉིས་རྐང་འཛིན་ལ། 3

37 ཞི་གཉིས་དལ་དག་ལ། 3

38 བཀྲ་ཤིས་དལ་དག་ལ། 2

39 བླ་མའི་དལ་དག་ལ། 4

40 ཉི་བུའི་དལ་དག་ལ། 5

41 གཟའ་ལྔའི་མྱུར་རྐང་ལ། 5

དཀར་ཆག་ལ། 2

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེའམ་བློ་བཟང་ཆོས་འཕེལ་ནི་གཙང་གཡས་རུའི་བྱེ་བྲག་བཀྲ་ཤིས་དགེ་འཕེལ་གླིང་གི་ཉེ་འདབས་སྔོན་དུས་འཇད་ཅེས་གྲགས་ཀྱང༌།རྗེས་སུ་སློབ་དཔོན་པདྨས་ཡུལ་དེའི་ཆེ་བའི་དགེ་མཚན་ལ་ཞལ་འཛུམ་ལན་གསུམ་གྲོལ་བས་བཞད་ཅེས་པའི་མིང་ཐོབ་པ་དེར་ཡིན་ལ་ཡབ་དྷརྨ་བྷ་དྲའི་གཅུང་བཀྲ་ཤིས་དང༌།ཡུམ་ཚེ་རིང་སྲི་ཆོད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ས་མོ་སྦྲུལ་1809 ལོའི་ཟླ་བ་བཅུ་པའི་ཚེས་བཅོ་ལྔའི་དགོངས་མོར་སྐུ་བལྟམས།མཚན་འཇམ་དབྱངས་རྡོ་རྗེ་བཏགས།དགུང་ལོ་ལྔ་པ་ར་ཁུ་བོ་བྷསྦྱ་བྷ་དྲའི་དྲུང་དུ་ཀ་ཁ་སྦྱོང་བའི་འགོ་བཙུགས་ནས་ལོ་དྲུག་ཙམ་རིང་བླ་མའི་མདུན་གསན་སྦྱོང་བྱས་པས་སྦྱོར་སྡེབ་བློ་འཛིན་སོགས་ལ་ཐོགས་པ་མེད་པར་གྱུར།དགུང་ལོ་བཅུ་པར་བླ་མའི་གཟིམ་ཕུག་གི་ཉེ་འགྲམ་རྒྱ་མ་བྲག་ཕུག་ཅེས་པར་ཐོབ་རྒྱལ་བླ་མ་ངག་དབང་སྙན་གྲགས་མདུན་གསན་སྦྱོང་མཛད་པར་ཕེབས།ཟས་གོས་སོགས་ཀྱི་མཐུན་རྐྱེན་ཚང་མ་ཁུ་བོ་བླ་མ་ནས་སྦྱར།རྩིས་ཀྱིས་རིས་དང་སྙན་ངག་བཅས་ལ་མཁོ་བའི་མངོན་བརྗོད་སྣ་ཚོགས་བློ་འཛིན་མཛད།སྐབས་དེར་ཡུམ་གྱི་མ་ཧ་ཅང་ག་ཅེས་པའི་སྦྱོ་མོ་ཞིག་ཡོད་པ་འདས་ནས་རང་ཁྱིམ་དུ་སྐོར་ཙམ་ཕེབས།དེ་འཕྲལ་ཚུལ་ཕེབས་ཏེ་གསན་སྦྱོང་ལ་འབད།དགུང་ལོ་བཅུ་གཅིག་ལ་ཕེབས་སྐབས་བཀྲ་ཤིས་དགེ་འཕེལ་དགོན་ནས་གྲྭ་ཁྲལ་སྡུད་པར་བརྟེན་ཁོང་ཡང་གྲྭ་ཁྲལ་ཁོངས་ནས་གྲྭ་བཙུན་མཛད།དཀའ་ཆེན་དཀོན་མཆོག་ཆོས་འཕེལ་མདུན་དུ་སྐྲ་ཕུད་ཕུལ།མིང་བློ་བཟང་ཆོས་འཕེལ་བཏགས།དགུང་ལོ་བཅུ་གཉིས་པར་དཀའ་ཆེན་དེའི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་མནོས།དེ་ནས་བཟུང་རྗེ་མི་ལའི་རྣམ་མགུར་དང་རོ་སྒྲུང་སོགས་དང་ཐིག་ཚད་དང་བློས་བསླངས་བཅས་མཐར་ཕྱིན་པར་སྦྱངས།དགུང་ལོ་བཅུ་བདུན་པར་ཡབ་ཚོང་ལ་ཕེབས་པ་ཇག་པས་བཅོམ་ནས་བཀྲོངས།མ་དང་ནུ་མོ་བཅས་རྗེས་སུ་ལུས།ཁོང་མ་སྨད་སྐྱོ་ངལ་ཚད་མེད་ཀྱིས་མནར།དགུང་ལོ་ཉི་ཤུར་ཕེབཔ་ན་ཤར་འབྲོག་ན་མོ་ཆེ་ནས་བྱང་སྟ་སྒོའི་བར་གྱི་འབྲོག་སྡེ་རྣམས་སུ་དབྱར་ཁར་དགོན་པའི་དཀར་སྡུད་ལ་སོང་ནས་ཟླ་བ་གསུམ་ཙམ་འགོར།དེ་ནས་དགོན་པའི་ཚོགས་ཤིང་གཉེར་པ་ལོ་འགའ་མཛད།མདོར་ན་དགོན་པར་དགུང་ལོ་བཅུ་གཅིག་ནས་བཅུ་དགུའི་བར་ལོ་བརྒྱད་རིང་འདོན་རྟ་དབྱངས་རོལ་མོ་སོགས་ནས་བློ་འཛིན་དགོས་རིགས་ཚང་མ་ལེགས་པར་གྲུབ་ཅིང༌།དབང་ལུང་སོགས་ཀྱང་མང་པོ་ཐོབ་བོ།།དགུང་ལོ་བཅུ་དགུ་པ་ནས་བཟུང་བླ་མ་དྷརྨ་བྷ་དྲའི་ཞབས་ཞུ་པ་མཛད་དེ་སྒྲ་དང་རྩིས་སྙན་ངག་དང་སུམ་རྟགས།མདོ་དང་སྔགས་ཀྱི་གཞུང་ཆེན་མོ་རྣམས་སྦྱོང་བའི་དབུ་བཙུགས།དགུང་ལོ་སོ་བཞི་པར་བླ་མའི་མདུན་སྙན་ངག་དང་སྒྲ་ཀ་ལ་པའི་རྒྱུགས་སྤྲུལ་བས་བླ་མས་ཐུགས་དགྱེས་པ་ཆེན་པོས་ལེགས་སོ་དང་བཅས་ལྷ་རྫས་སྲིད་དུ་རིང་བ་མགུལ་བར་གསོལ་ཏེ།མཚན་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞེས་པ་གནང༌།དེ་ནས་བཟུང་མཚན་དེ་ཀུན་བཤད་མིང་དུ་གྱུར།ལོ་དེའི་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ཉིན་བླ་མ་ཆོས་བཟང་དྷརྨ་བྷ་དྲའི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས།དེ་ནས་བཟུང་དགེ་སློང་གི་བསླབ་བྱའི་ཁྲིད་སོགས་འདུལ་བའི་སྐོར་གྱི་ཟབ་ཁྲིད་རྒྱ་མཚོ་ལྟ་བུ་གསན།བླ་མའི་ཐུགས་ལ་ཟབ་ཆོས་བཞུགས་དགུ་བུམ་པ་གང་བྱོའི་ཚུལ་གྱིས་ཞུས་ཤིང་རིག་གནས་ཆེ་ཕྲ་ཀུན་ལ་མཁས་པའི་ཡང་རྩེར་སོན།བླ་མའི་གསུང་རྩོམ་འགའི་ཡི་གེ་པའང་ཁོང་གིས་མཛད།དགུང་ལོ་ཞེ་གསུམ་ལྕགས་མོ་ཕག་གི་ལོར་བླ་མ་དམ་པ་དགོངས་པ་ཆོས་དབྱིངས་སུ་ཐིམ།ལོ་ཉེར་བཞི་ཙམ་བླ་མའི་སྐུ་ལ་འབྲལ་མེད་བཅར་ནས་བཞུགས་པའི་དབང་གིས་ཐུགས་སྐྱོ་བ་ཚད་མེད་ངང་ནས་པུར་ཁང་བརྩེགས་པ་དང་དངུལ་གྱི་གདུང་རྟེན་བཞེངས་པ་སོགས་དགོངས་རྫོགས་ཀྱི་བྱ་བ་ཚང་མ་ལེགས་པར་བསྒྲུབས།བླ་མའི་རྗེས་འཛིན་མཛད་དེ་གདན་ས་རྒྱ་བསྐྱེད་དང་སྐུ་གསུང་ཐུགས་རྟེན་གསར་བཞེངས་མཛད་པར་མ་ཚད་བླ་མའི་གསུང་འབུམ་རྣམས་པར་བརྐོས་དང་ལྗགས་ཞུ་སོགས་ཀྱང་ལེགས་པར་མཛད།དགུང་ལོ་རེ་གཅིག་པར་ས་སྐྱ་དང་བཀྲས་ལྷུན་བརྒྱུད་དབུས་ལྷ་ལྡན་དུ་ཕེབས།དབུས་ཀྱི་དགོན་གནས་དང་རྟེན་ཁྱད་འཕགས་རྣམས་ལ་ཕྱུག་མཆོད་དང༌།གདན་ས་གསུམ་གྱི་བླ་ཆེན་རྣམས་དང་བཀའ་བློན་བཤད་སྒྲ་སོགས་དཔོན་ཆེན་རྣམས་ལ་དམ་པའི་ཆོས་ཀྱི་་བདུད་རྩི་ཕུལ།ལོ་གཅིག་ལྷག་ཙམ་འགོར་རྗེས་དགུང་ལོ་རེ་གཉིས་པར་གདན་སར་ཕྱིར་ཕེབས།བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དགེ་ལྡན་བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས།གངས་ཅན་མཁས་པ་ཡོངས་ཀྱིས་གཙུག་གི་ཏོག་ལྟར་བཀུར།ཁོང་དགུང་ལོ་བདུན་ཅུ་དོན་དགུ་སྟེ་མེ་མོ་ཕག 1887 ལོའི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་དྲུག་ལ་སྐུ་གཤེགས།འདིར་གསུང་འབུམ་པོད་གསུམ་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།